Emanation Body (Gomde)

ཁོ་ན་རེ། སྔར་བཤད་པའི་སྐུ་དེ་དག་དང་པོར་མངོན་དུ་མཛད་ནས་ཆོས་ལོངས་གཉིས་རྟག་ཏུ་བཞུགས་པར་བཤད་མོད།
སྤྲུལ་སྐུ་ལན་གཅིག་བསྟན་པ་དེ་ཙམ་དུ་ཟད་དམ་ཞེ་ན།
Someone says: It was explained that having initially actualised those Bodies, they permanently abide in the Dharmakaya and Enjoyment Body, but do they only display the Emanation Body once?

དེ་ནི་མ་ཡིན་ཏེ། ནམ་མཁའི་ཇི་སྲིད་གནས་ཀྱི་བར་དུ་སྤྲུལ་སྐུ་རྒྱུན་མི་ཆད་དུ་སྟོན་པའི་ཕྱིར།
Response: That is not the case because for as long as space remains, they continuously display Emanation Bodies.

ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཅན། ཉན་རང་དང་སོ་སྐྱེ་རྣམས་ཀྱི་དོན་དངོས་སུ་བྱེད་པའི་སྤྲུལ་པའི་སྐུ་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་སྟོན་པ་མངའ་བ་ཡིན་ཏེ།
ཆོས་སྐུ་བརྙེས་སུ་ཟིན་ཀྱང་དེ་ཁོ་ན་ཉིེད་ལ་མཉམ་པར་གཞག་པ་ལས་མི་གཡོ་བའི་སྐུ་མངའ་བ་ཁྱེད་ཀྱིས་སླར་ཡང་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་དུ་བྱོན་ནས།
སྤྲུལ་པའི་སྐུ་རྣམས་ཀྱིས་ཀྱང་དགའ་ལྡན་ནས་མིའི་ཡུལ་དུ་གཤེགས་པ་དང་ནི་དེར་སྐུ་བལྟམས་པ་ལ་སོགས་པ་མཛད་པ་དང་།
གདུལ་བྱ་རྣམས་ལ་བྱང་ཆུབ་ཞི་བ་མྱང་འདས་སུ་བགྲོད་པའི་ཆོས་ཀྱི་འཁོར་ལོ་དང་དབང་པོ་དང་འཚམས་པར་སྟོན་པར་མཛད་པའི་ཕྱིར།
The subject - the Complete Enjoyment Body - it continuously displays excellent Emanation Bodies that directly enact the welfare of Hearers, Solitary Realisers, and ordinary beings because having already attained the Dharmakaya and without wavering from the meditative stabilisation on suchness, you continue to arise in the three realms (below ground, on the ground, and above ground), the Emanation Bodies proceed from Tushita to the human-realm and there taking birth and so forth, as well as turning the wheel of dharma leading disciples to enlightenment, pacification, and liberation, in accordance with their faculties.

ལོངས་སྐུ་ཆོས་ཅན། ཁྱོད་ཀྱི་མཆོག་གི་སྤྲུལ་སྐུ་གཞན་དོན་དཔག་ཏུ་མེད་པ་བྱེད་དེ། མཛད་པ་བཅུ་གཉིས་ཀྱི་ཚུལ་དེ་ལྟར་བསྟན་པའི་སྒོ་ནས།
འཇིག་རྟེན་ཏེ་སེམས་ཅན་གྱི་ཁམས་གཡོ་བག་སྟེ་སྣ་ཚོགས་པའི་སྤྱོད་པ་ཅན་རྣམས་རེ་བ་སྟེ་སྲིད་པའི་ཞགས་པ་ནི། མང་པོས་དམ་པོར་བཅིངས་པ་མ་ལས་པ་རྣམས་
གྲགས་འདོད་དང་ཕན་ལན་སོགས་ལ་མ་ལྟོས་པར་ཐུགས་རྗེ་ཆེན་པོས་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀྲི་བ་སྟེ་འགོད་པར་མཛད་པའི་ཕྱིར།
The subject - the Enjoyment Body - its Supreme Emanation Body inconceivably enacts the welfare of others because by way of displaying the Twelve Deeds, you act to lead the world - sentient beings with varied activities and tightly bound by the manifold nets of worldly expectations - to the liberation of the three vehicles through your great compassion and without regard for fame or reward.


