Emptiness of own-character

Note: Character/istics is the same word as definition (མཚན་ཉིད།)

གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པའི་དངོས་པོ་སྟེ་བདེན་གྲུབ་ཏུ་མེད་པ་གང་ཡིན་པ་དེ་ནི་ཆོས་ཅན།
རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་རང་གི་མཚན་ཉིད་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the lack of inherent establishment of the characteristics of form (i.e. that suitable as form) and so forth - it is the emptiness of own-character because of being the emptiness of true existence of own-character (as the basis of emptiness).


Phenomena of the basis གཞིའི་ཆོས།

གཟུགས་ནི་ཆོས་ཅན། གཟུགས་སུ་རུང་བའི་མཚན་ཉིད་ཅན་ཡིན་ཏེ། གཟུགས་རུང་དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - forms - it possesses the character of being suitable as form because "that suitable as form" is their nature.

ཚོར་བ་ནི་ཆོས་ཅན། བདེ་སྡུག་གཏང་སྙོམས་གསུམ་མྱོང་བའི་བདག་ཉིད་ཅན་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - feelings - it possesses the nature of of experiencing the three (pleasant, unpleasant, and neutral) because that is their nature.

ཕྱི་ནང་གི་ཡུལ་གྱི་མཚན་མ་སྟེ་ཁྱད་པར་འཛིན་པའི་བློ་ནི་ཆོས་ཅན། འདུ་ཤེས་ཀྱི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - an awareness apprehending the signs, i.e. distinguishing features, of inner and outer objects - it is the character of discrimination because of being its nature.

ཕུང་པོ་བཞི་ལས་གཞན་པའི་རང་འབྲས་མངོན་པར་འདུ་བྱེད་པ་ཆོས་ཅན། འདུ་བྱེད་ཀྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའིེ་ཕྱིར།
The subject - factors composing their respective results and are other than the four aggregates - it is the own-character of compositional factors because of being their nature.

གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་སོ་སོར་རྣམ་པར་རིག་པ་ཆོས་ཅན། རྣམ་ཤེས་ཀྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - individually knowing objects such as forms, sounds, and so forth - it is the own-character of consciousness because of being its nature.

སྡུག་བསྔལ་བ་ཆོས་ཅན། ཟག་བཅས་ཀྱིེ་ཕུང་པོའི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - suffering - it is the own-character of the contaminated aggregates because of being their nature.

སྦྲུལ་གདུག་པས་གཞན་ལ་བཟུང་ནས་གནོད་པ་སྐྱེལ་བ་དང་འདྲ་བའི་སེམས་ཅན་རྣམས་འཁོར་བར་འཛིན་པ་ནི་ཆོས་ཅན།
འཁོར་བས་བསྡུས་པའིེ་ཁམས་ཀྱི་བདག་ཉིད་དམ་མཚན་ཉིད་དུ་འདོད་དེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - sentient beings being held in samsara, which is similar to the harm inflicted by being held by a venomous snake - it is asserted as the nature or character of the realms included within samsara because of being its nature.

འཁོར་བས་བསྡུས་པའི་སྐྱེ་མཆེད་རྣམས་ནི་ཆོས་ཅན། སངས་རྒྱས་ཀྱིས་སྡུག་བསྔལ་སྐྱེ་བའི་སྒོར་གྱུར་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་ཅན་དུ་གསུངས་པ་ཡིན་ཏེ།
སྡུག་བསྔལ་སྐྱེ་བའི་སྒོ་བྱེད་དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the sources included within samsara - they are indicated by the Buddha as possessing the own-character of being the doors to the arising of suffering because "doorway to the arising of suffering" is their nature.

རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་ཆོས་ཅན། རྒྱུ་རྐྱེན་གྱི་འདུ་འཕྲོད་ལ་བརྟེན་ནས་བྱུང་བའི་རང་གི་མཚན་ཉིད་ཅན་ཡིན་ཏེ།
དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - dependent-arisings - they possess the own-character of arising in dependence upon the gathering of causes and conditions because that is their nature.

Phenomena of the path ལམ་གྱི་ཆོས།

ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་ལ་གཏོང་བའི་སེམས་པ་ནི་ཆོས་ཅན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the intention of giving away one's body, wealth, and root-virtues to others - it is the own-character of the perfection of generosity because of being its nature.

འཆལ་ཚུལ་གྱིས་གདུང་བ་མེད་པའི་སྤོང་བའི་སེམས་པ་ཆོས་ཅན། ཚུལ་ཁྲིམས་ཀྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའིེ་ཕྱིར།
The subject - the intention to abandon that is free from the negative effects of faulty ethics - it is the own-character of ethics because of being its nature.

ཁོང་ཁྲོ་བ་མེད་པ་ནིེ་ཆོས་ཅན། བཟོད་པའི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - non-anger - it is the own-character of patience because of being its nature.

ཁ་ན་མ་ཐོ་བ་མེད་པའི་དགེ་བ་ལ་སྤྲོ་བའི་སེམས་པ་ཉིད་ནི་ཆོས་ཅན། བརྩོན་འགྲུས་ཀྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the intention delighting in virtue free from faults - it is the own-character of joyous effort because of being its nature.

