Discussion on first three grounds (Gomde)
སྦྱིན་སོགས་ཀྱི་ཆོས་ཕར་ཕྱིན་དང་པོ་གསུམ་པོ་དེ་དག་ཆོས་ཅན།
ཁྱོད་ཕལ་མོ་ཆེ་སྟེ་གཙོ་བོར་བདེ་བར་གཤེགས་པས་རྟེན་བྱང་སེམས་ཁྱིམ་པ་རྣམས་ལ་བསྔགས་པ་ཡིན་ཏེ། བྱང་སེམས་ཁྱིམ་པས་བསྒྲུབ་སླ་བའི་ཕར་ཕྱིན་ཡིན་པའི་ཕྱིར།
The subject - the first three perfections, the practices of generosity and so forth - the Sugatas mainly recommended those for householder bodhisattvas (as the support) because of being perfections that are easier for householder bodhisattvas to practice.
གསུམ་པོ་དེ་དག་ཉིད་ཆོས་ཅན། ངོ་བོ་བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་ཡིན་ལ། འབྲས་བུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡི་རྒྱུའི་གཙོ་བོ་ཡང་ཡིན་ཏེ།
སངས་རྒྱས་ཀྱི་གཟུགས་སྐུའི་ལག་རྗེས་འཇོག་བྱེད་དམ་ཉེར་ལེན་ཡིན་པའི་ཕྱིར།
The subject - those three - in terms of their nature, they are the collection referred to as "merit" and, in terms of their result, are the principal cause for the Buddha's Form Body because of being the substantial cause or depositor of the imprint of the Buddha's Form Body.
གཞུང་འདིས། བསམ་སོགས་ཆོས་གཉིས་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་རབ་བྱུང་རྣམས་ལ་བསྔགས།
།ཡེ་ཤེས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་བྱ་བ་ཡང་དོན་གྱིས་བསྟན་ནོ།
This section [i.e. verse] also implicitly indicates:
The Sugatas mostly recommended these two Dharmas,
Concentration and so forth, for the ordained;
Moreover, the collection called “exalted wisdom” is just these,
The cause of the Buddha’s Dharma Body. [Altered version of verse 3.12]
Up a level: Madhyamaka