Accumulated actions would ripen for someone else
བྱས་པ་ལ་ཁོ་ན་རེ། ཇི་སྐད་བཤད་པའི་ཉེས་པ་མེད་དེ། བདག་སྔ་མས་བསགས་པའི་ལས་ཀྱི་འབྲས་བུ་ལ་བདག་ཕྱི་མས་ལོངས་སྤྱོད་པའི་ཕྱིར་ཞེ་ན།
Objection: There is no such fault because the result of the action accumulated by the past self is utilised by the future self.
འོ་ན། གཞན་ལྷས་བྱིན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་ལྷས་བྱིན་ལས་གཞན་མཆོད་བྱིན་གྱིས་ཟ་བ་སྟེ་ལོངས་སྤྱོད་པར་འགྱུར་བར་ཐལ།
ཕྱོགས་སྔ་མ་དེ་གང་ཞིག བདག་སྔ་ཕྱི་གཉིས་ལྷས་མཆོད་ལྟར་འབྲེལ་མེད་དུ་མཚུངས་པའི་ཕྱིར།
Answer: In that case, it follows that the results of actions accumulated by Devadatta will be experienced / utilised by Yajnadatta (who is different from Devadatta) because 1) the position of the objection and 2) the past and future selves are equally unrelated, just like Yajnadatta.
སྔར་བཤད་པའི་སྐྱོན་མེད་དེ། བདག་སྔ་ཕྱི་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ཀྱང་། དེ་ཁོ་ན་ཉིད་དུ་རྒྱུད་གཅིག་དུ་ཡོད་པའི་ཕྱིར་ཞེ་ན།
Objection: There is no such fault because although the past and future self are inherently established other, their suchness is that they exist as one continuum.
དེ་ཡང་མི་འཐད་དེ། རང་བཞིན་གྱིས་གྲུབ་པའི་ཐ་དད་པ་རྣམས་ལ་རྒྱུད་གཅིག་ཡོད་དོ་ཞེས་སྨྲ་བ་ལ་སྔར་རྣམ་པར་དཔྱད་པའི་ཚེ་ཉེས་པ་བཤད་ཟིན་པའི་ཕྱིར།
Answer: This is also unsuitable because the faults of this were already explained when previously analysing the proponents saying that things that are inherently established different exist as one continuum.
གང་དུ་བཤད་ན། བྱམས་པ་ཉེར་སྦས་ལ་བརྟེན་ཞེས་སོགས་ཀྱི་སྐབས་སུའོ།
Where was this explained? In the context of Maitreya depending upon Upagupta. (See here)
རྒྱུ་མཚན་དེས་ན་ཕུང་པོ་ལྔ་དང་སེམས་བདག་ཡིན་པ་མི་རིགས་ཏེ། དེ་ལ་ཇི་སྐད་བཤད་པའི་རིགས་པས་གནོད་པ་དེའི་ཕྱིར།
Due to those reasons, the five aggregates and the mind being the self is illogical because it is undermined by the reasonings explained above.
ཁ་ཅིག །སྐྱེ་བ་སྔ་མ་ལྷ་ལས་ཚེ་འཕོས་ནས་ད་ལྟ་མིར་སྐྱེས་པའི་མི་དེ་སྐྱེ་བ་སྔ་མ་ལྷར་སྐྱེས་པ་ཡིན་ཟེར་ན།
Someone says: A human - who was a deva in a previous birth, died, and was born as human in the present life - was born as a deva in a previous life.
དེ་འདྲའི་མི་ཆོས་ཅན། སྐྱེ་བ་སྔ་མར་སྐྱེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྐྱེ་བ་སྔ་མར་ཡོད་པར་ཐལ་ལོ།
Jetsunpa: The subject - such a human - it follows that they were born in a previous life because that assertion is correct.
If accepted: It follows they existed in a previous life!
རང་ལུགས་ལ། སྐྱེ་བ་སྔ་མའི་ལྷ་དེའི་ང་དང་། ཚེ་འདིའི་མི་དེའི་ང་ཆ་ཤས་སུ་ལྡན་པའི་ང་ཙམ་དེ་སྐྱེ་བ་སྔ་མ་ལྷར་སྐྱེས་པ་ཡིན་ནོ།
In our own system: It is the mere I that possesses the parts of the I of that deva in the previous birth and the I of the human in the present life that was born as a deva in a previous life.
Up a level: Refuting the Buddhist assertions of the aggregates as the self