Tong measurement

Summary:


Gendun Drub (ABK Root in italics):

མདོ་ལས། སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་ཞེས་གསུངས་ན། དེ་དག་གང་ཞེ་ན།
What are the first-tong, second-tong, and third-tong mentioned in sutra?

གླིང་བཞི་པ་དང་ཉི་ཟླ་དང་རི་རབ་དང་ནི་འདོད་ལྷ་དང་ཚངས་པའི་འཇིག་རྟེན་སྟོང་ལ་ནི། སྟོང་སྤྱི་ཕུད་ཡིན་པར་འདོད་དེ། སྟོང་གསུམ་གྱི་ནང་ནས་སྤྱིའི་ཕུད་བུ་ཡིན་པའི་ཕྱིར།
A thousand (tong) world-systems comprised of the four continents, sun and moon, mount meru, the desire realm gods, and Brahma, is asserted as being the apex tong because from among the three tongs being of being the apex.

སྟོང་སྤྱི་ཕུད་དེ་སྟོང་ལ་ནི་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ཏེ། སྟོང་གསུམ་གྱི་བར་མའི་འཇིག་རྟེན་ཡིན་པའི་ཕྱིར།
A thousand of those apex tongs is the second tong, the middling world-system, because of being the middling world system of the three tongs.

སྟོང་བར་མ་དེ་སྟོང་ལ་ནི་སྟོང་གསུམ་ཞེས་བྱ་སྟེ། སྟོང་གསུམ་གྱི་ནང་ནས་ཆེ་ཤོས་དེ་ཡིན་པའི་ཕྱིར།
A thousand of those middling tongs is called the third tong (three-fold thousand) because from among the three tongs it is the greatest.

སྟོང་གསུམ་གྱི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནི། མཉམ་དུ་འཇིག་ཅིང་འཆགས་པའི་ཚེ་ཡང་མཉམ་དུ་འབྱུང་བ་ཡིན་ནོ།
The three-fold thousand container world systems comprised of the wind mandala and so forth disintegrate together and also when forming, they arise together.


Jetsunpa:

སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བཞག་ཏུ་ཡོད་དེ།
The three-fold tong world system can be posited because:

དེ་གསུམ་པོ་དེ་ཡང་སྔ་རིམ་བཞིན་དུ་འབྱུང་འཇིག་བྱེད་པ་མ་ཡིན་ཏེ། དུས་མཉམ་དུ་འཇིག་ཅིང་དུས་མཉམ་དུ་འབྱུང་བའི་ཕྱིར།
Those three do not arise and disintegrate according to the previous stages because of disintegrating together and arising together.


Up a level: Abhidharma