Debates on omniscience
ཁ་ཅིག སངས་རྒྱས་ཀྱི་ཡེ་ཤེས་དེས་རང་ལས་ཐ་དད་པའི་ཆོས་ཤུགས་ལ་མ་རྟོགས་ཀྱང་། དེས་ཤུགས་ལ་རྟོགས་པའི་ཆོས་ཡོད་དེ།
དེས་རང་ཉིད་ཤུགས་ལ་རྟོགས་པའི་ཕྱིར། ཟེར་ན།
Someone says: Although the exalted wisdom of a buddha does not implicitly realise phenomena that are other than itself, phenomena implicitly realised by it exists because it implicitly realises itself.
འོ་ན། རྣམ་མཁྱེན་གྱིས་དངོས་སུ་མ་རྟོགས་པའི་ཆོས་ཤིག་ཡོད་པར་ཐལ། ལུང་དོན་འཆད་ཚུལ་དེ་འཐད་པའི་ཕྱིར།
Response: In that case, it follows that a phenomenon that is not explicitly realised by omniscience exists because this way of explaining the passage is correct.
འདོད་ན། དེས་ཤེས་བྱ་ཉི་ཚེ་བ་ཙམ་དངོས་སུ་རྟོགས་པར་ཐལ་ལོ།
If accepted: It follows that it explicitly realises objects of knowledge partially.
འདོད་མི་ནུས་ཏེ། ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །ཅེས་གསུངས་པའི་ཕྱིར།
You cannot accept because it directly realises all objects of knowledge; because [the Supplement] says, "The exalted knower of omniscience is asserted to possess the characteristic of direct perception." [6.214ab]
དེ་རིང་གི་དུས་སུ་ཁ་སང་གི་བུམ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྟོགས་ཀྱང་། དེའི་དུས་སུ་དེ་ཡོད་མི་དགོས་ཏེ། མཁྱེན་དུས་དང་གྲུབ་དུས་མི་གཅིག་པའི་ཕྱིར་ཟེར་ན།
Someone says: Although the exalted wisdom of a buddha realises yesterday's pot today, it does not necessarily exist at that time because its time of being known and time of establishment are not the same.
དེ་རིང་གི་དུས་སུ་ཁ་སང་གི་བུམ་པ་ཚད་མས་རྟོགས་པར་ཐལ། དེའི་དུས་སུ་དེ་རྣམ་མཁྱེན་གྱིས་རྟོགས་པའི་ཕྱིར།
Response: It follows that yesterday's pot is realised by valid cognition today because it is realised by omniscience at that time.
འདོད་ན། དེའི་དུས་སུ་དེ་ཡོད་པར་ཐལ། འདོད་པའི་ཕྱིར།
If accepted: It follows that it exists at that time because the above was accepted.
རང་ལུགས་ནི། དེ་རིང་གི་དུས་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེས་དེ་རིང་གི་དུས་སུ་ཁ་སང་གི་བུམ་པ་མངོན་སུམ་དུ་རྟོགས་ཏེ།
དེས་དེ་རིང་གི་དུས་སུ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། དེས་དུས་གསུམ་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ།
Our own system: The exalted wisdom of a buddha that knows today directly realises yesterday's pot at that time because it directly realises all objects of knowledge today; because it directly realises the three times simultaneously;
མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཞེས་སོགས་གསུངས་པའི་ཕྱིར།
because [Jñānagarbha’s Two Truths] says "A single moment of the exalted knower..." and so forth.
ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་སྙེད་པ་མ་རྟོགས་ཟེར་ན།
Someone says: The omniscience realising the modes does not realise varieties.
རྟོགས་པར་ཐལ། དེས་སེམས་བསྐྱེད་སོགས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར།
Response: It follows that it does realise those because it directly realises the ten dharmas of mind generation and so forth; because it is an Exalted Wisdom of All Aspects [i.e. omniscience].
