Consciousness empty of objects arising from the potencies of imprints

In response to Refuting the example of perceiving falling hairs:

སྐྱོན་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བ་ནི་སྐྲ་ཤད་སྣང་བའི་བག་ཆགས་སྨིན་པའི་དབང་གིས་ཡིན་གྱི།
ཡུལ་སྐྲ་ཤད་ཀྱི་དབང་གིས་མ་ཡིན་ལ། རབ་རིབ་མེད་པར་ཡུལ་ལེགས་པར་མཐོང་བ་དག་ལ་སྐྲ་ཤད་སྣང་བའི་བློའེ་ནུས་པ་བག་ཆགས་ནི་སྨིན་པ་མེད་པ་དེའི་ཕྱིར་
རབ་རིབ་མེད་པ་དེ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བར་མི་འགྱུར་བ་ཡིན་གྱི་ཤེས་བྱ་སྐྲ་ཤད་ཡོད་པའིེ་དངོས་པོ་དང་བྲལ་བའི་དབང་གིས་བློ་དེ་མི་སྐྱེ་བ་མ་ཡིན་ནོ་ཞེ་ན།
Cittamatra: There is no such fault. Why? The arising of an awareness to which falling hairs appear for those with an eye-disease is through the power of the ripening of imprints for the appearance of falling hairs; it is not through the power of the object, falling hairs. Those without an eye-disease and who see objects well lack the ripening of imprints that are potentials for awarenesses to which falling hairs appears. Due to that, those without an eye-disease will not give rise to an awareness to which falling hairs appear; it is not that they do not give rise to such an awareness through the power of being separated from the object. i.e. existent falling hairs.


ཤེས་བྱ་ཆོས་ཅན། ནུས་པ་རང་བཞིན་གྱིས་གྲུབ་པ་སྨིན་མ་སྨིན་ལས་སྐྲར་སྣང་གི་བློ་སྐྱེ་མི་སྐྱེའི་ཁྱད་པར་འདི་ནི་འགྲབ་པ་མ་ཡིན་པར་ཐལ།
དེ་འདྲའི་རྣམ་ཤེས་སྐྱེ་བའི་ནུས་པ་དེ་རང་བཞིན་གྱིས་མེད་པའི་ཕྱིར།
The subject - objects of knowledge - it follows that that a difference in terms of the arising or not of an awareness to which falling hairs appear through the ripening or not of inherently established potencies is not established because such potencies for producing consciousnesses do not inherently exist.

དེ་ཆོས་ཅན། ནུས་པ་རང་དུས་ན་སྐྱེས་པའི་རྣམ་ཤེས་ད་ལྟ་བ་ལ་ནུས་པ་རང་ཉིད་ཕན་འདོགས་བྱེད་དུ་གྲུབ་པ་སྲིད་པ་ཡོད་པ་མ་ཡིན་པར་ཐལ།
དེ་ལྟར་ན་རྣམ་ཤེས་དེ་ལ་རང་ལས་གཞན་པའི་རྒྱུ་མེད་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར།
That subject, it follows that a potency cannot be established as a helper for the presently arisen consciousness at that time because if that were the case, then there would be the faults of that consciousness not having a cause other than itself and so forth.

ཇི་ལྟར་ཡོད་ཅེ་ན། ནུས་པ་དེ་རང་དུས་ན་ཡོད་པའི་སྐྲར་སྣང་རྣམ་ཤེས་སྐྱེ་བྱེད་ཡིན་ན་ནུས་པ་དང་རྣམ་ཤེས་གཉིས་དུས་མཉམ་དུ་འགྱུར་ལ།
How so? If a potency were the producer of the consciousness to which falling hairs appear that exists during its own time, then the potency and consciousness would become simultaneous.

དེ་ལྟར་ན་དེ་གཉིས་ངོ་བོ་གཅིག་གམ། ཐ་དད་གང་ཡིན།
In that case, are they one entity or different entities?

