Three Jewels

སངས་རྒྱས་སུ་བྱེད་པའི་བྱེད་ཆོས་སུ་གྱུར་པའི་གཟུགས་སྐུའི་རྒྱུད་ཀྱི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སངས་རྒྱས་དཀོན་མཆོག་ཡིན་གྱི།
གཟུགས་སྐུ་དེ་སངས་རྒྱས་དཀོན་མཆོག་མ་ཡིན་ཏེ། སྐབས་འདིར་ལོངས་སྐུ་ཁས་མི་ལེན།
བདག་ཅག་གི་སྟོན་པ་ལྟ་བུ་རྒྱལ་པོ་གཞོན་ནུ་དོན་གྲུབ་ཀྱི་ཕུང་པོའི་རྒྱུན་ཡིན་པས་སྡུག་བདེན་ཡིན་པའི་ཕྱིར།
The exalted wisdom of [knowing] exhaustion and non-arising in the continuum of the Form Body that is posited as Buddha is the Buddha Jewel; the Form Body is not the Buddha Jewel because in this context an Enjoyment Body is not asserted; since our Teacher, for example, is of the same continuum of aggregates as Prince Siddhartha, it is a true suffering.

དགེ་འདུན་དེའི་བྱེད་ཆོས་སུ་གྱུར་པའི་སློབ་པ་དང་མི་སློབ་པའི་རྒྱུད་ཀྱི་ལམ་བདེན་དགེ་འདུན་དཀོན་མཆོག་ཡིན་གྱི།
ཟུང་བཞི་ཡ་བརྒྱད་དགེ་འདུན་དཀོན་མཆོག་མ་ཡིན་ཏེ། ཟག་བཅས་ཡིན་པའི་ཕྱིར།
The true paths in the continua of Learners and Non-learners that are posited as Sangha are the Sangha Jewel; the four pairs and eight individuals are not the Sangha Jewel because they are contaminated.

འགོག་བདེན་ཆོས་དཀོན་མཆོག་ཡིན་གྱི། ལུང་རྣམས་ཆོས་དཀོན་མཆོག་མ་ཡིན་ཏེ། ཟག་བཅས་ཡིན་པའི་ཕྱིར།
True cessations are the Dharma Jewel; scriptures are not the Dharma Jewel because they are contaminated.

རྟོགས་པའི་ལམ་བདེན་རྣམས་དགེ་འདུན་དཀོན་མཆོག་ཏུ་བགྲང་ཟིན་གྱི། དགེ་འདུན་མ་ཡིན་ཏེ།
བསྙེན་པར་རྫོགས་པའི་གང་ཟག་བཞི་ཚོགས་པ་མ་ཡིན་པའི་ཕྱིར། ཆོས་དཀོན་མཆོག་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར།
True paths of realisation are counted among Sangha Jewel but are not Sangha because of not being a collection of four fully ordained. They are not Dharma Jewel because of being compounded.


Up a level: Abhidharma