Emptiness of the nature of non-things

དངོས་པོ་རྣམས་ཆོས་ཅན། ཁྱོད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་སྟེ། ཁྱོད་ལ་རྒྱུ་རྐྱེན་འདུས་པ་ལས་བྱུང་བ་ཡི་བདེན་པའི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ།
ཁྱོད་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཕྱིར།
The subject - things - they are referred to as the nature of non-things because of lacking the truly existent nature of arising from the gathering of causes and conditions; because they arise in dependence upon their causes and conditions.

ཁྱབ་སྟེ། བདེན་གྲུབ་དང་ལྟོས་གྲུབ་འགལ་བའི་ཕྱིར།
There is pervasion because true establishment and dependent establishment are mutually exclusive.

རྒྱུ་རྐྱེན་འདུས་པ་ལས་བྱུང་བ་དེ་ནི་དེ་ཉིད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དེ་ནི་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ།
སྟོང་གཞི་དངོས་པོ་མེད་པའི་ངོ་བོ་ཉིད་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the emptiness of inherent establishment of what is arisen from the gathering of causes and conditions - it is the emptiness of the nature of non-things because of being the emptiness of true existence of the nature of non-things (as the bases of emptiness).


Up a level: The sixteen emptinesses