Actions would induce their fruitions endlessly (Tendarwa)

ཁ་ཅིག་གིས། དགེ་མི་དགེའི་ལས་ཀྱིས་རྣམ་སྨིན་གྱི་འབྲས་བུ་འབྱིན་པ་ཐུག་མེད་ཡིན་པར་ཐལ། ལས་ཞིག་པས་འབྲས་བུ་བསྐྱེད་པའི་ཕྱིར། ཞེས་ཟེར་ན།
Someone says: It follows that the fruitional results of virtuous and non-virtuous actions would be induced endlessly because a disintegrated action produces results.

ལས་རང་བཞིན་གྱིས་མ་གྲུབ་ཅིང༌། ལས་ཞིག་པས་འབྲས་བུ་བསྐྱེད་ཀྱང༌། རྣམ་སྨིན་གྱི་འབྲས་བུ་འབྱིན་པ་ཐུག་མེད་དུ་འགྱུར་བ་དང་མ་ངེས་པའི་སྐྱོན་མེད་དེ།
Although actions are not inherently established and disintegrated actions produce results, there is no fault that their fruitional results would be induced endlessly or non-specifically because...

བསེ་རུ་གཙང་མའི་ནང་དུ་སྐྲ་ཤད་དང་རི་བོང་གི་རྭ་གཉིས་མེད་མཚུངས་ཡིན་ཀྱང༌། རབ་རིབ་ཅན་ལ་བསེ་རུའི་ནང་དུ་སྐྲ་ཤད་འཛག་སྣང་གི་དབང་ཤེས་སྐྱེ།
རི་བོང་རྭ་སྣང་གི་དབང་ཤེས་མི་སྐྱེ་བ་དེ་བཞིན་དུ།
Example: Although inside a clean cup both fallen hairs and rabbit-horns are equally non-existent, those with an eye-disease will give rise to a sense-consciousness to which fallen hairs appear in the cup and will not give rise to a sense-consciousness to which rabbit-horns appear.

འབྲས་བུ་གཏན་ནས་ཕྱུང་ཟིན་པའི་ལས་ཀྱིས་འབྲས་བུ་མི་འབྱིན་ཀྱང༌།
འབྲས་བུ་ཕྱུང་མ་ཟིན་པའི་ལས་ཀྱིས་འབྲས་བུ་ཡིད་འོང་དང་ཡིད་མི་འོང་ཅི་རིགས་པར་འབྱིན་པར་ངེས་པའི་ཕྱིར།
Similarly, actions that have already completely induced their results will not induce results but actions that have not yet induced their results will definitely induce their corresponding pleasant and unpleasant results.


Up a level: Presentation of cause and effect does not require positing an Alaya (Tendarwa)