Bodhisattva generosity (Gomde)
བྱང་སེམས་རྣམས་ཆོས་ཅན། སྦྱིན་པས་རིང་པོར་མི་ཐོགས་པར་ཕ་རོལ་པོའི་ཡིད་ཚིམ་པར་མཐོང་བ་ན། སྦྱིན་འབྲས་དགའ་བ་མཆོག་ཏུ་གྱུར་པ་འཐོབ་པར་འགྱུར་ཏེ།
འགྲོ་བ་ལ་འཕྲལ་དང་ཡུན་དུ་ཕན་བདེ་བསྒྲུབ་པར་དམ་བཅས་པའི་ཡིད་ཅན་ཡིན་པའི་ཕྱིར།
The subject - bodhisattvas - upon seeing that their generosity satisfies the other person not long after, they attain a supreme joy that is the result of generosity because of having promised to accomplish the short- and long-term happiness of migrators.
ཡང་ན་འགྲོ་བ་ལ་འཕྲལ་དང་ཡུན་དུ་ཕན་བདེ་བསྒྲུབ་པར་དམ་བཅས་པའི་ཡིད་ཅན་གྱི་བྱང་སེམས་རྣམས་ཆོས་ཅན།
རྟེན་དམན་པ་ལས་སྦྱིན་པ་གཏོང་བ་ལ་ཆེས་གུས་པའི་རྒྱུ་མཚན་ཡོད་དེ།
སྦྱིན་པས་རིང་པོར་མི་ཐོགས་པར་ཕ་རོལ་པོའི་ཡིད་ཚིམ་པར་མཐོང་བ་ན་སྦྱིན་འབྲས་དགའ་བ་མཆོག་ཏུ་གྱུར་པ་འཐོབ་པའི་ཕྱིར། རྟགས་འདི་དོན་གྱིས་གྲུབ་པ་ཡིན་ནོ།
Alternatively, the subject - bodhisattvas that have promised to accomplish the short- and long-term happiness of migrators - there is a reason that their generosity is more respected that that of lower supports because upon seeing that their generosity satisfies the other person not long after, they attain a supreme joy that is the result of generosity. This sign is implicitly established.
ཤེས་བྱ་ཆོས་ཅན། རྟེན་དེ་གཉིས་ཀ་ལ་སྦྱིན་པའི་གཏམ་ཉིད་གཙོ་བོ་སྟེ་གལ་ཆེ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བརྩེ་བའི་བདག་ཉིད་བྱང་སེམས་དང་།
བརྩེ་བའི་བདག་ཉིད་བྱང་སེམས་མ་ཡིན་པ་གཉིས་ཀའི་མངོན་མཐོ་དང་ངེས་ལེགས་ཐམས་ཅད་སྦྱིན་པས་འདྲེན་པ་དེའི་ཕྱིར།
The subject - objects of knowledge - the advice on generosity is principal, i.e. important, for both supports because the high states and definite goodness of both bodhisattvas, whose nature is compassion, and non-bodhisattvas is induced by generosity.
