Eight difficult points of Prasangika

འཕགས་པའི་གཞུང་འགྲེལ་ཚུལ་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་མེད་ཀྱང་། བྱ་བྱེད་ཐམས་ཅད་བཞག་པས་ཆོག་པའི་འགྲེལ་ཚུལ་གྱི་
ལུགས་ཐུན་མོང་མ་ཡིན་པ་འདི་ལ་བརྟེན་ནས། རྣམ་པར་དག་པའི་གྲུབ་མཐའ་འགྲེལ་བྱེད་གཞན་དང་ཐུན་མོང་མ་ཡིན་པ་མང་དུ་ཡོད་དེ། དེ་གང་ཞེ་ན།
Illumination: Regarding the way of explaining the Arya's texts, in dependence upon this uncommon system of explanation whereby even an atom of establishment by own-characteristics does not exist but that is sufficient for positing all actions and agents, there are many pure tenets that are uncommon with other commentators. What are they?

To express the main ones for now: རེ་ཞིག་གཙོ་བོ་རྣམས་བརྗོད་ན།

Fifteen Difficult points included within the "and so forth":

  1. The boundary for when the knowledge obscurations are abandoned ཤེས་སྒྲིབ་ཀྱི་མཚམས་གང་ལ་སྤང་པ།
  2. Unique way of positing the person གང་ཟག་གི་འཇོག་ཚུལ་ཐུན་མོང་མ་ཡིན་པ།
  3. Identification of coarse and subtle afflictions ཉོན་མོངས་ཀྱི་ངོས་འཛིན་ལ་ཕྲ་རགས་གཉིས་དང་།
  4. Positing that one is unable to be liberated from Samsara merely through the path of the sixteen aspects (impermanence and so forth) མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་འཁོར་བ་ལས་གྲོལ་མི་ཐུབ་པའི་འདོད་ཚུལ།
  5. The existence of yogic direct perception in the continua of ordinary beings
    ཚུར་མཐོང་གི་རྒྱུད་ལ་རྣལ་འབྱོར་མངོན་སུམ་ཡོད་པ།
  6. Nirvana without remainder is attained first ལྷག་མེད་མྱང་འདས་དང་པོ་ཐོབ་པ། (see: here)
  7. The uncommon absorption of cessation is pervaded by being a consciousness
    ཐུན་མོང་མ་ཡིན་པའི་འགོག་སྙོམས་ལ་ཤེས་པ་ཡིན་པས་ཁྱབ་པ།
  8. True cessations are pervaded by being emptiness འགོག་བདེན་ལ་སྟོང་ཉིད་ཀྱིས་ཁྱབ་པ།
  9. Not asserting real conventionalities ཡང་དག་ཀུན་རྫོབ་མི་བཞེད་པ།
  10. Consciousnesses possessing dualistic appearances in the continua of Learners are pervaded by being contaminated སློབ་པའི་རྒྱུད་ཀྱི་གཉིས་སྣང་ཅན་གྱི་ཤེས་པ་ལ་ཟག་བཅས་ཀྱིས་ཁྱབ་པ།
  11. If it is a consciousness, then it is pervaded by being a valid cognition wrt its appearance
    ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་པས་ཁྱབ་པ།
  12. The existence of valid cognition that is mistaken wrt its cognised-object རང་གྱི་གཞལ་བྱ་ལ་འཁྲུལ་བའི་ཚད་མ་ཡོད་པ།
    (see: here)
  13. Subsequent cognition is pervaded by being valid cognition དཔྱད་ཤེས་ལ་ཚད་མ་ཡིན་པས་ཁྱབ་པ།
  14. Learners' exalted wisdom directly realising emptiness are pervaded by being Knower of Bases
    སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་ཡེ་ཤེས་ལ་གཞི་ཤེས་ཀྱིས་ཁྱབ་པ།
  15. Not asserting production from other གཞན་སྐྱེ་ཁས་མི་ལེན་པ།

Gyaltsab Je's Notes on the Eight Difficult Points

Khedrup Tendarwa Eight plus Twelve Difficult Points

Many others: e.g. Manifest phenomenon and obscure phenomenon are mutually inclusive
མངོན་གྱུར་དང་ལྐོག་གྱུར་གཉིས་དོན་གཅིག