ཁོ་ན་རེ། དེ་ཆོས་ཅན། གཉིས་སྣང་དང་བཅས་པའི་བློ་ཡིན་པར་ཐལ། ཇི་སྙེད་པ་ལ་གཉིས་སྣང་དང་བཅས་པའི་བློ་ཡིན་པའི་ཕྱིར།
འདོད་ན། གཉིས་སྣང་ནུབ་པའི་བློ་ཡིན་པར་ཐལ། ཇི་ལྟ་བ་ལ་གཉིས་སྣང་ནུབ་པའི་བློ་ཡིན་པའི་ཕྱིར་ན།
Someone says: The subject - that [omniscience] - it follows that it is an awareness possessing dualistic appearances because of being an awareness possessing dualistic appearances wrt the varieties.
If accepted: It follows that it is an awareness for which dualistic appearances have subsided because of being an awareness for which dualistic appearances have subsided wrt the modes.
Response: No pervasion. མ་ཁྱབ།
ཁ་ཅིག ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་ཡོད་ཟེར་ན།
Someone says: From the perspective of the omniscience knowing the modes's perception of the modes, varieties exist.
བཀག་ཟིན། དེ་མི་འཐད་པར་ཐལ། ཊཱིཀ་ཆེན་ལས། གང་གི་ཚེ་ཆོས་ཉིད་ལ་ལྟོས་ཏེ། ཞེས་སོགས་ཀྱི་ལུང་དོན་གྲུབ་པའི་ཕྱིར།
Response: That has already been refuted. It is illogical because the meaning of the passage in [Tsongkhapa's] Illumination saying "At that time, [it has become an exalted wisdom that is a knower of modes] in relation to dharmata..." and so forth.
ཁ་ཅིག བྱང་སེམས་རྒྱུན་མཐའ་བས་དང་པོར་རང་དོན་ཆོས་སྐུ་མངོན་དུ་མཛད། དེ་རྗེས་ལོངས་སྐུ་མངོན་དུ་མཛད་པ་ཡིན་ནོ། །ཟེར་ན།
Someone says: The bodhisattva at the end of the continuum initially actualises their own welfare (Dharmakaya) and then actualises the Sambhogakaya.
མི་འཐད་དེ། དེས་དེ་གཉིས་ཅིག་ཅར་ཐོབ་པའི་ཕྱིར་ཏེ།
Response: That is unfeasible because they attain those two simultaneously.
ཊཱིཀ་ཆེན་ལས། དེའི་ཕྱིར་གོ་འཕང་དེ་ནི་དང་པོར་ལོངས་སྤྱོད་རྫོགས་པའི་སྐུས་མངོན་སུམ་དུ་མཛད་པ་སྟེ་བརྙེས་པར་ཀུན་རྫོབ་ཏུ་ཞེས་དང་།
འདིར་ཡང་། སེམས་འགགས་པས་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་གསུངས་པའི་ཕྱིར།
This is because [Tsongkhapa's] Illumination says: "As such, conventionally that state is initially made manifest (i.e. gained) by the Complete Enjoyment Body" and also in this context [the Supplement] says "Due to minds having ceased, that is actualised by the Body." [i.e. 11.17d].
འདིའི་དོན་ལ་ཁ་ཅིག །སངས་རྒྱས་ཀྱི་ས་ན་སེམས་སེམས་བྱུང་གི་རྒྱུ་བ་འགགས་པ་དེའི་དོན་ཡིན་ཟེར་ན།
Regarding the meaning of this, someone says: The meaning of that is that on the Buddha-ground, the activities of mind and mental factors have ceased.
མི་རིགས་ཏེ། དེ་ན་རྣམ་རྟོག་གི་རྒྱུ་བ་འགགས་པ་དེའི་དོན་ཡིན་པའི་ཕྱིར་ཏེ།
Response: That is illogical because the meaning of that is that on that [ground], the activity of conceptuality has ceased.