ཤེས་བྱ་ཆོས་ཅན། ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བཏང་བས་སློང་བ་པོའེ་ཡིད་ཚིམ་པར་མཐོང་བ་ན།
བྱང་སེམས་དེ་ལ་བདེ་བ་ཉན་རང་ཞི་བའི་དབྱིངས་སུ་ཞུགས་པ་ལས་ཆེས་ལྷག་པར་འབྱུང་བ་ལྟ་ཞིག་སྨོས་ཅི་དགོས་ཏེ་སྨོས་མི་དགོས་པར་ཐལ།
ཇི་ལྟར་སློང་མོ་བས་སྦྱིན་པ་བྱིན་ཅིག་ཅེས་པའི་སྒྲ་ཐོས་ཤིང་བསམ་པ་ལས་བྱང་སེམས་རང་ཉིད་ལ་སློང་བར་གོ་བ་ན། རྒྱལ་སྲས་དེ་ལ་དགའ་བ་དང་བདེ་བ་ཡང་དང་ཡང་དུ་འབྱུང་བ་ནི་ཐུབ་པ་ཉན་རང་དགྲ་བཅོམ་རྣམས་ལ་ཞི་བར་ཞུགས་པའི་བདེ་བ་དེ་ལྟ་བུ་བསྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར།
The subject - objects of knowledge - when seeing that the recipient's mind is satisfied through their giving all physical necessities, the bodhisattva gives rise to a bliss far superior to that of Hearers and Solitary Realisers who have entered the sphere of pacification; it follows there is no need to mention that [i.e. it is obvious] because when the bodhisattva hears and understands someone saying "please give" to them, then joy and bliss arise again and again for that conqueror child; one that is unlike the generation of the bliss of entering pacification for Hearer and Solitary Foe-Destroyers.
བྱང་སེམས་ཀྱི་ལུས་གཏོང་བ་ལ་སྡུག་བསྔལ་ཡོད་དམ་མེད་ཅེ་ན།
Question: Do bodhisattvas have suffering when giving away their body?
ས་ཐོབ་པ་རྣམས་ལ་སྡུག་བསྔལ་མེད་ལ།
Response: Those that have attained a ground do not have suffering.
ས་མ་ཐོབ་པའིེ་བྱང་སེམས་རྣམས་ཆོས་ཅན། སྡུག་བསྔལ་འབྱུང་ཡང་ལུས་གཏོང་བ་ལ་འཇུག་ཏེ། སློང་བ་པོ་ལ་རང་གིེ་ལུས་བཅད་ནས་སྟེར་ཞིང་།
དེ་ལྟར་བཅད་པའི་བདག་གི་སྡུག་བསྔལ་ལ་དཔགས་ནས་སེམས་ཅན་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བསྲན་དུ་མེད་པར་རང་ཉིད་ཀྱིས་རིག་ཅིང་མྱོང་བ་དང་འདྲ་བ་ཉིད་དུ་མཐོང་ནས་ནི། དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་རྒྱུན་བཅད་པར་བྱ་བའི་ཕྱིར་དུ་མྱུར་དུ་ལམ་ལ་བརྩོན་འགྲུས་བརྩོམ་པའི་ཕྱིར།
The subject - bodhisattvas that have not attained a ground - they engage in giving away their body despite the arising of suffering because inferring from the cutting and giving away of their bodies to recipients and their suffering from having cut it as such, they perceive the unbearable suffering of sentient beings in the hells and so forth as if experiencing it firsthand; as such, in order to cut the continuum of the suffering of the hells and so forth, they quickly apply joyous effort in the path.
ཤེས་བྱ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་ལ་གཉིས་སུ་ཡོད་དེ།
The subject - objects of knowledge - there are two types of perfection of generosity:
- The generosity conjoined with the wisdom directly realising the gift, recipient, and giver as empty of inherent establishment is referred to as the supramundane perfection of generosity
སྦྱིན་བྱ་དང་། ལེན་པ་པོ་དང་། གཏོང་བ་པོ་གསུམ་པོ་རང་བཞིན་གྱིས་གྲུབ་པས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་དེ་ལ་
འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་ཞེས་བྱ་ལ། - The generosity bound by the arising of adherence to the true existence of the three spheres of generosity is referred to as mundane generosity.
སྦྱིན་པའི་འཁོར་གསུམ་པོ་དག་ལ་བདེན་པར་ཆགས་པ་སྐྱེས་པར་གྱུར་པས་བཅིངས་པའི་སྦྱིན་པ་དེ་ལ་འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་
ཞེས་ཡུམ་གྱི་མདོ་ལས་བསྟན་པའི་ཕྱིར་རོ།
This is indicated in the Mother Sutras.
Up a level: Madhyamaka