Emptiness of the non-observed

ཤེས་བྱ་ཆོས་ཅན། དུས་གསུམ་པོ་དེ་ལ་མ་དམིགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
དུས་གང་དུ་དུས་གསུམ་པོ་དེ་དག་ལྷན་ཅིག་ཏུ་ཚོགས་པ་མི་དམིགས་པས་ན་དེ་ལྟར་བརྗོད་པའི་ཕྱིར།
The subject - objects of knowledge - there is a reason for referring to those as non-observed in the three times because they are referred to as such due to the three times not being collectively observed at any time.

དེར་ཐལ། ད་ལྟར་བ་འདི་རང་དུས་སྐད་ཅིག་གཉིས་པར་མི་གནས་ཤིང་། འདས་པ་དང་མ་འོངས་པ་གཉིས་ད་ལྟར་གྱི་དུས་སུ་ཡོད་པ་མ་ཡིན་པའི་ཕྱིར།
That follows because the present does not remain in the next moment and the past and future do not exist in the present.

ཡང་ན། བདེན་པར་མ་དམིགས་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་བྱའོ།
Alternatively, they are referred to as such due to not being observed as truly existent.

མི་དམིགས་པ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ཡིས་དབེན་པ་གང་ཡིན་པ་དེ་ནི་ཆོས་ཅན། མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་ཡིན་ཏེ།
སྟོང་གཞི་མི་དམིགས་པ་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར།
The subject - the non-observed being devoid of establishment by own-nature - it is the emptiness of what is referred to as the "non-observed" because of being the emptiness of true existence of the non-observed (as the bases of emptiness).

མི་དམིགས་པ་ཆོས་ཅན། དོན་དམ་པར་མེད་དེ། དོན་དམ་པར་ཐེར་ཟུག་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་དེས་ཕྱིར་རོ།
The subject - the non-observed - they do not exist ultimately because, ultimately, they do not remain forever nor disintegrate.


Up a level: The sixteen emptinesses