Discussion of view of the transitory collection

Three possibilities between vtc and apprehension of a self of persons:

འཇིག་ལྟ་ཡིན་ལ། གང་ཟག་གི་བདག་འཛིན་མ་ཡིན་པའི་མུ་ནི་མེད་དེ། དེ་ཡིན་ན་གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་པའི་ཕྱིར།
There is nothing that is a view of the transitory collection but not an apprehension of a self of persons because if it is that, then it is pervaded by being an apprehension of a self of persons.

གང་ཟག་གི་བདག་འཛིན་ཡིན་ལ་འཇིག་ལྟ་མ་ཡིན་པའི་མུ་ཡོད་དེ། གཞན་རྒྱུད་ཀྱི་ང་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ལྟ་བུ་ཡིན་ཏེ།
There is something that is an apprehension of a self of persons but not a view of the transitory collection because that is, for example, an awareness observing the "I" in another's continuum and apprehending it as being established by way of its own-characteristics.

འཇིག་ལྟ་ཡིན་ན་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་ང་དང་ང་ཡི་བ་གང་རུང་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཞིག་དགོས་པའི་ཕྱིར་ཏེ།
This is because if it is a view of the transitory collection, then it is necessarily observing either the "I" or "Mine" in the continuum of the person possessing it in their continuum and apprehending those as established by way of its own-characteristics.

རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར།
This is because the Autocommentary says: The view of the transitory collection is an afflicted wisdom engaging as such with thoughts of "I" and "Mine".

དེས་ན་ཐར་འདོད་ཀྱི་གདུལ་བྱ་རྣམས་ཀྱིས་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་འགོག་རིགས་ཏེ། བདག་འཛིན་འཁོར་བའི་རྩ་བ་ཡིན་པའི་ཕྱིར།
Therefore, it is suitable for disciples seeking liberation to first refute the self being inherently established because the apprehension of self is the root of Samsara.


What is "mine"?

ང་ཡི་བ་ཆོས་ཅན། གང་ཟག་ཡིན་པར་ཐལ། གང་ཟག་གི་བདག་འཛིན་གྱི་དམིགས་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་ཀྱི་ནང་ནས་དམིགས་ཡུལ་ཡིན་པའི་ཕྱིར་ཏེ།
ང་ཡི་བར་འཛིན་པའི་འཇིག་ལྟའི་དམིགས་ཡུལ་གང་ཞིག ང་ཡི་བར་འཛིན་པའི་འཇིག་ལྟ་དེ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར།
Someone says: The subject - "mine" - it follows that it is a person because from among the observed-object and object of the mode of apprehension of the apprehension of a self of persons, it is the observed-object; because 1) it is the observed-object of the vtc apprehending "mine" and 2) the vtc apprehending "mine" is an apprehension of a self of persons.

No pervasion. མ་ཁྱབ།
(i.e."mine" is not a person despite being the observed-object of that vtc; it is also not phenomena from the division into persons and phenomena)

ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་སུ་ཕྱེ་བའི་དམིགས་ཡུལ་ཡིན་ན། གང་ཟག་ཡིན་དགོས།
However, if it is the observed-object from among the division into the observed-object and object of the mode of apprehension of innate apprehension of "I", then it is necessarily a person.

Someone says: It follows that the vtc apprehending "mine" is not an apprehension of a self of persons because "mine" is not a person.

ང་ཡི་བར་འཛིན་པའི་འཇིག་ལྟ་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ།
རང་གི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ།
The subject - vtc apprehending "mine" - it follows that it is an apprehension of a self of persons because it is an awareness that observes the person that is its observed-object and apprehends it to be established by way of its own-characteristics;

རང་གི་དམིགས་ཡུལ་དུ་གྱུར་པའི་ང་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ།
དེས་ང་ལ་དམིགས་པའི་ཕྱིར་ཏེ། ང་ཡི་བ་ཞེས་པའི་སྒྲས་ང་དངོས་སུ་བརྗོད་པའི་ཕྱིར།
Because it is an awareness that observes the "I" that is its observed-object and apprehends it to be established by way of its own-characteristics; because it observes the "I"; because the term "Mine" explicitly expresses "I".


ང་ཡི་བར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ནི། ང་ཡི་བ་ཉིད་ཡིན་གྱི། ང་ཡི་བའི་མིག་སྣ་སོགས་མ་ཡིན་ཏེ།
དེ་ཡིན་ན་འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་གཉིས་མི་འགལ་བར་འགྱུར་བའི་ཕྱིར།
Panchen Sonam Drakpa: The observed-object of the innate vtc apprehending "mine" is just "mine"; it is not "my eyes, ears, and so forth" because in that case, vtc and the apprehension of a self of phenomena would not be mutually exclusive.

