The four great elements

འབྱུང་བ་ཡང་ཡིན། སྲ་ཞིང་འཐས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ་ཡང་ཡིན། བརླན་ཞིང་གཤེར་བ་དེ་ཡང་ཡིན། ཚ་ཞིང་སྲེག་པ་དེ་ཡང་ཡིན།
ཡང་ཞིང་གཡོ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་རིམ་པ་བཞིན་དུ། ས་ཆུ་མེ་རླུང་གི་མཚན་ཉིད།
Definitions: The common locus of:

  1. Being an element; and
  2. Being:
    1. Earth: hard and obstructive; or
    2. Water: wet and moistening; or
    3. Fire: hot and burning; or
    4. Wind: light and moving; or

སྲ་བ་སོགས་བཞི་གས་ངོ་བོ་མཚོན། འཐས་པ་སོགས་བཞི་གས་བྱེད་ལས་མཚོན་ཏེ།
The four of "hard" and so forth illustrate their nature and the four of "obstructive" and so forth illustrate their function because:

འབྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལས་འབྲས་གཟུགས་རྣམས་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར།
Reason for referring to them as "elements" [i.e. "arising"]: Due to their resultant forms arising from those.

ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡོད་པ་རྒྱ་ཆེ། རྟེན་པ་ལྟོས་པ་ཆེ། གནས་པ་ཐ་གྲུ་ཆེ་བས་དེ་ལྟར་བརྗོད་པའི་ཕྱིར།
Reason for referring to them as "great": Due to their existence being vast, their support being great, and their abiding being extensive.

འབྱུང་བས་འབྱུང་འགྱུར་ལ་བྱ་བ་བྱེད་ཚུལ་ཡོད་དེ། སྐྱེད། རྟེན། གནས། རྟོན། འཕེལ་བའི་བྱ་བ་བྱེད་པའི་ཕྱིར།
The way in which elements function wrt arisen from elements: They function to produce, support, abide, rely, and increase.

འབྱུང་བ་བཞི་པོ་དེ་ལ་ཁམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་རང་གི་མཚན་ཉིད་འཛིན་ཅིང༌། རང་གི་འབྲས་བུ་སྐྱེད་པའི་དོན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ།
There is a reason for referring to those for as "constituents": Due to holding their respective characteristics and producing their respective results.


Up a level: Tangible-source