Assertions regarding what connects causes and their effects (Tendarwa)
ཁ་ཆེ་བྱེ་བྲག་སྨྲ་བ་ལས་གཞན་པའི་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ན་རེ། དགེ་མི་དགེའི་ལས་དང༌། རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་པ་ལ་སོགས་པས་ཆོད་པ་ཡོད་ཅིང༌།
ལས་དེེ་གཉིས་ཀྱིས་འབྲས་བུ་དེ་གཉིས་བསྐྱེད་མ་ཟིན་གྱི་བར་དུ་ལས་དེ་མི་གནས་ཀྱང༌། ལས་དེ་གཉིས་ཀྱིས་འབྲས་བུ་དེ་གཉིས་མ་བསྐྱེད་པའི་སྐྱོན་མེད་དེ།
ལས་དེ་གཉིས་ལས་དོན་གཞན་པའི་ཐོབ་པ་རྫས་གྲུབ་ལྡན་མིན་འདུ་བྱེད་ཅིག་གིས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར་ཞེས་ཟེར།
Some Vaibashikas (not the Kashmiri) say: Despite there being an interruption of eons between virtuous and non-virtuous actions and their ripening results, and prior to the two types of actions producing their two types of results the actions do not remain, there is no fault that those two types of actions do not produce their results because an attainment that is other than the two types of actions, substantially established, and a non-concomitant compositional factor produces the fruitional results.
ཡང་དེ་ལས་གཞན་པའི་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ལས་དེ་གཉིས་ལས་དོན་གཞན་པའི་བུ་ལོན་གྱི་དཔང་རྒྱ་སྟེ་ཡི་གེ་དང་འདྲ་བ་ཆུད་མི་ཟ་བའི་རྫས་གྲུབ་ལྡན་མིན་འདུ་བྱེད་ཅིག་གིས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར། ཞེས་ཟེར།
Other Vaibhashikas (not the Kashmiri) say: There is no such fault because a non-perishing (like a debt letter) that is other than the two types of actions, substantially established, and a non-concomitant compositional factor producing produces the fruitional results.
ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ཕུང་པོའ་ིརྒྱུན་ལ་ལས་ཀྱི་བག་ཆགས་བསྒོས་ནས། དེ་སྨིན་པ་ན་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་འདོད་པ་ཡིན་ཏེ།
ཕུང་པོའ་ིརྒྱུན་འདི་དག་ལ་དགེ་མི་དགེའི་འབྲས་བུ་ཡོད་པ་ཉིད། ཅེས་ཟེར།
Kashmiri Vaibashikas say: There is no such fault because it is asserted that the imprints of actions are deposited upon the continuum of the aggregates and then when they ripen, they issue forth their fruitional results; it is the continuum of the aggregates that possesses the results of virtue and non-virtue.
དབུ་མ་རང་རྒྱུད་པ་ཁ་ཅིག་དང་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག
དེ་ལ་ཕྱིས་རྐྱེན་གྱིས་གསོས་བཏབ་ནས་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར་ཞེས་ཟེར།
Some Svatantrikas and the Cittamatra Followers of Scriptures say: There is no such fault because the imprints of actions are deposited upon the ālayavijñāna and are later activated by conditions to issue forth their fruitional results.
མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། ལེགས་ལྡན་འབྱེད་དང་བཅས་པ་རྣམས་ན་རེ།
དེ་ལྟ་བུའི་སྐྱོན་མེད་དེ། ལས་ཞིག་པ་ན་ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་ལས་ཀྱི་བག་ཆགས་བཞག །དེ་ལ་ཕྱིས་རྐྱེན་གྱིས་གསོས་བཏབ་ནས།
རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར་ཞེས་འདོད་པ་ཡིན།
Sautrantikas, Cittamatra Followers of Reasoning, Yogacara-Svatantrikas, as well as Bhavaviveka say: There is no such fault because when an action has disintegrated, the imprint of the action is deposited upon the mental consciousness and is later activated by conditions to issue forth its fruitional results.
རང་ལུགས་ལ། སྐྱོན་མེད་དེ། ལས་འཇིག་པ་ན་རང་བཞིན་གྱིས་མི་འཇིག་ཅིང༌། ཕུང་པོ་ལ་བཏགས་པའི་ང་ཙམ་གྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག
དེ་ལ་ཕྱིས་རྐྱེན་གྱིས་གསོས་བཏབ་ནས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་བསྐྱེད་པའི་ཕྱིར།
Our own system: There is no such fault because when actions disintegrate, they do not inherently disintegrate, the imprints of actions are deposited upon the mere "I" designated upon the aggregates, and are later activated by conditions to issue forth their pleasant and unpleasant fruitional results.
Reasoning of the change in the person's state (Tendarwa)
Up a level: Presentation of cause and effect does not require positing an Alaya (Tendarwa)