Emptiness of the beginningless and endless
འཁོར་བ་དེ་ནི་ཆོས་ཅན། ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བར་བརྗོད་དེ། ཐོག་མ་དང་པོའེ་མཐའ་དང་ཐ་མ་ཕྱི་མའི་མཐའ་དེ་དག་མེད་པའི་ཕྱིར།
The subject - samsara - it is referred to as beginningless and endless because of not having a beginning (an initial boundary) and an end (a final boundary).
རྨི་ལམ་ལྟ་བུའི་སྲིད་པ་འདི་ཆོས་ཅན། སྐྱེ་འཆི་གཅིག་ནས་གཅིག་ཏུ་འཁོར་བར་རང་བཞིན་གྱིས་མ་གྲུབ་སྟེ།
སྐྱེ་བ་སྔ་ཕྱིའི་འགྲོ་འོང་རང་བཞིན་གྱིས་གྲུབ་པ་དང་བྲལ་པའི་ཕྱིར།
The subject - dream-like existence - cycling through birth and death from one to the next is not inherently established because the coming and going between past and future births lack inherent establishment.
སྲིད་པ་དེའི་ངོ་བོ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ཆེན་པོ་རྒྱལ་བའི་ཡུམ་ལས་ནི་ངེས་པར་བསྙད་དེ། སྟོང་གཞི་ཐོག་མ་དང་མཐའ་མ་མེད་པ་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the emptiness of inherent establishment of the nature of existence - it is explained in the great treatises, the Conqueror's Mother sutras, as the emptiness of the beginningless and endless because of being the emptiness of true existence of the beginningless and endless (as the bases of emptiness).
Up a level: The sixteen emptinesses