Virtue

ལུང་དུ་བསྟན་པ་ཡང་ཡིན། རྣམ་སྨིན་དཀར་བའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དགེ་བའི་མཚན་ཉིད།
Definition of virtue: That observed as the common locus of:

  1. Being specified in scripture; and
  2. Being distinguished by abiding in the class of white fruition.

Divisions: དབྱེ་ན།

  1. Ultimate virtue དོན་དམ་པའི་དགེ་བ།
    e.g. liberation (designated as virtue) ཐར་པ་ལྟ་བུ་སྟེ། འདི་དགེ་བ་བཏགས་པ་བ་ཡིན།
  2. Natural virtue ངོ་བོ་ཉིད་ཀྱི་དགེ་བ།
    e.g. shame and embarrassment ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལྟ་བུ།
  3. Concomitant virtue མཚུངས་ལྡན་གྱི་དགེ་བ།
    e.g. mental factors concomitant with virtues དགེ་བ་དང་མཚུངས་ལྡན་གྱི་སེམས་བྱུང་ལྟ་བུ།
  4. Motivated virtue ཀུན་སློང་གི་དགེ་བ།
    e.g. karma motivated by those དེ་དག་གིས་ཀུན་ནས་བསླངས་པའི་ལས་ལྟ་བུ།

(Gendun Drub:)

ཐར་པ་ཆོས་ཅན། དམ་པའི་དོན་དུ་དགེ་བ་ཡིན་ཏེ། སྡུག་བསྔལ་མ་ལུས་པ་དང་བྲལ་བས་མཆོག་ཏུ་བདེ་བའི་ཕྱིར།
དཔེར་ན། སྐྱེས་བུ་རང་བཞིན་གྱིས་ནད་མེད་པ་བཞིན།
The subject - liberation - it is ultimate virtue because due to being separated from all suffering, it is supreme happiness.
For example: A being who is naturally without sickness.

དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཆོས་ཅན། ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ། གཞན་ལ་མ་ལྟོས་པར་བདག་ཉིད་ཀྱིས་དགེ་བ་ཡིན་པའི་ཕྱིར།
དཔེར་ན། འཕྲོད་པའི་སྨན་བཞིན།
The subject - the three root virtues, shame, and embarrassment - they are natural virtues because of being virtue by nature, without depending upon other.
For example: Suitable medicine.

དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཆོས་ཅན། མཚུངས་ལྡན་གྱིས་དགེ་བ་ཡིན་ཏེ། མཚུངས་ལྡན་དགེ་བས་དགེ་བར་བཞག་པའི་ཕྱིར།
དཔེར་ན། འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་བཞིན།
The subject - minds and mental factors that are concomitant with those - they are concomitant virtues because of being posited as virtues due to their virtuous concomitants.
For example: Drink combined with suitable medicine.

དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་ལ་སོགས་པ་ཆོས་ཅན། ཀུན་སློང་གིས་དགེ་བ་ཡིན་ཏེ། ཀུན་སློང་དགེ་བས་དགེ་བར་བཞག་པའི་ཕྱིར།
དཔེར་ན། འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན།
The subject - activities of body and speech and so forth motivated by those - they are motivated virtues because they are posited as virtues due to their virtuous motivation.
For example: Milk made from the drink combined with the suitable medicine.

དེ་དག་ལས་བཟློག་པ་མི་དགེ་བ་ཡིན་ནོ།
The opposite of those are non-virtue.


Up a level: Karma