Compounded phenomena
རང་གི་རྒྱུ་རྐྱེན་ལས་སྐྱེས་པས་རབ་ཏུ་ཕྱེ་བར་དམིགས་པ། འདུས་བྱས་ཀྱི་མཚན་ཉིད།
Definition: That observed as that distinguished by being produced from its causes and conditions.
གཟུགས་ཕུང་ནས་རྣམ་ཤེས་ཀྱི་ཕུང་པོའི་བར་ལྔ།
Divisions: The Five Aggregates
འདུས་བྱས་དང་ཕུང་པོ་དོན་གཅིག
Compounded phenomenon and aggregate are mutually inclusive.
ཕུང་པོ་དང་དངོས་པོ་དོན་མི་གཅིག་སྟེ། འདུས་མ་བྱས་ཀྱི་དངོས་པོ་ཡོད་པའི་ཕྱིར།
Aggregate and functioning thing are not mutually inclusive because uncompounded functioning things exist.
Synonyms: འདུས་བྱས་ཀྱི་མིང་གི་རྣམ་གྲངས་ཡིན།
- Time (དུས།): Because of being the time of having past, not yet come, and exhausting impermanent phenomena དུས་ཞེས་བྱ་སྟེ། སོང་ཟིན་པ་དང༌། མ་འོངས་པ་དང༌། མི་རྟག་པ་ཟད་པའི་དུས་ཡིན་པའི་ཕྱིར།
- Basis of discourse (གཏམ་གྱི་གཞི།): Because discourses are mostly connected with and arises on the basis of those གཏམ་གྱི་གཞི་ཞེས་བྱ་སྟེ། གཏམ་རྣམས་ཕལ་ཆེར་ཁྱོད་ཀྱི་སྟེང་ནས་འབྱུང་ཉེ་ཞིང་འབྲེལ་ཆེ་བའི་ཕྱིར།
- Possessing definitive emergence (ངེས་པར་འབྱུང་བཅས།): Because in order to attain nirvana without remainder, it is necessary to definitively emerge from those
ངེས་པར་འབྱུང་བཅས་ཞེས་བྱ་སྟེ། ལྷག་མེད་མྱང་འདས་འཐོབ་པ་ལ། ཁྱོད་ལས་ངེས་པར་འབྱུང་དགོས་པའི་ཕྱིར། - With basis (གཞི་དང་བཅས་པ།): Because of arising from their causes གཞི་དང་བཅས་པ་ཞེས་བྱ་སྟེ། རང་གི་རྒྱུ་ལས་བྱུང་བའི་ཕྱིར།
རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པས་ན་འདུས་བྱས།
Etymology: Due to being created through the gathering and meeting of conditions
Up a level: Abhidharma