དང་པོ་ལྟར་ན། སྐྲར་སྣང་རྣམ་ཤེས་ཆོས་ཅན། ཁྱོད་ལ་རང་ལས་གཞན་པའི་རྒྱུ་མེད་པར་ཐལ། རང་དུས་སུ་རང་རྒྱུ་དང་ངོ་བོ་གཅིག་ཡིན་པའི་ཕྱིར།
In the first case, the subject - consciousness to which falling hairs appear - it follows that it does not have a cause that is other than itself because it is one entity with its cause during its own time.

མྱུ་གུའི་དུས་སུ་ས་བོན་མ་ཞིག་པར་ཐལ། རྒྱུ་འབྲས་ངོ་བོ་གཅིག་ཡིན་པའི་ཕྱིར།
It follows that the seed has not disintegrated at the time of the sprout because cause and effect are one entity!

གཉིས་པ་ལྟར་ན། དེ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་རྒྱུའི་དུས་ན་གྲུབ་ཟིན་པའི་ཕྱིར།
In the second case, that subject, it follows that its repeated production is senseless because it is already established during the time of the cause.


ཤེས་བྱ་ཆོས་ཅན། ནུས་པ་རང་དུས་ནམ་སྐྱེས་པའི་རྣམ་ཤེས་མ་འོངས་པའི་ངོ་བོ་ལ་ཡང་ནུས་པ་རང་ཉིད་ཕན་འདོགས་བྱེད་དུ་ཡོད་པ་མ་ཡིན་པར་ཐལ།
རྣམ་ཤེས་མ་འོངས་པ་ནུས་པའི་དུས་ན་མེད་པའི་ཕྱིར།
The subject - objects of knowledge - it follows that a potency cannot exist as a helper for the consciousness that will arise in the future relative to its own time because the future consciousness does not exist at the time of the potency.

ཁྱབ་པ་ཡོད་དེ། རྣམ་ཤེས་འདིའི་ནུས་པ་ཞེས་རྣམ་དབྱེ་དྲུག་པ་ཡིན་པ་དེའི་ཚེ་རྣམ་ཤེས་ཁྱད་ཆོས་དང་ནུས་པ་ཁྱད་གཞི་ཡིན་ལ།
དེ་ལ་ནི་རྣམ་ཤེས་མ་འོངས་པ་ནུས་པའི་དུས་སུ་མེད་ན་ནུས་པ་འདི་ནི་རྣམ་ཤེས་འདིའི་ནུས་པའོ་ཞེས་བསྟན་དུ་མེད་པས་རྣམ་ཤེས་གཏན་མེད་དུ་འགྱུར་ལ།
དེ་ལྟར་ན་ཁྱད་པར་རྣམ་ཤེས་མེད་པར་དེས་ཁྱད་པར་དུ་བྱས་པ་ཅན་གྱི་ནུས་པའང་ཡོད་པ་མ་ཡིན་པའི་ཕྱིར།
There is pervasion because:

ཕྱི་མ་མ་གྲུབ་ན། འོ་ན། མོ་གཤམ་བུ་ལའང་རང་རྒྱུ་ནུས་པ་དེ་ནི་ཡོད་པར་ཐལ། རྣམ་ཤེས་མེད་ཀྱང་དེ་སྐྱེ་བའི་ནུས་པ་ཡོད་པའི་ཕྱིར།
If the latter is not established: In that case, it follows that also the son of a barren woman has its potent cause because although consciousness does not exist, it has a potency of its production.

གལ་ཏེ་ཁོ་ན་རེ། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། ཞེས་པའི་སྐྱོན་མེད་དེ།
རྣམ་ཤེས་མ་འོངས་པ་ནུས་པའི་དུས་ན་མེད་ཀྱང་ཕྱིས་འབྱུང་བར་འགྱུར་བས་དེ་ལ་བསམ་ནས་རྣམ་ཤེས་དེའི་ནུས་པ་འདིའོ་ཞེས་བསྟན་པར་འདོད་པའི་ཕྱིར།
དཔེར་ན་འབྱུང་འགྱུར་ལ་བསམ་ནས་འབྲས་ཆེན་ཚོས་རས་ཡུགས་ཐོགས་ཞེས་དང་། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་འབྱུང་གཉིས།
ཞེས་འཁོར་བསྒྱུར་སོགས་སུ་འགྱུར་རྒྱུ་ཞིག་མངལ་དུ་འཇུག་པ་ལ་དེ་དག་མངལ་དུ་འཇུག་པར་བཤད་པ་བཞིན་ནོ་ཞེ་ན།
If it is said: The fault that without the qualifier, the qualified does not exist is not incurred because although the future consciousness does not exist at the time of the potency, it subsequently arises and therefore it is asserted that it is indicated saying "This is the potency of that consciousness" with that in mind.

