The Five Aggregates
དུ་མ་སྤུངས་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། ཕུང་པོའི་མཚན་ཉིད།
Definition of aggregate: That distinguished by abiding in the class of the aggregation of many.
Divisions (5): དབྱེ་ན་གཟུགས་ཕུང་སོགས་ལྔ།
- Form aggregate གཟུགས་ཀྱི་ཕུང་པོ།
- Feeling aggregate ཚོར་བའི་ཕུང་པོ།
- Discrimination aggregate འདུ་ཤེས་ཀྱི་ཕུང་པོ།
- Compositional factors aggregate འདུ་བྱེད་ཀྱི་ཕུང་པོ།
- Consciousness aggregate རྣམ་ཤེས་ཀྱི་ཕུང་པོ།
སེམས་བྱུང་རྣམས་ཀྱི་ནང་ནས་ཚོར་བ་དང་འདུ་ཤེས་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ།
There is a reason that, among the mental factors, Feelings and Discriminations are posited as separate aggregates:
- Contaminated Feelings and Discriminations are the root of quarelling and are the main cause in dependence upon which one is born in samsara
ཟག་བཅས་ཀྱི་ཚོར་འདུ་གཉིས་རྩོད་པའི་རྩ་བར་གྱུར་པ་དང༌། དེ་ལ་བརྟེན་ནས་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། - They are indicated separately due to the order of the five aggregates in terms of coarseness and so forth (the feeling aggregate coming after the form aggregate and so forth)
གཟུགས་ཕུང་གི་རྗེས་སུ་ཚོར་ཕུང་རགས་པ་སོགས་ཕུང་པོ་ལྔའི་གོ་རིམ་གྱི་དབང་གིས་དེ་གཉིས་ཕུང་པོ་ལོགས་སུ་བསྟན་པའི་ཕྱིར།
དང་པོ་གྲུབ་སྟེ། འདོད་པ་ལ་སྲེད་ཞེན་གྱི་དབང་གིས་ཁྱིམ་པ་རྣམས་ནོར་རྫས་ལ་སོགས་པ་རྣམ་པ་རྩོད་པའི་ཕྱིར་དང༌།
ལྟ་བ་ལ་ཆགས་སྡང་གི་དབང་གིས་རབ་ཏུ་བྱུང་བ་རྣམས་རང་ལུགས་ལ་ཆགས་པས་སྒྲུབ། གཞན་ལུགས་ལ་སྡང་བས་སུན་འབྱིན་པའི་ཕྱིར།
The first is established because:
- It is due to craving for the desire-realm objects that householders quarrel regarding money, things, and so forth
- It is due to attachment and aversion to views that the ordained established their own-system with attachment and refute others' systems with aversion.
འདུས་མ་བྱས་ལ་ཁམས་དང་སྐྱེ་མཆེད་བཞག་ནས་ཕུང་པོ་མི་འཇོག་བའི་རྒྱུ་མཚན་ཡོད་དེ། ཕུང་པོའི་དོན་དུ་མ་སྤུངས་པ་ཡིན་ལ། འདུས་མ་བྱས་ལ་དེ་མེད་པའི་ཕྱིར།
There is a reason for positing uncompounded phenomena among the constituents and sources but not among the aggregates: Because the meaning of "aggregate" is the aggregation of many but uncompounded phenomena lack that.
འདུས་མ་བྱས་ཡིན་ན་རང་གི་ཕུང་པོ་མེད་པས་མ་ཁྱབ་སྟེ། ཟག་མེད་ཆོས་ཅན། ཐལ་ཕྱིར།
If it is an uncompounded phenomenon, then it is not pervaded by the non-existence of an aggregation of it; the subject - uncontaminated - that follows because of that.
The order of the five aggregates is decidedly definite because: ཕུང་པོ་ལྔའི་གོ་རིམས་མཐའ་གཅིག་ཏུ་ངེས་ཏེ།
- It is definite in terms of coarse to subtle རགས་པ་དང་ཕྲ་བའི་སྒོ་ནས་ངེས།
- It is definite in accordance with the order of the arising of the thoroughly afflicted
ཀུན་ནས་ཉོན་མོངས་སྐྱེ་བའི་རིམས་པ་དང་མཐུན་པར་ངེས་པའི་ཕྱིར། - It is definite in accordance with the order of consuming food ཟས་ལ་ལོངས་སྤྱོད་པའི་རིམས་པ་དང་མཐུན་པར་ངེས།
- It is definite in accordance with the order of the three realms ཁམས་གསུམ་གྱི་རིམ་པ་དང་མཐུན་པར་ཡང་ངེས་པའི་ཕྱིར།
བྱེ་བྲག་སྨྲ་བས་ཕུང་པོ་ལྔ་རྫས་ཐ་དད་དུ་འདོད།
Vaibhashikas assert the five aggregates as different substances.
མདོ་སྡེ་པས་འདུ་བྱེད་ཀྱི་ཕུང་པོ་དང༌། ཕུང་པོ་གཞན་བཞི་རྫས་ཐ་དད་དུ་འདོད་དེ།
གཟུགས་དང་གཟུགས་ཀྱི་མི་རྟག་པ་རྫས་གཅིག་ཡིན་པ་བཞིན་དུ། ཕུང་པོ་ཡིན་ན་རང་གི་མི་རྟག་པ་དང་རྫས་གཅིག་ཡིན་དགོས་པའི་ཕྱིར། ཞེས་འདོད་དོ།
The Sautrantikas assert the compositional factors aggregate and the other four aggregates as different substances because just like form and the impermanence of form are one substance; if it is an aggregate, it is necessarily one substance with its impermanence.
སེམས་ཙམ་པས་ཕུང་པོ་ལྔ་རྫས་གཅིག་ཏུ་འདོད་དོ།
The Cittamatrins assert the five aggregates as one substance.
Up a level: Abhidharma