Direct valid cognition
ཚད་མ་གང་ཞིག །རྟགས་ལ་དངོས་སུ་མ་བརྟེན་པར་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་ལ་མི་སླུ་བའི་རིག་པ། མངོན་སུམ་ཚད་མའི་མཚན་ཉིད།
Definition: That which is:
- A valid cognition; and
- A knower that is non-deceptive wrt the cognised-object that is its object of the mode of apprehension, without directly depending upon a sign.
རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་མ་བརྟེན་པའི་མི་སླུ་བའི་ཞེན་རིག་དང༌།
རང་ཡུལ་གྱི་གཙོ་བོ་དེ་རང་ལ་མངོན་དུ་གྱུར་པའི་སྒོ་ནས་དེ་ལ་མི་སླུ་བ་གང་རུང་དུ་གྱུར་པའི་ཤེས་པ། མངོན་སུམ་གྱི་ཚད་མའི་མཚན་ཉིད།
(Panchen) Definition: A consciousness that is either:
- A non-deceptive determinative knower that does not depend upon a correct sign that is its support; or
- Non-deceptive with respect to its main object by way of that becoming manifest to it.
སྒྲ་མི་རྟག་པར་འཛིན་པའི་རྟོག་པ་མངོན་སུམ་གྱི་ཚད་མ་ཡིན་པ་གང་ཞིག སྒྲ་མི་རྟག་པ་དེ་རྟོག་པ་དེ་ལ་མངོན་གྱུར་མ་ཡིན་ཞིང༌།
རྟོག་པ་དེས་སྒྲ་མི་རྟག་པ་མངོན་དུ་གྱུར་པའི་ཚུལ་གྱིས་རྟོགས་པ་མི་འཐད་པའི་ཕྱིར།
First part of the definition is necessary because 1) the conceptual consciousness apprehending sound as impermanent is a direct valid cognition and 2) impermanent sound is not manifest to that conception and it is not feasible that that conception realises impermanent sound by way of it manifesting.
Divisions: དབྱེ་ན།
- Sense direct perception དབང་པོའི་མངོན་སུམ།
- Mental direct perception ཡིད་ཀྱི་མངོན་སུམ།
- Yogic direct perception རྣལ་འབྱོར་མངོན་སུམ།
གཞལ་བྱ་མངོན་སུམ་པ་ནི་རྟགས་ལ་མ་ལྟོས་པར་ཚུར་མཐོང་གིས་རྟོགས་ནུས་པ་རྣམས་ཡིན།
Direct cognised-objects are those that ordinary beings are able to realise without relying upon signs.
བུམ་པ་དང་། སྣམ་བུ་ལ་སོགས་པ་མངོན་སུམ་དང་། མངོན་གྱུར་ཡིན་ཅིང་། དེ་གཉིས་དོན་གཅིག
Pot, cloth, and so forth, are direct and manifest [phenomena]; those are mutually inclusive.
བློ་དེ་ལ་མངོན་གྱུར་ཡིན་ན་མངོན་གྱུར་ཡིན་མི་དགོས་པའི་ཕྱིར།
དཔེར་ན། སྟོང་ཉིད་དེ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལ་མངོན་གྱུར་ཡིན་ཀྱང་། དེ་ལྐོག་གྱུར་ཡིན་པ་བཞིན་ནོ།
If it is manifest to that mind, then it is not necessarily a manifest phenomenon; for example, although emptiness is manifest to the uninterrupted path of the Mahayana path of seeing, it is an obscure phenomenon.
All consciousnesses are direct valid cognition wrt their appearance (Khedrub Je)
Up a level: Presentation of valid cognition