Emptiness of the inner
ཤེས་བྱ་ཆོས་ཅན། མིག་ནི་མིག་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་སྟེ།
རྒྱུ་མཚན་གང་གི་ཕྱིར་ན་མིག་དེ་ཡི་རང་བཞིན་ནི་མིག་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཡིན་པའི་ཕྱིར།
The subject - objects of knowledge - eyes are empty of establishment by own-nature because the nature of eyes is eyes being empty of establishment by own-nature.
མིག་དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་ཆོས་ཅན། བདེན་པས་སྟོང་པར་བསྙད་པར་བྱ་སྟེ། ཁྱོད་བདེན་པས་སྟོང་པ་ཁྱོད་ཀྱི་རང་བཞིན་ཡིན་པའི་ཕྱིར།
Similar to eyes, the subject - ears, nose, tongue, body, and mind - they are explained to be empty of true existence because their being empty of true existence is their nature.
རྟགས་སྔ་ཕྱི་གཉིས་ཀ་གྲུབ་སྟེ། མིག་སོགས་དེ་དག་དོན་དམ་པར་ཐེར་ཟུག་སྟེ་རྟག་པར་གནས་པ་མ་ཡིན་པ་དང་། འཇིག་པ་མི་རྟག་པར་བདེན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།
Both above signs are established because eyes and so forth are not ultimate everlasting, i.e. do not remain permanently, and are not truly existent impermanent and disintegrating.
མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་པོ་རང་བཞིན་མེད་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན།
ནང་སྟོང་པ་ཉིད་དུ་འདོད་དེ། སྟོང་གཞི་ནང་གི་སྐྱེ་མཆེད་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the lack of inherent existence of the six inner sources (eyes and so forth) - they are asserted as emptiness of the inner because of being the emptiness of true existence of the inner sources (as the bases of emptiness).
Up a level: The sixteen emptinesses