Vows
རང་གི་ངོ་སྐལ་གྱི་ཉེས་པའམ་ཁ་ན་མ་ཐོ་བའི་རྒྱུན་སྡོམ་པར་བྱེད་པའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། སྡོམ་པའི་མཚན་ཉིད།
Definition: That distinguished by abiding in the class of acting to restrain the continuity of its respective fault or negativity.
Divisions: དབྱེ་ན།
- Individual liberation vows སོ་ཐར་གྱི་སྡོམ་པ།
- Concentration vows བསམ་གཏན་གྱི་སྡོམ་པ།
- Uncontaminated vows ཟག་མེད་ཀྱི་སྡོམ་པ།
སོ་ཐར་གྱི་སྡོམ་པ་ལ་གཟུགས་ཅན་གྱིས་ཁྱབ་ཀྱི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཟུགས་ཅན་ནི་མ་ཡིན་ཏེ། དེ་གཉིས་སེམས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར་དང༌། ཡིད་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ཡོད་པའི་ཕྱིར།
The individual liberation vows are pervaded by being physical. the concentration and uncontaminated vows are not physical 1) because those two follow upon the mind and 2) because mental vows and faculty vows exist.
སོ་ཐར་གྱི་སྡོམ་པ་སྐད་ཅིག་མ་དང་པོ་ཐོབ་ནས་མ་བཏང་གི་བར་དུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན།
སྐད་ཅིག་གཉིས་པ་ཕྱིན་ཆད་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་ཡིན་ཞིང༌། སྡོམ་མིན་ལ་གནས་པའང་ལྡན་ཚུལ་དེ་དང་འདྲའོ།
From the first moment of having attained the individual liberation vows and for as long as they are held, one possesses the present non-revealing form; from the second moment onwards, one possesses the past non-revealing form. This is the same for non-vows.
བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི། འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང༌། མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ།
Possessing concentration vows is to possess past and future non-revealing forms.
འཕགས་པ་སྟེ་ཟག་མེད་ཀྱི་སྡོམ་པ་ནི་སྐད་ཅིག་དང་པོའི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་ནོ།
For aryas, i.e. uncontaminated vows, it is possessing non-revealing form only during the first moment.
བསམ་གཏན་གྱི་སྡོམ་པ་ནི་དངོས་གཞི་ཉེར་བསྡོགས་གང་རུང་ལ་བརྟེན་ནས་ཐོབ། ཟག་མེད་ཀྱི་སྡོམ་པ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་ཐོབ་པའི་ཕྱིར།
Concentration vows are obtained in dependence upon either an actual [level] or a preparation; uncontaminated vows are obtained in dependence upon any of the six levels of concentration.
སོ་ཐར་གྱི་སྡོམ་པ་དང་ཟག་མེད་ཀྱི་སྡོམ་པ་འགལ་ཏེ། དང་པོ་ལ་འདོད་པའི་སས་བསྡུས་ཀྱིས་ཁྱབ། ཕྱི་མ་ལ་བསམ་གཏན་གྱི་སས་བསྡུས་ཀྱིས་ཁྱབ་པའི་ཕྱིར།
Individual liberation vows and uncontaminated vows are mutually exclusive because the first is pervaded by being included in the level of the Desire Realm while the latter is pervaded by being included in the level of a concentration.
Up a level: Non-revealing forms