ཚིག་གསལ་ལས། མདོ་ལས་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས།
ཞེས་གསུངས་པའི་ཕྱིར། དེ་ལྟར་ན་རྣམ་པར་རྟོག་པ་མེད་པ་ཡང་ཡིན་ནོ། །ཞེས་དང་།
This is because [Chandrakirti's] Clear Words says: Sutra says, "What is the ultimate truth? If there is no mental activity wrt that, then there is no need to mention letters." Therefore, there is also no conceptuality.
རང་འགྲེལ་ལས། སྐུ་གང་གིས་དེ་ཁོ་ན་ཉིད་འདི་མངོན་སུམ་དུ་མཛད་པར་བཤད་པ་དེ་ནི་ཞི་བའི་རང་བཞིན་ཅན་དུ་འདོད་དེ། སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ། །ཞི་བའི་རང་བཞིན་ཅན་ཡིན་ཡང་། སེམས་ཅན་གྱི་དོན་མཛད་པར་སྤྱོད་པ་གསལ་བར་བྱེད་པ་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་བྱ་བ་སྟེ། འདི་རྣམ་པར་མི་རྟོག་པ་ཉིད་ཡིན་དུ་ཟིན་ཀྱང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་ལྟར་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པའི་རྒྱུ་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང་།
And because the Autocommentary says: The Body that is explained as having made suchness manifest is asserted to possess the nature of pacification because of being free from minds and mental factors. Despite possessing the nature of pacification, it clearly enacts activities accomplishing the welfare of sentient beings; [the Supplement] says "The pacified Body is clear like a wish-fulfilling tree and non-conceptual like a wish-fulfilling jewel.", i.e. that although it already is non-conceptual, it is the cause for accomplishing their desired-welfare just like a wish-fulfilling tree and wish-fulfilling jewel."
ཊཱིཀ་ཆེན་ལས། འདིའི་དོན་བཤད་པའི་སྐབས་སུ། རྣམ་རྟོག་གི་སེམས་སེམས་བྱུང་དང་བྲལ་བ་ལ་གསལ་བར་གསུངས་པས།
སངས་རྒྱས་ལ་ཡེ་ཤེས་མེད་པའི་ཁུངས་སུ་འདྲེན་པ་ནི་གཞུང་གི་དོན་མ་རྟོགས་པའི་སྐུར་འདེབས་ཆེན་པོའ།ོ །ཞེས་གསུངས་པའི་ཕྱིར།
And because [Tsongkhapa's] Great Commentary says: In the context of explaining the meaning of this, it is clearly explained as being free from conceptual minds and mental factors; therefore, quoting is as a source stating the Buddha lack exalted wisdom is the great deprecation of those who have not understood the text's meaning.
རང་འགྲེལ་ལས། འདི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར་བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་མི་བརྗོད་པ་དེ་བཞིན་དུ། ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པའི་ལུགས་འདི་ནས་འབྱུང་བ་འདི་ཡང་སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ་ལོ། དེའི་ཕྱིར་ཁ་ཅིག་གིས། མདོ་སྡེ་པ་རྣམས་ཀྱི་ལུགས་ལ་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད། དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ། །ཞེས་སྨྲས་པ་གང་ཡིན་པ་དེ་ནི། དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཞེས་གསུངས།
The Autocommentary says:
Apart from [Nagarjuna's] Treatise on the Middle Way, this dharma referred to as "emptiness" is not non-erroneously explained in other treatises; similarly, the system we have explained here together with responses to objections, in accordance with the dharma of emptiness, does not exist in other treatises. Scholars, please understand this.
Due to this, some say that what is asserted as an ultimate in the Sautrantika system is asserted as conventional by the Madhyamikas, but they should be understood to be proponents who have categorically misunderstood the suchness that is the meaning of the Madhyamaka treatises.
འདི་ལ་ཁ་ཅིག །མདོ་སྡེ་པས་དོན་དམ་དུ་ཁས་ལེན་པའི་བུམ་པ་དབུ་མ་པས་ཀུན་རྫོབ་ཏུའང་ཁས་མི་ལེན་ཞེས་པའི་དོན་ཡིན་ཞེ་ན།
Regarding this, someone says: The meaning is that the pot asserted as an ultimate by the Sautrantikas is not asserted by the Madhyamikas even conventionally.
