Karma increases
དགེ་བའི་ལས་ཆུང་ངུ་ལས་ཀྱང༌། ཁོང་ཁྲོ་ལྟ་བུས་མ་བཅོམ་ན་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་ལ། མི་དགེ་བའི་ལས་ཆུང་ངུ་ལས་ཀྱང༌།
གཉེན་པོས་མ་བཅོམ་ན་འབྲས་བུ་སྡུག་བསྔལ་ཆེར་འབྱུང་སྟེ། ནང་གི་རྒྱུ་འབྲས་ཀྱི་འཕེལ་འགྲིབ་ཕྱིའི་རྒྱུ་འབྲས་ལ་མེད་པའི་ཕྱིར།
From even a small virtuous karma, if not destroyed by anger, great resultant happiness will arise; from even a small non-virtuous karma, if not destroyed by an antidote, great resultant suffering will arise. This is because the increase and decrease of inner causality does not exist for external causality.
ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕལ་ཆེར་འཇིགས་ཆེན་དང༌། །ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་དུ་སོང་བའི་དུག་བཞིན་ནོ།
བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕལ་ཆེར་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས།
The Udānavarga says:
From creating even a small negativity, most of the world will greatly fear and create great problems; like an ingested poison. From creating even small merit, most of the world will be led to great happiness and great accomplishments; like the excellent harvest from the seeds.
Up a level: Karma