བསམ་གཏན་གྱི་ཕར་ཕྱིན་ནི་ཆོས་ཅན། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་སྡུད་པའི་མཚན་ཉིད་ཅན་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the perfection of concentration - it possesses the character of single-pointedly gathering the mind upon a virtuous object because that is its nature.

དམིགས་ཡུལ་བདེན་པར་ཆགས་པ་མེད་པ་སྟེ་བདེན་མེད་དུ་རྟོགས་པའི་བློ་ནི་ཆོས་ཅན།
ཤེས་རབ་ཕར་ཕྱིན་གྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the awareness realising selflessness without adherence to observed-objects as truly existent - it is the own-character of the perfection of wisdom because of being its nature.

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཀྱི་མཚན་ཉིད་སྔར་བཤད་པ་འདི་དག་ཆོས་ཅན།
རང་དགར་བཤད་པ་མ་ཡིན་ཏེ། དེ་ལྟར་ཡིན་པ་ཤེར་ཕྱིན་གྱི་མདོ་ལས་བརྗོད་པའི་ཕྱིར།
The subject - the characteristics of these six perfection explained above - they are not explained arbitrarily because their being as such is stated in the Perfection of Wisdom sutras.

བསམ་གཏན་བཞི་པོ་རྣམས་དང་ཚད་མེད་པ་བཞི་དང་དེ་བཞིན་དུ་དེ་གཉིས་ལས་གཞན་པ་གང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་ཆོས་ཅན།
ཡང་དག་མཁྱེན་པ་རྒྱལ་བ་ཡིས་མི་འཁྲུག་པ་ཁྲོ་བ་མེད་པའི་མཚན་ཉིད་ཅན་དུ་གསུངས་པ་ཡིན་ཏེ།
ཁྱོད་ཁོང་ཁྲོ་བ་སྤོང་བའི་སྟོབས་ཀྱིས་འཐོབ་པའི་རྒྱུ་མཚན་གྱིས་དེ་ལྟར་གསུངས་པའི་ཕྱིར།
The subject - the four concentrations, the four immeasurables, and likewise the four formless absorptions that are other than those two - the Conqueror, Knower of Reality, indicated as possessing the character of being undisturbed and free from anger because those were indicated to be attained through the force of abandoning anger.

ཐར་པར་ངེས་པར་འབྱུང་བར་བྱེད་པ་ཆོས་ཅན། བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་གྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - causing definite emergence to liberation - it is the own-character of the thirty-seven harmonies with enlightenment because of being their nature.

ཆོས་རྣམས་ཀྱི་ངོ་བོ་བདེན་པར་དམིགས་པ་མེད་པར་རྟོགས་པའི་བདེན་འཛིན་གྱིས་རྣམ་པར་དབེན་པ་ཉིད་ནི་ཆོས་ཅན།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - realising the nature of phenomena as not observable as truly existent in the absence of the apprehension of true existence - it is the own-character of the meditative stabilisation of the empty door of liberation because of being its nature.

རྒྱུ་ལ་བདེན་འཛིན་གྱི་མཚན་མ་མེད་པ་དེ་ཉིད་ཆོས་ཅན།
རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - that wrt the non-existence of the signs of the apprehension of true existence in causes - it is the own-character of the meditative stabilisation of the signlessness door of liberation because of being its nature.

འདུ་བྱེད་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་ནས་སྲིད་པའི་ཕུན་ཚོགས་ལ་ཡིད་སྨོན་པ་མེད་པ་དང་། རང་བཞིན་མེད་པར་རྟོགས་པའི་སྒོ་ནས་གཏི་མུག་བདེན་འཛིན་མེད་པས་འཇིག་རྟེན་ལས་འདས་པའི་གོ་འཕང་ལའང་བདེན་པར་འཛིན་པའི་སྒོ་ནས་ཡིད་སྨོན་པ་མེད་པ་ནི་ཆོས་ཅན།
རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རང་གི་མཚན་ཉིེད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - non-captivation with samsaric excellences due to knowing compounded suffering to be suffering and non-captivation with the supramundane state through apprehending it as truly existent due to lacking ignorance apprehending true existence through realising the lack of inherent existence - it is the own-character of the meditative stabilisation of the wishlessness (third) door of liberation because of being its nature.

See: Three doors of liberation

སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པ་ཉིད་ནི་ཆོས་ཅན།
རྣམ་པར་ཐར་པ་བརྒྱད་པོ་རྣམས་ཀྱི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - liberating from the obscurations of absorption - it is the own-character of the eight liberations due to being their nature.

Phenomena of the result འབྲས་བུའི་ཆོས།

སྟོབས་བཅུ་པོ་རྣམས་ཆོས་ཅན། ཡུལ་ཤིེན་ཏུ་རྣམ་པར་ནིེ་གཏན་ལ་འབེབས་པ་སྟེ།
ཆགས་ཐོགས་མེད་པར་རྟོགས་པའི་རང་བཞིན་ནམ་མཚན་ཉིད་ཅན་དུ་གསུངས་པ་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the ten strengths - they are said to possess the nature or character of thoroughly ascertaining objects, i.e. realising them without hindrance or obstruction, because that is their nature.

