Discussion of paramita
སློབ་ལམ་ན་ཤེར་ཕྱིན་ཡོད་དེ། དེ་ན་སྦྱིན་པའི་ཕར་ཕྱིན་ཡོད་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར།
The perfection of wisdom exists on the Learner Paths because 1) the perfection of generosity exists there and 2) the reasoning would be the same.
དང་པོ་གྲུབ་སྟེ། སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཀྱི་སར་ཕྱིན་པར་བྱེད་པའི་བྱང་སེམས་ཀྱི་སྦྱིན་པ་ཡིན་ན་སྦྱིན་པའི་ཕར་ཕྱིན་ཡིན་དགོས་པའི་ཕྱིར།
The first is established because if it is a Bodhisattva's generosity that functions to proceed to the Buddha-ground that has abandoned the two obscurations, then it is necessarily the perfection of generosity.
ཊཱིཀ་ཆེན་ལས། ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཕ་རོལ་འདིར་ཕྱིན་པ་ཞེས་ལས་ལ་སྦྱར་ན། སངས་རྒྱས་ཀྱི་སར་ཕྱིན་པ་ཡིན་ལ།
འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན། སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ། །ཞེས་གསུངས།
Illumination of the Thought: If the meaning of "gone to the far side" is connected with the object, i.e. "this side that is gone to", then it means gone to the Buddha-ground; if it is connected to the agent, i.e. "this that acts to go to the far side", then the perfections also exist on the Learner Paths.
སློབ་ལམ་ན་སྦྱིན་པའི་ཕར་ཕྱིན་ཡོད་དེ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་དེ་ཡིན་ན་སྦྱིན་པའི་ཕར་ཕྱིན་
ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་ཡིན་དགོས་པའི་ཕྱིར།
The perfections also exist on the Learner Paths because if it is a generosity that is conjoined with mind generation, dedications, and the wisdom directly realising emptiness, then it is necessarily the perfection of generosity; because if it is that, then it is necessarily the supramundane perfection of generosity.
རྟགས་གྲུབ་སྟེ། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །ཞེས་སོགས་ཀྱིས།
སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་དང་།
སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་པའི་ཕར་ཕྱིན་དུ་གསལ་བར་བསྟན་པའི་ཕྱིར།
The sign is established because "Generosity empty of gift, recipient, and giver" and so forth [i.e. v1.16] clearly indicates that:
- Generosity that is conjoined with mind generation, dedications, and the wisdom directly realising emptiness is the supramundane perfection of generosity; and
- Generosity that is not conjoined with the wisdom directly realising emptiness but is conjoined with Mahayana mind generation is the mundane perfection of generosity.
Up a level: Absorption of cessation