མི་འཐད་དེ། བུམ་པ་མདོ་སྡེ་པས་དོན་དམ་པར་ཁས་ལེན་པ་གང་ཞིག །དེ་དབུ་མ་པས་ཀུན་རྫོབ་ཏུ་ཁས་ལེན་པའི་ཕྱིར།
Response: This is incorrect because 1) the pot is asserted by the Sautrantikas as an ultimate and 2) it is asserted by the Madhyamikas as a conventionality.
ཁ་ཅིག །མདོ་སྡེ་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་དུ་ཁས་བླངས་པ་དེ། དབུ་མ་པས་ཀུན་རྫོབ་ཏུ་ཡང་ཁས་མི་ལེན་ཞེས་པའི་དོན་ཡིན་ཞེ་ན།
Someone says: The meaning is that what the Sautrantikas assert as an object established by own-character, the Madhyamikas do not assert even conventionally.
དེ་མི་འཐད་དེ། མདོ་སྡེ་པས་གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་ཁས་ལེན་པའི་ཕྱིར་ཏེ།
དེས་འདུས་མ་བྱས་ཀྱི་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ།
དེས་འདུས་མ་བྱས་ཀྱི་ནམ་མཁའ་འདུས་མ་བྱས་ཀྱི་ནམ་མཁའ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱིར།
Response: That is incorrect because the Sautrantikas assert that if it is an established basis, then it is pervaded by being established by own-character; because they assert that uncompounded space is established by own-character; because they assert that uncompounded space is established by own-character as the referent for applying the term "uncompounded space".
རང་ལུགས་ལ། མདོ་སྡེ་པས་ཁས་ལེན་པའི་བདེན་གྲུབ་དེ། དབུ་མ་པས་ཀུན་རྫོབ་ཏུ་ཡང་ཁས་མི་ལེན་ཏེ། མདོ་སྡེ་པས་ཀུན་རྫོབ་དང་དོན་དམ་གང་ཡིན་ཡང་།
རང་གི་བཏགས་དོན་བཙལ་ན་རྙེད་པར་འཇོག་ལ། དབུ་མ་པས་དེ་ལྟར་རྙེད་པའི་ཆོས་ཀུན་རྫོབ་ཏུ་ཡང་ཁས་མི་ལེན་པའི་ཕྱིར། ཞེས་པ་ལུང་དེའི་དོན་ཡིན་ནོ།
Our own system, the meaning is that: The true establishment asserted by the Sautrantikas is not asserted by the Madhyamika even conventionally because 1) the Sautrantikas posit that any conventional or ultimate [phenomenon] is findable upon seeking its designated-object and 2) the Madhyamikas do not assert phenomena that are findable as such even conventionally.
དབུ་མ་ཐལ་རང་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་དོ། །ཞེ་ན།
Someone says: There is no difference in views of the Madhyamaka Svatantrika and Prasangika.
ཤེས་རབ་སྒྲོན་མ་ལས། སྟོང་ཉིད་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ།
རང་རྒྱུད་པས་འདོད་པ་ལྟར་གྱི་སྟོང་ཉིད་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག ཐལ་རང་གཉིས་ལ་ལྟ་བ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར།
Response: It follows that [Bhavaviveka's] Lamp of Wisdom indicates emptiness through taking it as its main explicit indicated-object because 1) it indicates emptiness through taking it as its main explicit indicated-object in accordance with the Svatantrika's assertions and 2) there is no difference in views of the Svatantrika and Prasangika.
འདོད་མི་ནུས་ཏེ། རང་འགྲེལ་ལས།
ཇི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར། ཞེས་པ་ནས། མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ། ཞེས་པའི་བར་གསུངས་པའི་ཕྱིར།
You cannot accept because the Autocommentary says "Apart from [Nagarjuna's] Treatise on the Middle Way," and up to "Scholars, please understand this."
Up a level: Madhyamaka