Composition of the treatise (Gomde)
དགེ་སློང་དཔལ་ལྡན་ཟླ་གྲགས་ཆོས་ཅན། ཁྱོད་ཀྱི་དབུ་མ་ལ་འཇུག་པའི་ལུགས་འདི་ཉིད། ལུང་རིགས་མན་ངག་གསུམ་དང་ལྡན་པས་རང་བཟོའི་ཉེས་པ་མེད་དེ།
རིགས་པ་ནི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལས་གསུངས་པའི་དོན་གཙོ་ཆེ་བ་རྣམས་བཏུས་ནས་ངེས་དོན་གྱི་ལུང་རྣམས་ཇི་ལྟ་བ་བཞིན་དང་།
ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་པའི་ཕྱིར།
The subject - the Gelong Glorious Candrakirti - due to the system of his Supplement to the Middle Way being endowed with the three - scriptures, reasoning, and instructions - it lacks the fault of being self-fabricated because it includes the main meaning of the reasonings taught in the Treatise on the Middle Way (Root Wisdom), as well as accurately explaining the definitive meaning scriptures and Nagarjuna's instructions.
ཇི་ལྟར་དབུ་མའི་བསྟན་བཅོས་འདི་ལས་གཞན་དངོས་སྨྲ་བའི་གཞན་ལུགས་ནི་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི་ཕྱིན་ཅི་མ་ལོག་པར་བརྗོད་པ་མེད་པ་དེ་བཞིན་དུ།
ཁོ་བོ་ཅག་གིས་ལུགས་གང་ཞིག་བརྒལ་ལན་དང་བཅས་ཏེ་ཐ་བསྙད་པ་འདིར་བྱུང་བའི་ལུགས་ཀྱང་བསྟན་བཅོས་གཞན་ན་ནི་མེད་དོ་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛོད་ཅིག་སྟེ་མཛད་རིགས་ཏེ། རང་ངོས་ནས་གྲུབ་པ་ཐ་སྙད་དུ་ཡང་མེད་བཞིན་དུ་བྱ་བྱེད་ཀྱི་རྣམ་གཞག་ཆེས་འཐད་པའིེ་རྟེན་འབྲེལ་ཟབ་མོ་གཏན་ལ་ཕབས་པའི་ཕྱིར།
Other than in this Treatise on the Middle Way, this dharma called "Emptiness" is not correctly explained in the system of others (the Proponents of Things); as such, it is suitable for the scholars to ascertain that our system together with the responses to objections explained does not exist in other treatises because it settles profound dependent-arising: that while establishment from its own side does not exist even conventionally, the presentation of agents and objects are thoroughly feasible.
བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་རྟོགས་པའི་བློའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་ལ་གཏིང་དཔག་པར་དཀའ་བའམ་
གནག་པའི་ཁ་དོག་གིས་འཇིགས་པའི་སྐྱེ་བོ་སེམས་ཙམ་དུ་སྨྲ་བ་སོགས་ཀྱིས་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་གང་དག་རྒྱང་རིང་དུ་སྤངས་པ་སྟེ་སྤངས་མོད་ཀྱང་། ཀླུ་སྒྲུབ་དེའི་དབུ་མ་རྩ་བའི་གཞུང་གི་ཚིག་ལེའུར་བྱས་པ་ཁ་འབུས་པ་མེ་ཏོག་ཀུ་མུད་ལྟ་བུ། ཟླ་བ་གྲགས་པའི་བློ་གྲོས་ཀྱི་བསིལ་ཟེར་གྱི་ཁ་ཕྱེ་བ་ལས། དེའི་ནང་གི་ལེགས་པར་བཤད་པའི་བཅུད་ཆུ་དེ་སྦྲང་རྩིས་ཁ་འབྱེད་བྱེད་ཟླ་བ་གྲགས་པ་ལ་སོགས་པའི་མཁས་པ་རྣམས་ཀྱི་ད་ལྟ་ཡིད་ཀྱི་རེ་བ་རྣམས་རབ་ཏུ་སྐོང་བར་བྱེད་པའི་ཕྱིར།
There is a special purpose for composing this treatise: The ocean of Arya Nagarjuna's intelligence realising the profound is extremely vast and difficult to fathom. Beings terrified by its darkness, such as the Cittamatrins and so forth, have distanced themselves and abandoned Nagarjuna's excellent system. However, Nagarjuna's Root Verses on the Middle Way are like the unopened buds of the kumuda flowers, opened by the cooling light of Candrakirti's intelligence, and the nectar within (the excellent explanations) fulfil the hopes of the scholars who opened it, such as Candrakirti and so forth.