སྐྱོབ་པའི་མི་འཇིགས་པ་བཞི་པོ་རྣམས་ནི་ཆོས་ཅན།
རྒོལ་བ་སུས་ཀྱང་གཞན་དུ་བྱ་བར་མི་ནུས་པས་ཤིན་ཏུ་བརྟན་པའི་ངོ་བོའམ་མཚན་ཉིེད་ཅན་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the four fearlessnesses of protection - they possess the nature of character of stability due to not being swayed by any opponent because that is their nature.

སོ་སོར་ཡང་དག་རིག་པ་བཞི་པོ་རྣམས་ནི་ཆོས་ཅན།
སྤོབས་པ་ལ་སོགས་པ་བཞི་འཆད་པ་སྣེ་གཏུགས་པ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the four individual correct knowledges - they possess the character of inexhaustible explanations through the four of confidence and so forth because that is their nature.

འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པ་ནི་ཆོས་ཅན། བྱམས་པ་ཆེན་པོ་ཞེས་བྱ་བའི་རང་གི་མཚན་ཉིད་ཡིན་ཏེ། དེའི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - accomplishing sentient beings' benefit and happiness - it is the own-character of what is referred to as great love because of being its nature.

སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་ནི་ཆོས་ཅན། ཐུགས་རྗེ་ཆེན་པོ་ཞེས་བྱ་བའི་རང་གི་མཚན་ཉིད་ཡིན་ཏེ། དེའིེ་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - thoroughly protecting suffering sentient beings - it is the own-character of what is referred to as great compassion because of being its nature.

དགའ་བ་ཆེན་པོ་ཆོས་ཅན། སེམས་ཅན་བདེ་བ་དང་ལྡན་པ་ལ་རབ་ཏུ་སྟེ་མཆོག་ཏུ་དགའ་བའི་མཚན་ཉིད་ཅན་ཡིན་ཏེ། དེ་ཁྱོད་ཀྱི་རང་གིེ་ངོ་བོ་ཡིན་པའི་ཕྱིར།
The subject - great joy - it possesses the character being supremely joyful in sentient beings possessing happiness because that is its nature.

བཏང་སྙོམས་ཆེན་པོ་ནི་ཆོས་ཅན། ཆགས་སྡང་དང་མ་འདྲེས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - great equanimity - it should be understood as possessing the character of not being mixed with attachment and aversion because that is its nature.

སངས་རྒྱས་ཀྱི་ཆོས་ནི་མ་འདྲེས་པ་བཅུ་དང་བརྒྱད་དུ་གང་འདོད་པ་བཅོ་བརྒྱད་པོ་དེ་དག་ཆོས་ཅན། གཞན་གྱིས་མི་འཕྲོགས་པའི་རང་གི་མཚན་ཉིད་ཅན་ཡིན་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་སྟོན་པ་སངས་རྒྱས་ལ་མ་འདྲེས་པའི་མི་མཐུན་པའིེ་ཕྱོགས་དེས་མི་འཕྲོགས་པ་སྟེ་ཐུབ་པར་མི་ནུས་པ་དེའི་ཕྱིར།
The subject - the eighteen unmixed qualities of Buddhas (asserted as the ten and eight) - they possess the own-character of not being swayed by others because the Teacher Buddha cannot be swayed, i.e. cannot be subdued, by the discordant class it is unmixed with.

རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཅན། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཚན་ཉིད་ཅན་དུ་འདོད་པ་ཡིན་ཏེ། དེ་ཁྱོད་ཀྱི་རང་གི་ངོ་བོ་ཡིན་པའི་ཕྱིར།
The subject - the exalted wisdom of the Exalted Knower of All Aspects - it is asserted as possessing the character of directly knowing all objects of knowledge because that is its nature.

རྣམ་མཁྱེན་དེ་ལས་གཞན་པའི་ཉན་རང་གི་རྒྱུད་ཀྱི་མཁྱེན་པ་ནི་ཆོས་ཅན།
ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་དེ། ཡུལ་ཉེ་ཚེ་བ་ལ་འཇུག་པ་ཉིད་ཀྱི་ཡུལ་ཅན་ཡིན་པ་དེས་ཕྱིར་རོ།
The subject - exalted knowers other than the exalted knower of all aspects that are in the continua of Hearers and Solitary Realisers - they are not asserted to directly know all objects of knowledge because of being an object-possessor that partially engages objects.


དོན་བསྡུ་བ་ནི། གང་ཞིག་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་།
འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་གང་ཡིན་པ་དེ་རྣམས་རང་བཞིན་གྱིས་གྲུབ་པ་དེ་ཁོ་ནས་སྟོང་པའི་སྟོང་ཉིད་དེ་ནི་ཆོས་ཅན།
རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་རང་གི་མཚན་ཉིད་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
In summary, the subject - the emptiness of being categorically inherently established of the own-character of compounded phenomena and the own-character of uncompounded phenomena - it is the emptiness of own-character because of being the emptiness of true existence of own-character (as the basis of emptiness).


Up a level: The sixteen emptinesses