Division of four truths into coarse and subtle

བདེན་པ་བཞི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྲ་རགས་གཉིས་གཉིས་སུ་འབྱེད་ཚུལ་ནི།
The way of nominally dividing the four truths into coarse and subtle:

གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱིས་བསྐྱེད་པའི་ཟག་བཅས་ཀྱི་ཕུང་པོ་དེ་ཕྲ་བའི་སྡུག་བདེན་དང་།
Subtle true sufferings: The contaminated aggregates generated by the apprehension of true existence that apprehends the person as established by way of their own-characteristics.

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཇིག་ལྟས་བསྐྱེད་པའི་ཟག་བཅས་ཀྱི་ཕུང་པོ་དེ་རགས་པའི་སྡུག་བདེན་དང་།
Coarse true sufferings: The contaminated aggregates generated by the view of the transitory collection that apprehends the person as self-sufficient substantially existent.

གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་དེ་ཕྲ་བའི་ཀུན་འབྱུང་བདེན་པ་དང་།
Subtle true origins: The craving induced by the view of the transitory collection that apprehends the person as established by way of their own-characteristics.

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་རགས་པའི་ཀུན་འབྱུང་བདེན་པ་ཡིན།
Coarse true origins: The craving induced by the view of the transitory collection that apprehends the person as self-sufficient substantially existent.

སེམས་ཀྱི་ཆོས་ཉིད་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་འཛིན་པ་དང་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་ཅི་རིགས་དང་བྲལ་བའི་བྲལ་བ་དེ་
ཕྲ་བའི་འགོག་བདེན་དང་།
Subtle true cessations: The mind's dharmata that is separated from either the apprehension of a self-sufficient substantially existent person or the apprehension of the person as established by way of their own-characteristics.

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པ་ལ་བརྟེན་ནས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་མངོན་གྱུར་པ་རེ་ཞིག་སྤངས་པའི་སྤངས་པ་དེ་རགས་པའི་འགོག་པ་ཡིན།
Coarse cessations: A temporary abandonment of the manifest conceptions apprehending the person as self-sufficient substantially existent in dependence upon direct realisation of and familiarisation with the emptiness that is the person being empty of self-sufficient substantial existence.

གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཕྲ་བའི་ལམ་བདེན་དང་།
Subtle true paths: An exalted wisdom directly realising the emptiness that is the person being empty of establishment by way of its own-characteristics.

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རགས་པའི་ལམ་བདེན་ཡིན།
Coarse true paths: An exalted wisdom directly realising the person as empty of self-sufficient substantial existence.


ཁྱད་ཆོས་གཞན་རྣམས་ལ་ཕྲ་རགས་གཉིས་གཉིས་སུ་དབྱེ་རུང་བ་ཙམ་དུ་སྣང་ཡང་། སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་མི་རྟག་པ་ལ་ཐལ་འགྱུར་བས་
འདོད་པ་ལྟར་གྱི་ཕྲ་བ་དང་། གྲུབ་མཐའ་འོག་མས་འདོད་པ་ལྟར་གྱི་རགས་པ་གཉིས་སུ་འབྱེད་མི་རིགས་ཏེ། མི་རྟག་པ་འདོད་ཚུལ་མཚུངས་པའི་ཕྱིར།
Although it seems suitable to divide the other fifteen attributes into two, it is not suitable to divide impermanence (the attribute of true sufferings) into:

Because their way of asserting impermanence is the same.


འགོག་བདེན་ལ་ཕྲ་རགས་གཉིས་སུ་ཡོད་པ་དང་། འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པར་སྨྲ་བ་མི་འཐད་དེ།
སོ་སོ་སྐྱེ་བོའི་རྒྱུད་ལ་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡོད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར།
It is incorrect to propound that there are coarse and subtle true cessations and that true cessations are pervaded by ultimate truth because this would incur the fault that exalted wisdom directly realising ultimate truth exists in the continua of ordinary beings.

སྐྱོན་མེད་དེ། འགོག་བདེན་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྲ་རགས་གཉིས་སུ་ཕྱེ་བ་ཡིན་གྱི། རགས་པའི་འགོག་བདེན་འགོག་བདེན་དུ་ཁས་མི་ལེན་པའི་ཕྱིར་ཏེ།
དེ་ཐོབ་བྱེད་ཀྱི་རགས་པའི་ལམ་བདེན་གྱིས་སྤང་བྱ་གང་གི་ཡང་ས་བོན་སྤོང་མི་ནུས་པའི་ཕྱིར།
There is no fault because the division of true cessations into coarse and subtle is nominal and coarse true cessations are not asserted as being true cessations; because the coarse true paths that attain it are not able to abandon the seeds of any object of abandonment.

མངོན་པ་གཉིས་ནས་བཤད་པའི་འགོག་བདེན་འགོད་བདེན་མ་ཡིན་ཏེ། དེ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པའི་ཕྱིར།
དེ་གཉིས་གནད་གཅིག་ཏུ་ཡོད་དོ།
True cessations as explained in the Two Abhidharmas are not true cessations because Arhats as explained in those two are not Arhats; these two come down to the same point.


Up a level: Shantideva HSol realise selflessness of phenomena