Assertions regarding the basis of division into the two truths

In Kunkhyen Jamyang Shepa's Tenets

There are many assertions regarding the basis of division: དབྱེ་གཞི་ལ་འདོད་ཚུལ་དུ་མ་ཡོད་དེ།

  1. The upholder of the Muni's teachings, the Great Being Ngok Lo, father and sons, say that since ultimate truths are not objects of knowledge, the basis of the division is mere appearances.
    ཐུབ་བསྟན་འཛིན་པའི་སྐྱེས་ཆེན་རྔོག་ལོ་ཡབ་སྲས་ཁ་ཅིག་ཀྱང༌། དོན་དམ་བདེན་པ་ཤེས་བྱ་མིན་པས་སྣང་ཙམ་འདི་དབྱེ་གཞིར་འདོད་སྐད།
  2. The upholder of the Madhyamaka tradition, Thang Sagpa and so forth say that since the entities from Forms and up to Omniscience are explained as two-fold, then the basis of the division is those entities.
    དབུ་མའི་སྲོལ་འཛིན་ཐང་སག་པ་སོགས་ལ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ངོ་བོ་གཉིས་གཉིས་བཤད་པའི་ཕྱིར།
    དེའི་བར་གྱི་ངོ་བོ་དབྱེ་གཞིར་གསུངས་པ་མཐོང༌།
  3. Most Tibetans (following the Commentary on Root Wisdom and Madhyamaka and Pramana texts) say that the basis of division is objects without superimposition.
    རྩ་ཤེའི་ཊཱིཀ་བྱེད་དང་དབུ་ཚད་ཀྱི་བོད་ཕལ་ཆེར་སྒྲོ་མ་བཏགས་པའི་ཡུལ་དབྱེ་གཞི་ཟེར།
  4. Conceited masters such as Taglo and so forth say that the basis of division is un-investigated unanalysed objects of knowledge. མཁས་རློམ་པའི་སྟག་ལོ་སོགས་མ་བརྟགས་མ་དཔྱད་པའི་ཤེས་བྱ་དབྱེ་གཞི་ཟེར།
  5. Some who are confused wrt the words say that the basis of division is truth and when that is divided there are two: conventional truths and ultimate truths.
    ཚིག་ལ་རྨོངས་པ་ལ་ལ་ན་རེ། བདེན་པ་དབྱེ་གཞི་དང༌། དེ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ཟེར།
  6. Some lack even a doubt regarding the basis of division but propound a lot regarding the divisions themselves of the two truths; various such things appear in the Commentary and Lamrim.
    ལ་ལའི་དབྱེ་གཞིའི་དོགས་པ་ཡང་མེད་པར་དབྱེ་བའི་བདེན་གཉིས་ལ་མང་པོ་སྨྲས་པ་སོགས་རྣམ་བཤད་དང་ལམ་རིམ་ལྟར་སྣ་ཚོགས་སྣང་ངོ༌།

Those are incorrect: དེ་རྣམས་མི་འཐད་དེ།

  1. The first is refuted by consequences such as: ་་་སོགས་ཀྱིས་དང་པོ་ཁེགས།
    1. It follows that if ultimate truth is non-existent, then the mode of abiding of forms and so forth is non-existent; and དོན་དམ་བདེན་པ་མེད་ན་གཟུགས་སོགས་ཀྱི་གནས་ལུགས་མེད་པར་ཐལ་བ་དང༌།
    2. It follows that that which is perceived presently would be the final mode of abiding and therefore all sentient beings would already be liberated.
      ད་ལྟའི་མཐོང་བ་འདི་གནས་ལུགས་མཐར་ཐུག་ཏུ་འགྱུར་བས་སེམས་ཅན་ཐམས་ཅད་གྲོལ་ཟིན་པར་ཐལ་བ་
  2. The second is refuted because just as the two truths are not the single entity of form, the same applies to those up to Omniscience. བདེན་གཉིས་གཟུགས་ཀྱི་ངོ་བོའ་ིཡ་གྱལ་མ་ཡིན་པ་ལྟར་རྣམ་མཁྱེན་གྱི་བར་ལ་ཡིན་པའི་ཕྱིར་གཉིས་པ་ཡང་ཁེགས།
  3. The third is mistaken because even existent systems of superimpositions are conventional truths.
    སྒྲོ་བཏགས་པའི་ལུགས་ཡོད་པ་རྣམས་ཀྱང་ཀུན་རྫོབ་ཡིན་པས་གསུམ་པ་འཁྲུལ།
  4. Since there are objects of analysis wrt both truths, the fourth is the most mistaken assertion.
    སྔར་ལྟར་བདེན་པ་གཉིས་ལ་དཔྱད་དོན་ཡང་ཡོད་པས། བཞི་པ་ངན་སྐད་འཁྲུལ་ཤོས་ཡིན།
  5. The fifth is refuted because conventional truth, falsity, and so forth are mutually inclusive.
    ཀུན་རྫོབ་བདེན་པ་དང་རྫུན་པ་སོགས་དོན་གཅིག་པས་ལྔ་པ་ཁེགས།
  6. The sixth is also not good because without knowing the basis of division and mode of dividing, they would become attributes without a basis of attributes.
    དབྱེ་གཞི་དང་དབྱེ་ཚུལ་མི་ཤེས་ན་ཁྱད་གཞི་མེད་པའི་ཁྱད་ཆོས་སུ་འགྱུར་བས་དྲུག་པ་ཡང་མི་བཟང་ངོ༌།

Therefore, the basis of division is objects of knowledge དེས་ན་ཤེས་བྱ་དབྱེ་གཞིར།
This is proven by: ་་་གཉིས་ཀྱིས་སྒྲུབ།

  1. Scripture: The Meeting of Father and Son Sutra says "Moreover, that to be known is exhausted within the two: conventional and ultimate truth."
    ཡབ་སྲས་མཇལ་བ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་པའི་ལུང་དང་།
  2. Reasoning: That the objects of the two awarenesses are that to be known and that to be investigated by those two [awarenesses]. བློ་གཉིས་ཀྱི་དོན་ནི་དེ་གཉིས་ཀྱིས་ཤེས་པར་བྱ་བ་དང་བརྟགས་པར་བྱ་བ་ཡིན་པའི་རིགས་པ།

683


Up a level: Presentation of the two truths