Debates over the meaning

ཁ་ཅིག ཁོང་ཁྲོས་རང་གི་གཞོམ་བྱའི་དགེ་རྩའི་རྣམ་སྨིན་གྱི་འབྲས་བུ་མྱུར་དུ་འབྱིན་པའི་ནུས་པ་བཅོམ་ནས་འབྲས་བུ་ཐག་སྲིང་བ་འབྱིན་པ་ཡིན་གྱི།
འབྲས་བུ་འབྱིན་པའི་ནུས་པ་གཏན་མེད་དུ་བྱེད་པ་ནི་མ་ཡིན་ཏེ། ཁོང་ཁྲོས་དགེ་རྩའི་ས་བོན་འཇོམས་མི་ནུས་པའི་ཕྱིར་ཏེ།
འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་སྤོང་མི་ནུས་པའི་ཕྱིར།
Someone says: Anger destroys the potency of the root virtues it destroys to quickly issue forth their fruitional results such that the issuing forth of their results is delayed. It is not that their ability to issue forth results is made completely non-existent because anger cannot destroy the seeds of root virtues; because a mundane path is not able to abandon the seeds of objects of abandonment.

སྦྱོར་ལམ་རྩེ་མོ་ལ་གནས་པའི་སེམས་དཔའི་རྒྱུད་ལ་ལོག་ལྟ་མངོན་གྱུར་དུ་སྐྱེ་བ་སྲིད་པར་ཐལ། དེས་ལོག་ལྟའི་ས་བོན་མ་སྤངས་པའི་ཕྱིར།
ཁྱབ་སྟེ། ཁོང་ཁྲོས་དགེ་རྩའི་ས་བོན་མ་བཅོམ་ན་དགེ་རྩའི་རྣམ་སྨིན་ཡིད་འོང་འབྱིན་ངེས་པས་ཁྱབ་པས་ཁྱབ་པ་ཡོད་པའི་ཕྱིར།
It follows that it is possible for wrong views to be manifestly produced in the continuum of a bodhisattva abiding on the peak level of the path of preparation because they have not abandoned the seeds of wrong views.
There is pervasion because the pervasion exists whereby if anger does not destroy the seeds of root virtues, then they are pervaded by being definite to issue forth the pleasant fruitions of those root virtues.

སྦྱོར་ལམ་བཟོད་པ་ལ་གནས་པའི་སེམས་དཔའ་ལས་ཉོན་གྱི་དབང་གིས་ངན་འགྲོར་སྐྱེ་སྲིད་པར་ཐལ། དེས་ངན་སོང་གི་ས་བོན་མ་སྤངས་པའི་ཕྱིར། ཁྱབ་པ་ཁས།
It follows that it is possible for a bodhisattva abiding on the forbearance level of the path of preparation to be born in bad migrations through the force of karma and afflictions because they have not abandoned the seeds of the lower realms. You asserted the pervasion.

སྲོག་གཅོད་ཀྱི་མི་དགེ་བའི་ལས་གཉེན་པོ་སྟོབས་བཞིས་བཤགས་ཟིན་པའི་གང་ཟག་གི་རྒྱུད་ལ་
སྲོག་གཅོད་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱུང་སྲིད་པར་ཐལ། དེས་སྲོག་གཅོད་ཀྱི་ལས་ཀྱི་ས་བོན་མ་སྤངས་པའི་ཕྱིར། ཁྱབ་པ་ཁས།
It follows that it is possible for the action of killing in the continuum of a person who has already purified the non-virtuous action of killing by means of the four powers of antidotes to arise as unpleasant fruitional actions because they have not abandoned the seeds of the action of killing. You asserted the pervasion.

མི་དགེ་བའི་ལས་སྟོབས་ལྡན་ཡིན་ན། རང་ལས་སྟོབས་ཆུང་བའི་དགེ་རྩ་འཇོམས་བྱེད་ཡིན་དགོས་པར་ཐལ།
དེ་ཡིན་ན་རང་ལས་སྟོབས་ཆུང་བའི་དགེ་རྩའི་ནུས་པ་ཐག་སྲིང་ནུས་ཡིན་པས་ཁྱབ་པ་གང་ཞིག
ཁོང་ཁྲོས་དགེ་རྩ་འཇོམས་པའི་དོན་དགེ་རྩའི་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ནུས་པ་ཐག་སྲིང་བ་ལ་བྱེད་རིགས་པའི་ཕྱིར། རྟགས་ཕྱི་མ་ཁས།
It follows that if it is a powerful non-virtuous actions, then it necessarily destroys root virtues weaker than itself because 1) if it is that, then it is pervaded by being able to delay the potency of root virtues weaker than itself and 2) the meaning of anger destroying root virtues is suitable to be taken as it delaying the potency of root virtues to issue forth their fruitional results. You asserted the latter reason.

དང་པོ་དེར་ཐལ། མཛོད་འགྲེལ་དུ་མདོ་དྲངས་པ་ལས། ལས་ཀྱི་འཁོར་བ་ལྕི་གང་དང་། ཉེ་བ་གང་དང་གོམས་པ་གང་།
སྔོན་བྱས་གང་ཡིན་དེ་དག་ལས། སྔ་མ་སྔ་མ་རྣམ་སྨིན་འགྱུར། ཞེས་གསུངས་པའི་ཕྱིར།
The first reason follows because the Sūtra quoted in [Vasubandhu’s] Autocommentary says:
Actions in Saṃsāra that are the heaviest,
The most recent, the most habitual,
And those done first – among those
The previous will ripen [first].


ཁ་ཅིག ཁོང་ཁྲོས་དགེ་རྩ་འཇོམས་པའི་དོན་ནི། ཁོང་ཁྲོས་རང་གི་གཞོམ་བྱའི་དགེ་རྩའི་རྣམ་སྨིན་འབྱིན་པའི་ནུས་པ་གཏན་མེད་དུ་བྱེད་པ་ཡིན་ནོ། ཞེ་ན་མི་འཐད།
Someone says: The meaning of anger destroying root virtues is that anger makes the potency of the root virtues it destroys to issue forth their fruitions completely non-existent.
This is incorrect.


Up a level: Madhyamaka