སྟོང་ཐུན་ཆུང་བར་ང་ཡི་བ་གང་ཟག་མ་ཡིན་པ་ལ་བསམས་ནས་ང་ཡི་བར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་གང་ཟག་གི་བདག་འཛིན་མ་ཡིན་པར་བཤད།
In [Khedrup Je's] Dose of Emptiness, thinking that the "mine" is not persons, it explains that the innate vtc apprehending "mine" is not an apprehension of a self of persons.

མི་འཐད་དེ། ང་ཡི་བ་གང་ཟག་མ་ཡིན་ཀྱང་འཇིག་ལྟ་དེ་ང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་ཡིན་པའི་ཕྱིར་ཏེ།
དེ་ང་ཡི་བར་འཛིན་པའི་འཇིག་ལྟ་ཡིན་པའི་ཕྱིར།
This is incorrect because although "mine" is not persons, that vtc is a vtc apprehending "I" as established by way of its own-characteristics; because it is a vtc apprehending "mine".

མ་ཁྱབ་ན། བུམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་ཁས་བླངས་པ་ལ་ཉེས་པ་མེད་པར་འགྱུར་རོ།
If no pervasion, then there would be no fault in asserting [the existence of] a vtc apprehending a pot as established by way of its own-characteristics!

ང་ཡི་བ་གང་ཟག་མ་ཡིན་པ་ནི། ང་ཡི་བའི་མཚན་གཞི་མིག་སྣ་སོགས་ང་ཡི་བར་འདོད་དགོས་པའི་གནད་ཀྱིས་སོ།
The "mine" is not persons due to the essential point that the illustrations of "mine" (eyes, ears, and so forth) must be asserted as "mine".

འཇིག་ལྟ་དེས་ང་ཡི་བའི་མཚན་གཞི་མིག་སྣ་སོགས་ལ་དམིགས་པར་བཤད་པ་དང་མི་འགལ་ཏེ།
འཇིག་ལྟ་དེས་མིག་སྣ་སོགས་ང་ཡི་བར་མཐོང་ནས་ང་ཡི་བ་ལ་བདེན་པར་མངོན་པར་ཞེན་པའི་ཕྱིར།
However, this does not contradict explanations [in the Autocommentary] that the vtc observes the illustrations of "mine" (eyes, ears, and so forth) because the vtc perceives eyes, ears, and so forth as "mine" and then adheres to the "mine" as truly existent.


དབུ་མ་ཆེན་མོ་ལས། ང་ཡི་བ་ལ་དམིགས་ཞེས་པའི་ང་ཡི་བ་ལ་མིག་རྣ་སོགས་འཇོག་མི་རིགས།
Jamyang Shepa: It is unsuitable to posit eyes, ears, and so forth, as the "mine" in "[vtc] observing mine".

མིག་རྣ་སོགས་ཆོས་ཅན། ང་ཡི་བ་ཡིན་པར་ཐལ། ང་ཡི་བའི་མཚན་གཞི་ཡིན་པའི་ཕྱིར།
Otherwise, the subject - eyes, ears, and so forth - it would follow that they are "mine" because they are illustrations of "mine".

འདོད་ན། དེ་ཆོས་ཅན། ཁྱོད་ང་ཡི་བ་མ་ཡིན་པར་ཐལ། ཁྱོད་ང་ཡི་བའི་གདགས་གཞི་ཡིན་པའི་ཕྱིར།
If accepted: That subject, it follows that they are not "mine" because they are the basis of designation of "mine".

མ་ཁྱབ་ན། གང་ཟག་གི་གདགས་གཞི་ཕུང་པོ་ལྔ་ཡང་གང་ཟག་ཡིན་པར་ཐལ། ང་ཡི་བའི་གདགས་གཞི་མིག་རྣ་སོགས་ང་ཡི་བ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ།
If no pervasion: It follows that also the five aggregates (the basis of designation of the person) are the person because eyes, ears, and so forth (the basis of designation of "mine") are "mine". You asserted the reason; three spheres!

མ་ཁྱབ་མཚམས་ལ་རྟགས་དེར་ཐལ། ཁྱོད་ངའི་ཡིན་རྒྱུའི་གཞི་དང་ཁྱོད་བདག་དེའི་ཡིན་པ་ལ་བརྟེན་ནས་བདག་གི་བའམ་བདག་གི་ཅན་ཞེས་བཞག་པའི་ཕྱིར།
དཔེར་ན་ནོར་ཅན་ལ་ནོར་བ་དང་། རྟ་ཅན་ལ་རྟ་པ་བཞིན་ནོ།
It follows that eyes, ears, and so forth are the basis of designation of "mine" because "mine" or "belonging to me" is posited in dependence upon those being the basis of what is mine and those belonging to that self. For example, like possessing wealth is being a wealthy [person] and possessing a horse is being a horseman.


Up a level: Apprehension of true existence