Both conceptions of self are afflictive obscurations
ཉན་རང་དགྲ་བཅོམ་པས་ཕུང་པོ་བདེན་མེད་དུ་མ་རྟོགས་ན། དེས་གང་ཟག་བདེན་མེད་དུ་མི་རྟོགས་དགོས་ཏེ། གཞི་གྲུབ་གཅིག་གི་སྟེང་དུ་བདེན་མེད་ཚད་མས་གྲུབ་པའི་
གང་ཟག་ཡིན་ན་གཞི་གཞན་ལ་བདེན་པར་ཡོད་མེད་བློ་ཁ་ཕྱོགས་པ་ཙམ་གྱིས་བདེན་མེད་དུ་རྟོགས་ནུས་པས་ཁྱབ་པའི་ཕྱིར།
If Hearer and Solitary Realiser Arhats do not realise the lack of true existence of the aggregates, then they necessarily do not realise the lack of true existence of the person because if it is a person who has established by valid cognition lack of true existence on the basis of one established-basis, then they are pervaded by being able to realise the lack of true existence wrt other bases through merely turning their awareness towards whether or not they truly exist.
དེས་ཕུང་པོ་བདེན་མེད་དུ་མ་རྟོགས་ན། གང་ཟག་གི་བདེན་མེད་མཚན་ཉིད་ཚང་བ་མ་རྟོགས་དགོས་ཏེ། ཕུང་པོ་སོགས་ཀྱི་ཆོས་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་དུ་འཇོག་དགོས་པ་བཞིན་དུ་གང་ཟག་བདེན་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་དགོས་པའི་ཕྱིར།
If they do not realise the lack of true existence of the aggregates, then they necessarily do not realise a fully-qualified lack of true existence of persons because just as it is necessary to posit phenomena (the aggregates and so forth) being empty of true existence as the selflessness of phenomena, it is necessary to posit persons being empty of true existence as the subtle selflessness of persons.
དེས་ན་གང་ཟག་བདེན་པར་འཛིན་པ་གང་ཟག་གི་བདག་འཛིན་ཡིན་ཏེ། གང་ཟག་བདེན་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་རིགས་པའི་ཕྱིར།
Therefore, the apprehension of persons as truly existent is the apprehension of a self of persons because it is suitable to posit persons being empty of true existence as the subtle selflessness of persons.
དེ་རྣམས་ལ་བརྟེན་ནས་གང་ཟག་བདེན་པར་འཛིན་པའི་བློ་ཉོན་སྒྲིབ་ཏུ་གྲུབ་སྟེ། དེ་གང་ཟག་གི་བདག་འཛིན་ཡིན་པར་སྔར་བཤད་པའི་རིགས་པས་གྲུབ་པའི་ཕྱིར།
In dependence upon those, the awareness apprehending persons as truly existent is established to be an afflictive obscuration because that being the apprehension of a self of persons is established by the previously explained reasoning.
དེས་ན་ཕུང་སོགས་ཀྱི་ཆོས་བདེན་གྲུབ་ཏུ་འཛིན་པའི་ཆོས་ཀྱི་བདག་འཛིན་ཡང་ཉོན་སྒྲིབ་ཡིན་ཏེ།
གང་ཟག་བདེན་པར་འཛིན་པའི་གང་ཟག་གི་བདག་འཛིན་ཉོན་སྒྲིབ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར།
Therefore, the apprehension of a self of phenomena that apprehends phenomena (the aggregates and so forth) as truly established is also an afflictive obscuration because 1) the apprehension of a self of persons that apprehends persons as truly existent is an afflictive obscuration and 2) the same reason applies.
ལམ་རིམ་ལས། གལ་ཏེ་གང་ཟག་ལ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས། ཕུང་པོ་རང་བཞིན་མེད་པར་རྟོགས་པ་ཡིན་ན་བདག་མེད་གཉིས་རྟོགས་པའི་བློ་གཉིས་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། ཆོས་དང་གང་ཟག་གཉིས་སོ་སོ་བ་ཡིན་པས་དེ་གཉིས་རང་བཞིན་མེད་པར་རྟོགས་པའི་བློ་གཉིས་ཀྱང་སོ་སོ་བ་ཡིན་ཏེ།
དཔེར་ན་བུམ་པ་དང་ཀ་བ་མི་རྟག་པར་རྟོགས་པའི་བློ་བཞིན་ནོ། གང་ཟག་རང་བཞིན་མེད་པེར་རྟོགས་པའི་བློ་དེ་ཉིད་ཀྱིས་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ན་
གང་ཟག་གི་བདག་མེད་རྟོགས་པའི་ཚེ། ཕུང་པོ་རང་བཞིན་མེད་པར་རྟོགས་པར་ཇི་ལྟར་འཇོག་སྙམ་ན།
Lamrim: If someone thinks: If the very awareness realising persons to lack inherent existence is realising the aggregates as lacking inherent existence, then this would incur the fault that the two awarenesses realising the two selflessnesses would become one. Since phenomena and persons are distinct, the two awarenesses realising those two as lacking inherent existence are also distinct; for example, just like the awarenesses realising the impermanence of pot and of pillar. If the very awareness realising persons to lack inherent existence does not realise the aggregates as lacking inherent existence, then when realising the selflessness of persons, how can it be posited to also realise the aggregates as lacking inherent existence?
དྲི་བ་དང་པོ་ཁས་མི་ལེན་པས་དྲི་བ་འོག་མ་བཤད་པར་བྱའོ། གང་ཟག་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་ཕུང་པོ་རང་བཞིན་མེད་དོ་སྙམ་དུ་མི་འཛིན་ཀྱང་།
བློ་དེས་གཞན་ལ་ལྟོས་མེད་དུ་ཕུང་པོ་རང་བཞིན་མེད་པར་ངེས་པའི་ངེས་ཤེས་འདྲེན་ནུས་པས་ན་ཕུང་པོ་ལ་རང་བཞིན་གྱི་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་པར་
ནུས་པ་ཡིན་ནོ། དེའི་ཕྱིར་གང་ཟག་རང་བཞིན་མེད་པར་རྟོགས་པའི་ཚེ། ཕུང་པོ་ཡང་རང་བཞིན་མེད་པར་རྟོགས་པར་གསུངས་སོ།
Since we do not assert the first option, I will explain the latter question. Although the very awareness realising persons to lack inherent existence does not apprehend "The aggregates lack inherent existence.", since that awareness is able to induce an ascertainment of phenomena lacking inherent existence without depending on anything else, it is able to eliminate superimpositions of inherent existence wrt the aggregates.
Due to that, it is said that when realising persons to lack inherent existence, the aggregates are also realised to lack inherent existence.
Up a level: Hearers and Solitary Realisers realise emptiness of inherent existence