All consciousnesses are direct valid cognition wrt their appearance (Khedrub Je)

ཚིག་གསལ་ལས། གལ་ཏེ་མཚན་གཞིའམ། རང་གི་མཚན་ཉིད་དམ། སྤྱིའི་མཚན་ཉིད་ཀྱང་རུང་སྟེ། འཇིག་རྟེན་ན་ཡོད་ན་ནི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར་ལྐོག་ཏུ་མ་གྱུར་པ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཞེས་གསུངས།
Clear Words says: "If either the characterised or the specifically or generally characterised exist in the world, then they would all be directly observed; due to that, they are not obscure. Due to that, they are posited as just direct, together with the consciousnesses that possess them as objects."

དེའི་དོན་ནི། དངོས་སྨྲ་བས་རང་སྤྱི་གང་དུ་ཁས་བླངས་པའི་ཆོས་ཡིན་ཀྱང་ཆོས་དེ་དངོས་ཡུལ་དུ་བྱེད་པའི་གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་
ཤེས་པ་དེ་ལ་ཡུལ་དེའི་སྣང་བ་འཆར་བས་ཁྱབ་ཅིང་ཤེས་པ་གང་ལ་ཡུལ་གང་གི་སྣང་བ་ཤར་བའི་སྣང་བ་དེའི་ཤེས་པ་དེའི་ཡུལ་མངོན་སུམ་པ་ཡིན་པས་ཁྱབ་ལ།
The meaning of that is that whatever phenomena that are asserted by the Proponents of Things are specifically and generally [characterised]:

དེའི་ཚེ་ཡུལ་ལ་མངོན་སུམ་གྱི་སྒྲ་དངོས་དང༌། ཡུལ་ཅན་ལ་མངོན་སུམ་གྱི་སྒྲ་བཏགས་ནས་འཇུག་པར་སྟོན་པ་ཡིན་ནོ།
At that time, it is indicated that the term "direct" is applied:


To illustrate:


དེ་ལྟར་ན་ཡུལ་དེ་མངོན་སུམ་པ་ཡིན་ན་མངོན་གྱུར་ཡིན་པས་ཁྱབ་ཅིང༌། རང་གི་ཡུལ་མངོན་གྱུར་ལ་མི་སླུ་བའི་ཤེས་པ་མངོན་སུམ་ཚད་མའི་དོན་དུ་བཞེད་ལ།
As such, it is asserted that:

གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་ཁོ་རང་ལ་ཤར་བའི་ཡུལ་གྱི་སྣང་བ་དེ་ལ་མི་སླུ་བས་ཁྱབ་པའི་ཕྱིར་ན་
གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་ཁོ་རང་ལ་ཤར་བའི་ཡུལ་གྱི་སྣང་བ་དེ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་པར་ཁས་ལེན་དགོས་སོ།
Since if it is a consciousness with dualistic appearances, then it is pervaded by being non-deceptive wrt the appearance of the object that dawns to it; then it is necessary to assert that if it is a consciousness with dualistic appearances, then it is pervaded by being direct valid cognition wrt the appearances of the object that dawns to it.

དེས་ན་བདག་འཛིན་གཉིས་དང༌། ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ལོག་ཤེས་རྣམས་ཀྱང་བདག་གཉིས་ཀྱི་སྣང་བ་དང་ཟླ་བ་གཉིས་ཀྱི་སྣང་བ་སོགས་ལ་
མངོན་སུམ་ཚད་མ་ཡིན་ཏེ། དེ་ལ་ལྟོས་ནས་རང་གི་ཡུལ་མངོན་སུམ་པ་ལ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར།
Therefore, also wrong consciousnesses - the two apprehensions of self, a sense-consciousness to which two moons appear, and so forth - are direct valid cognition wrt the appearances of the two selves, the appearance of two moons, and so forth because, in relation to that, they are consciousnesses that are non-deceptive wrt their direct object.

ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། རང་ལ་ཤར་བའི་ཟླ་གཉིས་ཀྱི་སྣང་བ་ལ་མི་སླུ་བའི་ཤེས་པ་ཡིན་པར་ཐལ།
དེ་འདྲའི་སྣང་བ་དེ་ཁྱོད་ཀྱི་དངོས་ཡུལ་དུ་བྱས་པའི་སྒོ་ནས་སྣང་བ་དེ་ངེས་པའི་ངེས་ཤེས་ཚད་མ་གཞན་ལ་ལྟོས་མེད་དུ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར།
The subject - sense-consciousness to which two moons appear - it follows that it is a consciousness that is non-deceptive wrt the appearance of two moons that dawns to it because, by way of have taken such an appearance as its explicit object, it is able to induce ascertainment through its own force without relying upon other valid cognitions that are ascertaining consciousnesses ascertaining that appearance.

བདག་འཛིན་གཉིས་དང་ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་རང་ལ་ཤར་བའི་ཡུལ་གྱི་སྣང་བ་ལ་ཚད་མ་ཡིན་ཀྱང༌། སྤྱིར་ཚད་མ་ཡིན་མི་དགོས་ཏེ།
རང་རང་གི་འཛིན་སྟངས་ཀྱི་ཡུལ་ལ་ཚད་མིན་གྱི་བློ་ཡིན་པའི་ཕྱིར་རོ།
Although the two apprehensions of self, a sense-consciousness to which two moons appear, and so forth are valid cognitions wrt to the appearance of the objects that dawn to them, they do not need to be valid cognitions in general because they are awarenesses that are not valid cognitions wrt their objects of the mode of apprehension.

དེས་ན་རང་ལ་ཤར་པའི་ཡུལ་གྱི་སྣང་བ་ལ་ཚད་མ་ཡིན་པ་ཙམ་གྱིས་སྤྱིར་ཚད་མ་ཡིན་པར་བཞག་མི་ནུས་ཀྱི།
འཛིན་སྟངས་ཀྱི་ཡུལ་ལ་ཚད་མ་ཡིན་མིན་གྱི་དབྱེ་བས་ཚད་མ་ཡིན་མིན་སོ་སོར་འཇོག་དགོས་ཏེ།
Therefore, merely through being a valid cognition wrt the appearance of the object that dawns to it, it cannot be posited as a valid cognition in general; it is necessary to individually posit valid cognition and non-valid cognition by way to the division into valid cognition and non-valid cognition wrt the object of the mode of apprehension.

དཔེར་ན་མདོ་སྡེ་པ་དག་རང་གི་སྣང་ཡུལ་ལ་ལོག་ཤེས་ཡིན་པ་ཙམ་གྱིས་ལོག་ཤེས་སུ་མི་འཇོག་གི་འཛིན་སྟངས་ཀྱི་ཡུལ་ལ་ལོག་ཤེས་སུ་སོང་མ་སོང་གི་དབང་གིས་
ལོག་ཤེས་ཡིན་མིན་སོ་སོར་འཇོག་པ་བཞིན་ནོ།
This is similar, for example, to how the Sautrantikas do not posit something as a wrong consciousness merely through being a wrong consciousness wrt its appearing-object, but rather individually posit something as being a wrong consciousness or not through the power of having become a wrong consciousness wrt its object of the mode of apprehension or not.


དེའི་ཕྱིར་མངོན་སུམ་ཚད་མ་ཡིན་པ་ལ་གཞལ་བྱ་དེ་མངོན་སུམ་དུ་རྟོགས་པས་མ་ཁྱབ་སྟེ། དེ་ལྟ་མ་ཡིན་ན་སྔོ་འཛིན་མིག་ཤེས་དང༌། དེའི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་ཤེས་པ་ལ་ཡུལ་མཐོང་ཚུལ་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། དེ་འདོད་ན་ལོང་བས་ཀྱང་གཟུགས་མངོན་སུམ་དུ་མཐོང་བར་ཐལ་པའི་ཕྱིར་རོ།
Therefore, that which is a direct valid cognition is not pervaded by directly realising its cognised-object because:


Up a level: Mental direct perception