ཤེས་བྱ་ཆོས་ཅན། སྐྲ་སྣང་རྣམ་ཤེས་སྐྱེ་བའི་ནུས་པའི་དུས་ན་རྣམ་ཤེས་འདི་ཡི་འབྱུང་བར་འགྱུར་བ་མེད་པར་ཐལ།
སྐྲར་སྣང་རྣམ་ཤེས་སྐྱེ་བའི་ནུས་པ་རང་བཞིན་གྱིས་མེད་པའི་ཕྱིར། ཡང་ན་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་ནུས་པའི་དུས་ན་མེད་པའི་ཕྱིར།
The subject - objects of knowledge - it follows that at the time of the potency for producing a consciousness to which falling hair appears, that which will give rise to this consciousness does not exist because the potency for producing a consciousness to which falling hair appears does not inherently exist. Or because an inherently existent consciousness does not exist at the time of the potency.

ཁྱབ་ཏེ། རང་བཞིན་གྱིས་གྲུབ་པ་ཞིག་དུས་གཅིག་ཏུ་མེད་ན་ཐམས་ཅད་དུ་མེད་དགོས་པས་གཏན་མེད་ཡིན་དགོས་པའི་ཕྱིར་རོ།
There is pervasion because if something that is inherently established does not exist at one time, then it necessarily non-existent at all times; therefore, it is necessarily non-existent.

ཁོ་ན་རེ། འབྱུང་འགྱུར་གྱི་རྣམ་ཤེས་ནུས་པའི་དུས་ན་མེད་པས་མེད་མི་དགོས་ཏེ།
ནུས་པ་དང་དེ་གཉིས་དུས་མཉམ་དུ་མ་གྲུབ་ཀྱང་ཕན་ཚུན་ལྟོས་ནས་འཇོག་པའི་ཕྱིར་ཞེ་ན།
If someone says: The consciousness that will arise not existing at the time of the potency does not entail its non-existence because although it and the potency do not exist at the same time, they are posited in mutual dependence.

དེ་གཉིས་ཆོས་ཅན། རང་བཞིན་གྱིས་མ་གྲུབ་པར་ཐལ། ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར།
The subject - those two - it follows that they are not inherently established because they are established in mutual dependence.

ཁྱབ་ཏེ། ཕན་ཚུན་གཅིག་གི་དོན་ལ་གཅིག་ཤོས་བརྟེན་པའི་ཚུལ་གྱིས་གྲུབ་པ་ནི།
རང་བཞིན་གྱིས་གྲུབ་པ་མ་ཡིན་པ་ཉིད་ཅེས་དམ་པ་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུངས་པའི་ཕྱིར།
There is pervasion because establishment by way of mutual dependence of one upon the other is indicated by the Supreme Omniscient ones as being the lack of inherent establishment.


གལ་ཏེ་ཁོ་ན་རེ། ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད་ཅེས་པའི་སྐྱོན་མེད་དེ། ནུས་པའི་དུས་ན་འགགས་པའི་རིགས་མཐུན་གྱི་རྣམ་ཤེས་སྔ་མ་ཁ་ཅིག་གིས་
རྣམ་ཤེས་ཕྱི་མ་སྐྱེ་བའི་ནུས་པ་ཀུན་གཞིའི་སྟེང་དུ་བཞག་ལ། དེ་འདྲའི་ནུས་པ་དེ་སྨིན་པ་ལས་འབྱུང་འགྱུར་གྱི་རྣམ་ཤེས་རྣམས་སྐྱེ་བར་འགྱུར་བའི་ཕྱིར་ཞེ་ན།
If someone says: There is no fault that without the potency, this will not arise because some previous consciousness of concordant type that has ceased at the time of the potency deposits a potency for the production of a later consciousness upon the Alaya and from the ripening of such a potency, a later consciousness will be produced.