བདེ་བར་གཤེགས་པའི་སྤྲལ་སྐུ་ཆོས་ཅན། ཁྱོད་ཀྱིས་བྱང་ཆུབ་སྙིང་པོར་སངས་རྒྱས་ཚུལ་སྟོན་པའི་གྲངས་བསམ་ཀྱིས་མི་ཁྱབ་སྟེ།
ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་པའི་ཡུལ་མཐའ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་རྣམས་ཇི་སྙེད་བདོག་པ་སྟེ་ཡོད་པར་གྱུར་པ་དེ་ལྟར་དུ།
བདེ་བར་གཤེགས་པ་ཁྱེད་ཀྱིས་བྱང་ཆུབ་མཆོག་རབ་དམ་པར་གཤེགས་ཤིེང་སངས་རྒྱས་ཚུལ་སྟོན་པའི་སྐལ་བའི་གྲངས་ཀྱང་དེ་སྙེད་དུ་ཡོད་པའི་ཕྱིར།
The subject - the Sugata's Emanation Body - its display of how to attain Buddhahood in the essence of enlightenment is inconceivable in number because the number of eons in which the Sugatas have displayed the way of proceeding to supreme enlightenment and becoming a Buddha is equal to the number of atoms contained in the limitless fields of the Buddhas of the ten directions.

འོན་ཀྱང་ཁྱོད་ཀྱི་གསང་བའི་གནས་འདི་ལྟ་བུ་ནི་བློ་དམན་པ་རྣམས་ལ་བསྙད་པར་བགྱི་བ་མ་ལགས་ཏེ།
སྔོན་དགེ་རྩ་མ་བསགས་པ་རྣམས། དེ་ལ་མོས་པར་དཀའ་བས་བཤད་ན་ཉེས་པ་སྐྱེ་བའི་ཕྱིར།
However, this secret of yours should not be disclosed to those of inferior intelligence because those who have not previously accumulated virtuous-roots will have difficulty believing it; so if it is explained to them, they will give rise to faults.

རྒྱལ་བ་བཅོམ་ལྡན་འདས་ཆོས་ཅན། ཇི་སྲིད་གདུལ་བྱའི་འཇིག་རྟེན་མཐའ་དག་གོ་འཕང་མཆོག་ལ་རབ་ཏུ་ཞི་བར་འགྲོ་བ་མིན་པ་སྟེ། སངས་མ་རྒྱས་ཀྱི་བར་དང་།
ནམ་མཁའ་རྣམ་པར་འཇིེག་པར་འགྱུར་བ་མ་ཡིན་པ་དེ་སྲིད་དུ་གཞན་དོན་དུ་བཞུགས་པ་ཡིན་ཏེ། ཤེས་རབ་ཕར་ཕྱིན་གྱི་ཡུམ་གྱིས་མཐར་ཐུག་གི་སྲས་སུ་བསྐྱེད་ནས་ཐུགས་བརྩེ་བ་ཆེན་པོའེ་མ་མ་ལ་གཏད་པ་ཡིས། འཁོར་བ་མ་སྟོང་བར་དུ་བཞུགས་ནས་ཚུལ་ལུགས་ནི་སྟོན་པར་བྱེད་པས་ན།
ཁྱོད་ལ་རབ་ཏུ་ཞི་བ་ཕྱོགས་རེ་བར་འགྱུར་བ་གང་ལ་མངའ་སྟེ་མི་མངའ་བའི་ཕྱིར།
The subject - the Conqueror Bhagavan - they will engage in the welfare of others until the disciples in all world-systems have proceeded to the pacification in the supreme state, attained Buddhahood, and space remains undestroyed because the Mother Perfection of Wisdom gave birth to you as her ultimate child and entrusted you to the nurse of great compassion, thereby causing you to display the proper path and remaining until samsara is empty; so how could you possess just a partial pacification? You could not.

དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་བུ་རང་གི་མས་བསྐྱེད་ནུས་མ་མ་གཞན་ལ་གཏད་པས་རང་གི་རིགས་ཀྱི་སྤྱོད་ཚུལ་མི་འདོར་བ་ལྟར་རོ།
For example, it is like a Wheel-Turning Prince born to his mother and entrusted to a nanny will not abandon the proper behaviour of his lineage.


སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སེམས་ཅན་ཀུན་ལ་དམིགས་པའི་སྙིང་རྗེ་ཁྱད་པར་ཅན་ཡོད་དེ།
གཏི་མུག་མ་རིག་པའི་སྐྱོན་གྱི་དབང་གིས་འཇིག་རྟེན་པ་རྣམས་ཁ་ཟས་ཏེ་འདོད་ཡོན་ལྔ་ལ་སྲེད་པས་ལོངས་སྤྱོད་པ་ན་སྡུག་བསྔལ་རྒྱ་ཆེན་པོ་བསྐྱེད་པས།
ཁ་ཟས་དུག་དང་བཅས་པ་ཟ་བ་པོ་ཉིད་སྐྱེ་བོ་ནང་མི་སྟེ་ཐུབ་པ་ཉིད་ཀྱིས་བདག་གིར་མཛད་པས་ན། དེ་རྣམས་ལ་ཁྱོད་བརྩེ་བ་སྐྱེ་བ་ཇི་ལྟ་དེ་ལྟ་བུ་ནི།
དུག་ཟོས་ནས་སྡུག་བསྔལ་གྱིས་ཉེན་པའི་བུ་གཅིག་ཡིད་དུ་འོང་བ་ལ། མ་ཡིས་སྡུག་བསྔལ་གྱི་ཡིད་སྐྱིད་པ་མ་ཡིན་པའི་ཕྱིར།
The subject - the Buddha Bhagavan - he possesses a special compassion observing all sentient beings in his continuum because when worldly beings utilise and crave food (i.e. the five sense objects) through the force of the faults of ignorance, they generate vast suffering; as such, these consumers of such poisonous food are considered by the Muni as his own family and therefore his compassion for them is unmatched even by the mental suffering of a mother whose beloved only son is suffering due to having eaten poison.

