Emptiness of non-things
ཤེས་བྱ་ཆོས་ཅན། དངོས་པོ་མེད་པ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བརྗོད་པ་ཡིན་ཏེ།
དངོས་པོ་མེད་པ་རྣམས་མདོར་བསྡུས་ན་ནི་འདུས་མ་བྱས་གསུམ་མམ་བཞིར་འདུ་བ་ཡིན་པའི་ཕྱིར།
The subject - objects of knowledge - "non-things" is referring to uncompounded phenomena because when non-things are subsumed, they are included in the three or four uncompoundeds.
འདུས་མ་བྱས་དེ་ཉིད་དངོས་མེད་དེའི་ངོ་བོར་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དེ་ཆོས་ཅན། དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ།
སྟོང་གཞི་དངོས་པོ་མེད་པ་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the emptiness of inherent existence of the uncompounded, i.e. non-things - it is the emptiness of non-things because of being the emptiness of true existence of non-things (as the bases of emptiness).
Up a level: Explanation of the classifications of emptiness (Gomde)