ཤེས་བྱ་ཆོས་ཅན། འོ་ན། རྣམ་ཤེས་སྔ་མ་གཞན་གྱི་ནུས་པ་ལས་རང་དང་རིགས་མི་མཐུན་པའི་འབྲས་བུ་རྣམ་ཤེས་ཕྱི་མ་གཞན་འབྱུང་བར་འགྱུར་བར་ཐལ།
རྒྱུན་ཅན་སྐད་ཅིག་མ་རྣམས་རིམ་ཅན་དུ་འབྱུང་བ་དེར་ཁྱོད་ལྟར་ན་སྔ་ཕྱི་ཕན་ཚུན་རང་བཞིན་ཀྱིས་གྲུབ་པའི་ཐ་དད་དུ་ཡོད་པའི་ཕྱིར།
The subject - objects of knowledge - in that case, it follows that from the potency of a separate earlier consciousness, a separate later consciousness (a result of discordant type to it) will arise because the moments belonging to a continuum arise gradually but according to you, the earlier and later moments are inherently established mutually different.

འདོད་ན། དངོས་པོ་ཐམས་ཅད་རྒྱུ་ཡིན་མིན་ཀུན་ལས་འབྱུང་བར་འགྱུར་བར་ཐལ། འདོད་པ་དེའི་ཕྱིར།
If accepted: It follows that all things will arise from anything, whether or not it is their cause, because the above was accepted.

དེ་ལ་ཁོ་ན་རེ། གལ་ཏེ་སྐད་ཅིག་མ་རྣམས་རིམ་ཅན་དུ་འབྱུང་བ་དེར་ནི་རྒྱུན་ཅན་སྐད་ཅིག་སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐ་དད་ཡིན་མོད་ཀྱི།
དེ་ལྟ་ན་འང་སྐད་ཅིག་སྔ་ཕྱི་དེ་དག་ལ་རྒྱུན་ཐ་དད་མེད་པར་རྒྱུད་གཅིག་ཁོ་ན་ཡིན་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཉེས་པ་མེད་དོ་ཅེ་ན།
If someone responds to that: The moments that gradually arise are earlier and later moments belonging to a continuum that are established by their own-nature different; however, those earlier and later moments are not of different continue but rather of just the same continuum and therefore, there is no such fault that everything would arise from everything.

འདི་ནི་གཞན་སྐྱེ་ལ་ཧ་ཅང་ཐལ་བ་སྤོང་པའི་ལན་གྱི་དངོས་གཞི་ཡིན་ནོ།
This is [Cittamatra's] actual response in order to abandon the [Prasangika's] absurd consequence in relation to production from other.

འོ་ན། ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་རྒྱུན་གཅིག་པ་འདི་ནི་བསྒྲུབ་བྱ་ཞིག་ཏེ་མ་གྲུབ་པར་ཐལ།
ངོ་བོ་ཉིད་ཀྱིས་གྲུབ་པའི་སྔ་ཕྱི་ཐ་དད་པའི་རྒྱུན་ཡོད་པའི་གོ་སྐབས་མི་རིགས་པའི་ཕྱིར་རོ།
In that case, it follows that things that are different by way of their own-nature being of the same continuum is a probandum, i.e. it is not established, because an occasion for the existence of a continuum with earlier and later moments that are different by way of their own-nature is illogical.

སྔ་ཕྱི་གང་དག་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་དག་ཆོས་ཅན། རྒྱུད་གཅིག་ཏུ་གཏོགས་པ་རིགས་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ཡིན་པའིེ་ཕྱིར།
The subject - those earlier and later moments that are established by way of their own-nature - it is not logical that they are included within the same continuum because they are individually established by way of their own-character.

དཔེར་ན་བྱམས་པ་དང་ཉེར་སྦས་ལ་བརྟེན་པའི་ཆོས་རྣམས་ནི་གང་ཟག་སོ་སོའེ་གཞན་ཉིད་ཡིན་པའི་ཕྱིར་ན་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་བཞིན་ནོ།
For example, the qualities of Maitreya and Upagupta are not included within the same continuum because they are individual persons that are just different.


Up a level: Refuting that consciousness is inherently established without external objects (Gomde)