དེས་ན་མགོན་པོ་བཅོམ་ལྡན་འདས་ཆོས་ཅན། ཁྱེད་གཞན་དོན་དོར་ནས་རང་ཉིད་མཆོག་ཏུ་རབ་ཏུ་ཞི་བ་ཕྱོགས་རེ་བར་གཤེགས་པར་འགྱུར་བ་མ་ལགས་པའི་རྒྱུ་མཚན་ཡོད་དེ། སྙིང་རྗེ་ཁྱད་པར་ཅན་གྱི་གཞན་དབང་གིས་གཞན་དོན་དུ་བཞུགས་པ་དེ་ཡི་ཕྱིར།
Therefore, the subject - the Protector Bhagavan - there is a reason he does not discard others' welfare and proceed to the partial pacification for oneself because of engaging in others' welfare under the control of special compassion.

བཅོམ་ལྡན་འདས་ཆོས་ཅན། ཐུགས་རྗེ་ཆེན་པོ་ཁྱེད་ཀྱི་ཐུགས་ནི་ཞི་བ་ཕྱོགས་རེ་བར་འཇུག་པ་ལས་བཟློག་པས་ན། ཁྱོད་ལ་འཁོར་བ་མ་སྟོང་གི་བར་དུ་གཞན་དོན་རྒྱུན་ཆད་པའི་མྱང་ངན་ལས་འདས་པ་མངོན་དུ་བྱེད་པ་མི་མངའ་སྟེ། འཁོར་བ་གནས་ཀྱི་བར་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་སེམས་ཅན་ཡོད་པ་གང་ཞིག སྡུག་བསྔལ་ཅན་གྱི་འཇིག་རྟེན་པ་རྣམས་ཐུགས་བརྩེ་བའི་ཡུལ་དུ་རབ་ཏུ་གདོང་བ་སྟེ་སོང་བས་ན། ཐུགས་རྗེ་ཡང་སྐྱེ་བོའེ་སྡུག་བསྔལ་གྱི་ཚོད་ལ་དམིགས་ནས་འཇུག་པའི་ཕྱིར།
The subject - the Bhagavan - since great compassion turns his mind away from entering partial pacification, he will not actualise the liberation that interrupts others' welfare until samsara is empty because 1) for as long as samsara remains, there are sentient beings tormented by various suffering and 2) since suffering worldly beings become the objects of his compassion, that compassion will engage through observing the extent of suffering beings.

དང་པོ་གྲབ་སྟེ། འཁོར་བར་ཇི་སྲིད་གནས་ཀྱི་བར་དུ་དེ་ཁོ་ན་ཉིད་ལ་མི་མཁས་པ་དངོས་པོ་བདེན་པར་མངོན་པར་ཞེན་པ་ཡི་བློ་ཅན་གྱི་སྐྱེ་བོ་རྣམས། སྐྱེ་བའི་སྡུག་བསྔལ་དང་འཇིག་པ་སྟེ་འཆི་བའི་གནས་སྐབས་ཀྱི་སྡུག་བསྔལ་དང་། ཡུལ་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་སོགས་ཀྱིས་སྐྱེད་པའི་སྡུག་བསྔལ་མྱོང་བ་དང་།
འགའ་ཞིག་ལས་འབྲས་ལ་མི་མཁས་པས་རྒྱུ་འབྲས་ཀྱི་དངོས་པོ་མེད་པར་བདེན་པར་ཞེན་པའི་བློ་ཅན་ཏེ་ལོག་ལྟ་ཅན་གྱིས་སྡིག་ཅན་གྱི་ས་འགྲོ་བ་སྟེ།
དམྱལ་བ་ལ་སོགས་པའི་སྡུག་བསྔལ་དང་། སྔར་བཤད་པའི་སྡུག་བསྔལ་དེ་དག་ཀྱང་འཐོབ་པ་དེས་ཕྱིར་རོ།
The first is established because for as long as samsara remains, beings who are unskilled in suchness and whose awareness adhered to things as truly existent will experience the sufferings of birth, death, that produced from separating from the pleasant, meeting with the unpleasant, and so forth, and some who are unskilled in actions and their results and possess wrong views adhering to cause and effect being truly non-existent will proceed to negative places because they will attain the sufferings of the hells and so forth as well as the above-mentioned sufferings.


Up a level: Madhyamaka