དེ་ཁོ་ན་ཉིད་ཀྱི་དོན་དེ་ཉིད་གསན་པ་རྒྱ་ཆེན་པོ་དང་ལྡན་ཡང་། དབྱིག་གཉེན་སོགས་སེམས་ཙམ་པའི་སློབ་དཔོན་གཞན་དག་གིས་ཐུགས་སུ་ཆུད་པར་མི་འགྱུར་བའི་
རྒྱུ་མཚན་ཡོད་དེ། དེ་ཁོ་ན་ཉིད་ཀྱི་དོན་སྔར་བཤད་ཟིེན་པའིེ་ཟབ་མོའེ་གནས་བློ་གྲོས་དམན་པའི་ངོ་བོར་འཇིགས་སུ་རུང་བ་འདི་ནི།
སྔོན་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གོམས་པ་ཉིད་ཀྱིས་སྟོབས་ལས་སྐྱེ་བོ་དེ་ཡིས་ངེས་པར་རྟོགས་པར་འགྱུར་བ་ཡིན་ལ།
སློབ་དཔོན་དེ་དག་ནི་ཟབ་མོ་སྟོང་པ་ཉིད་ལྷག་པར་མོས་པ་དང་བྲལ་བའི་ཕྱིར།
Despite possessing vast learning regarding the meaning of suchness, there is a reason why other scholars of the Cittamatra (Vasubandhu and so forth) will not understand it: This profundity, which is the previously explained meaning of suchness and is suitably feared by those of lesser intelligence, will be definitively realised by beings through the force of prior familiarity with the imprints of surpassing disposition towards emptiness, whereas those scholars lack surpassing disposition towards the profound emptiness.
དེས་ན་ཐར་འདོད་ཀྱི་གདུལ་བྱ་རྣམས་ཆོས་ཅན། དབུ་མའི་ལུགས་ལས་གཞན་པ་དོན་དམ་སྟོན་པའི་ཚུལ་ལུགས་འཕགས་པའི་དགོངས་པ་མ་ཡིན་པ། རང་བློས་རང་དགར་སྦྱར་པའི་དངོས་སྨྲ་བའི་གཞུང་འདི་དག་མཐོང་བ་སྟེ་བལྟས་ནས་གང་ཟག་གི་བདག་ཏུ་བརྗོད་པ་སྟེ་དེ་སྟོན་པར་བྱེད་པ་ཡི་མུ་སྟེགས་ཀྱི་གཞུང་ལུགས་རྣམས་ལ་བྱ་བ་ལྟར་དུ། སེམས་ཙམ་པའི་སློབ་དཔོན་གཞན་གྱི་ལུགས་ཀྱིས་བཞེད་པའི་གཞུང་ཀླུ་སྒྲུབ་ཀྱི་ལུགས་འདི་ལས་གཞན་པ་རྣམས་ལ་དགའ་བའི་བློ་འདོན་པར་བྱ་སྟེ། སེམས་ཙམ་པའི་ནི་དག་གིས་དེ་ཁོ་ན་ཉིད་ཀྱི་དོན་ཐུགས་སུ་མ་ཆུད་པ་དེའི་ཕྱིར།
Therefore, the subject - disciples wishing for liberation - seeing that the texts of the Proponents of Things, whose mode of indicating the ultimate as other than the Madhyamaka system is not the Arya's intention but is simply their own invention, are similar to the textual systems of the Non-Buddhists that indicate a self of persons, they should give up delighting in texts asserting the systems of these other Cittamatrin scholars and are at variance with Nagarjuna's system because through those of the Cittamatrins they will not realise the meaning of suchness.
Up a level: Madhyamaka