ཀུན་གཞི་མེད་པ་དེ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་མ་ཡིན་པར་ཐལ། ཉན་ཐོས་སྡེ་གཉིས་ཀྱིས་ཀྱང་ཀུན་གཞི་མེད་པར་ཁས་ལེན།
སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པས་ཀྱང་དེ་ལྟར་ཁས་ལེན་པའི་ཕྱིར།
It follows that the non-existence of the ālāya is not an uncommon Prasangika tenet because 1) the two Hearer schools also assert the non-existence of the ālāya and 2) Bhavaviveka and his followers also assert as such.

རང་རིག་མི་འདོད་པ་ཡང་དེའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་མ་ཡིན་པར་ཐལ།
བྱེ་བྲག་སྨྲ་བ་དང་ཕྱི་རོལ་པས་ཀྱང་། རང་རིག་མེད་པར་ཁས་ལེན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་དེ་ལྟར་ཁས་ལེན་པའི་ཕྱིར།
It follows that not asserting self-knowers is not an uncommon Prasangika tenet because 1) the Vaibhashikas and Non-Buddhists also assert self-knowers as non-existent and 2) Bhavaviveka also asserts as such.

རང་རྒྱུད་ཀྱི་རྟགས་ཡང་དག་མེད་པ་ཡང་དེ་ལྟར་མ་ཡིན་པར་ཐལ། རྒྱང་འཕེན་པས་ཀྱང་དེ་མེད་པར་ཁས་ལེན་པའི་ཕྱིར།
It follows that the non-existence of correct autonomous signs is also not as such because the Carvakas also assert their non-existence.

ཕྱི་དོན་ཡོད་པའང་དེ་ལྟར་མ་ཡིན་པར་ཐལ། མདོ་སྡེ་པས་ཀྱང་དེ་ཡོད་པར་ཁས་ལེན་པའི་ཕྱིར།
It follows that the existence of external objects is also as such because the Sautrantikas also assert their existence.

ཞིག་པ་དངོས་པོ་ཡིན་པ་ཡང་དེའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་མ་ཡིན་པར་ཐལ། བྱེ་བྲག་སྨྲ་བས་ཀྱང་དེ་དངོས་པོར་ཁས་ལེན་པའི་ཕྱིར།
It follows that disintegration being a functioning thing is also not an uncommon Prasangika tenet because the Vaibhashikas also assert that as a functioning thing.


དེས་ན་རང་ལུགས་ལ། ཀུན་གཞི་མེད་པ་དང་། རང་རིག་མེད་པ་དང་། རང་རྒྱུད་ཀྱི་རྟགས་ཡང་དག་མེད་པ་དང་། ཕྱི་རོལ་གྱི་དོན་ཡོད་པ་དང་།
ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པ་དང་། ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཡིན་པ་དང་། ཞིག་པ་དངོས་པོ་ཡིན་པ་སོགས་ཡིན་ཏེ།
རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར། ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པ་སྒྲུབ་བྱེད་དུ་བཀོད་ནས།
ཞིག་པ་དངོས་པོ་ཡིན་པ་སོགས་སུ་སྒྲུབ་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཡིན་པ་ལུང་དེའི་དོན་ནོ།
Therefore, in our own system, the meaning of that passage is as follows.
"The ālāyavijñāna does not exist, self-knowers do not exist, correct autonomous signs do not exist, external objects exist, Hearer and Solitary Realiser Aryas realise the selflessness of phenomena, the apprehension is of a self of phenomena is an afflictive obscuration, disintegration is a functioning thing, and so forth because even an atom of establishment by own-characteristics does not exist."
That is, proving that disintegration is a functioning thing and so forth through stating "establishment by own-characteristics does not exist even conventionally" as a proof [i.e. sign] is the unique Prasangika tenet.

Alternatively, there are many ways in which the Glorious Chandrakirti explains the intention of the Root Wisdom because there are: ཡང་ན་དཔལ་ལྡན་ཟླ་བས་རྩ་ཤེའི་དགོངས་པ་འགྲེལ་ཚུལ་དུ་མ་ཡོད་དེ།


Up a level: Madhyamaka