Time measurement units
The way of counting years, eons, and so forth: ལོ་བསྐལ་པ་སོགས་རྩོམ་ཚུལ་ནི།
- 120 x shortest instant = an instant དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག
- 60 x instant = a kṣaṇam (thang) དེ་དྲུག་ཅུ་ལ་ཐང་གཅིག
- 30 x kṣaṇam = muhūrta (yutsam) ཐང་གཅིག་སུམ་ཅུ་ལ་ཡུད་ཙམ།
- 30 x muhūrta = ahorātraṁ (24hr day) ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག
- 30 x ahorātraṁ = māsa (month) དེ་སུམ་ཅུ་ལ་ཟླ་བ་ཞག
- 12 x māsa (with some additions and subtractions) = varṣa (year) མི་ཐུབ་དོར་བ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོར་རྩི།
There are five types of eons: བསྐལ་པ་ལ་ལྔ་ཡོད་དེ།
- Eon of destruction འཇིག་པའི།
- Eon of remaining destroyed ཞིག་ནས་འདུག་པའི།
- Eon of creation ཆགས་པའི།
- Eon of abiding གནས་པའི།
- A great eon བསྐལ་ཆེན་རྣམས་སུ་ཡོད་པའི་ཕྱིར།
དང་པོ་བཞི་རེ་རེ་ལ་བར་བསྐལ་ཉི་ཤུར་ཡོད། བསྐལ་ཆེན་ལ་བར་བསྐལ་བརྒྱད་ཅུ་ཡོད་དོ།
Each of the first four = 20 x intermediate eon; a great eon = 80 x intermediate eon.
The eon of destruction can be posited as: འཇིག་པའི་བསྐལ་པ་བཞག་ཏུ་ཡོད་དེ།
- The eon of destruction by fire: starting from no sentient beings being newly born in avīci-hell and up to the thousand celestial mansions of the Brahma realms;
མནར་མེད་དུ་སེམས་ཅན་གསར་སྐྱེ་མེད་པ་ནས་བཟུང་སྟེ། ཚངས་པའི་གཞལ་མེད་ཁང་སྟོང་གི་བར་དེ་མེས་འཇིག་པའི་བསྐལ་པ། - Destruction by water: starting from that and up to the thousand celestial mansions of Clear Light [i.e. second concentration];
སྔ་མ་ནས་བཟུང་སྟེ། འོད་གསལ་གྱི་གཞལ་མེད་ཁང་སྟོང་གི་བར་དུ་ཆུས་འཇིག་པ། - Destruction by wind: up to the thousand celestial mansions of Vast Virtue [i.e. third concentration].
དགེ་རྒྱས་ཀྱི་གཞལ་མེད་ཁང་སྟོང་གི་བར་རླུང་གིས་འཇིག་པ་ཡིན་པའི་ཕྱིར།
ཆགས་པའི་བསྐལ་པ་བཞག་ཏུ་ཡོད་དེ། འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པ་ནས་བཟུང་སྟེ།
མནར་མེད་དུ་སེམས་ཅན་གཅིག་གསར་དུ་སྐྱེས་པའི་བར་ལ་བར་བསྐལ་ཉི་ཤུ་ཡོད། དེ་ལྟ་བུ་ཡིན་པའི་ཕྱིར།
The eon of creation can be posited as: starting from the creation of the foundation of the wind mandala and up to a single sentient being being newly born in avīci-hell, all over the course of twenty eons.
The eon of abiding can be posited as: གནས་པའི་བསྐལ་པ་བཞག་ཏུ་ཡོད་དེ།
- When the incalculable lifespan decreases to eighty-thousand years, then the abiding begins;
ཚེ་ལོ་དཔག་མེད་ཐུབ་པ་བརྒྱད་ཁྲིར་བྲི་བ་ལས་ཆགས་པའི་གཞུག་རྫོགས། གནས་པའི་འགོ་ཚུགས་པ་ཡིན་ལ། - Starting from that and up to the final moment of the lifespan being ten years takes one intermediate eon and is called the primary phase;
དེ་ནས་བཟུང་སྟེ། ཚེ་ལོ་བཅུ་པའི་སྐད་ཅིག་ཐ་མ་ལ་ཐུག་པའི་བར་ལ་བར་བསྐལ་གཅིག་ཡོད། དེ་ལ་དུས་ཀྱི་ཡ་ཐོག་རིང་མོ་ཟེར། - Then, each cycle of increasing to eighty-thousand and decreasing to ten takes one intermediate eon and these are called the eighteen intermediate cycles;
དེ་ནས་བརྒྱད་ཁྲིའི་བར་དུ་ཡར་སྐྱེ་བཅུའི་བར་དུ་མར་བྲི་བ་ལ་རེ་རེ་ལ་བར་བསྐལ་རེ་རེར་བྱས་པ་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཟེར། - Then, there is one intermediate eon during which lifespan increases up to eighty-thousand years; this is called the final phase.
དེ་ནས་ཚེ་ལོ་བརྒྱད་ཁྲིའི་བར་དུ་ཡར་འཕེལ་བ་ལ་བར་བསྐལ་གཅིག་ཡོད། དེ་ལ་མར་གྱི་མ་ཐོག་རིང་མོ་ཟེར། - In this way the eon of abiding is calculated to have twenty intermediate eons.
དེ་ལྟ་བུའི་བར་བསྐལ་ཉི་ཤུ་ལ་གནས་པའི་བསྐལ་པར་བརྩི་བའི་ཕྱིར།
Up a level: Abhidharma