Established meaning of the refutation of production from the four extremes (Gomde)
མཐའ་བཞིའི་སྐྱེ་བ་བཀག་པའི་དགོས་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་དང་བྲལ་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་། རྒྱུ་ལ་མ་ལྟོས་པར་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཕྱིར།
The purpose of refuting production from the four extremes: The subject - inner and outer things - they are devoid of inherent production because they are not produced from self, other, both, nor without depending on a cause.
ཁོ་ན་རེ། རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། ཞེས་བཤད་ན། འོ་ན། མངོན་སུམ་ཚད་མས་སྔོ་སོགས་ཀྱི་རང་བཞིན་མ་མཐོང་བར་ཐལ།
དངོས་པོ་ཀུན་རང་བཞིན་གྱིས་མེད་པའི་ཕྱིར། འདོད་ན། ཐམས་ཅད་ཀྱི་མངོན་སུམ་ལ་སྔོ་སོགས་ཀྱི་རང་བཞིན་སྣང་བ་མངོན་སུམ་དུ་མཐོང་བ་དང་འགལ་ལོ་ཞེ་ན།
Someone says: If you explain that due to not arising without depending on causes, things are devoid of nature, then it follows that direct valid cognition does not perceive the nature of blue and so forth because all things do not inherently exist.
If accepted: This contradicts that the appearance of the nature of blue and so forth to everyone's direct perception is directly perceived.
སྟོང་ཉིད་མ་རྟོགས་པའི་འཇིག་རྟེན་པ་ཆོས་ཅན། སྔོ་སོགས་ཀྱི་རང་བཞིན་མ་མཐོང་པར་ཡུལ་དེ་རྣམས་རང་བཞིན་གྱིས་གྲུབ་པའི་ལོག་པ་དག་ཏུ་སྣང་བར་འགྱུར་ཏེ།
རྒྱུ་མཚན་གང་གིེ་ཕྱིར་ན་ཆར་སྤྲིན་ནག་པོའི་ཚོགས་དང་མཚུངས་པའི་གཏི་མུག་སྟུག་པོ་སྟེ་འཐུག་པོ་རང་རྒྱུད་ལ་ཡོད་པ་དེས་ནའི་ཕྱིར།
Answer: The subject - worldly beings who have not realised emptiness - without perceiving the nature of blue and so forth, those objects will erroneously appear to them as inherently established because of possessing thick ignorance that is like a gathering of black rain-clouds in their continua.
ཁོ་ན་རེ། གཏི་མུག་གི་སྒྲིབ་པས་དེ་ཁོ་ན་ཉིད་མི་མཐོང་དུ་ཆུག་ཀྱང་ཡུལ་ཕྱིན་ཅི་ལོག་ཏུ་མཐོང་བ་ཇི་ལྟར་ཡིན་ཞེ་ན།
Someone says: Even if we allow that due to the obscuration of ignorance, they do not perceive suchness; why would they perceive objects erroneously?
ཤེས་བྱ་ཆོས་ཅན། གཏི་མུག་གི་སྐྱོན་གྱིས་རྒྱུད་བསླད་པའི་དབང་གིས་མི་མཁས་པ་རྣམས་ཀྱིས་སྔོན་པོ་སོགས་འདུས་བྱས་ལྟ་ཞིག་སྣ་ཚོགས་པ་བློ་གྲོས་ཀྱི་སྟེ་
དེ་དག་གི་ཤེས་པ་ཡིས་ནི་བདེན་པར་རྟོགས་པ་མཐོང་བར་འགྱུར་ཏེ། ཇི་ལྟར་ཏེ་དཔེར་ན་རབ་རིེབ་ཀྱིས་མིག་བསླད་པའི་མཐུ་ཡིས་རབ་རིབ་ཅན་འགའ་ཞིག་ལ་སྐྲ་ཤད་དང་ཟླ་བ་གཉིས་དང་། མར་མེའི་དཀྱིལ་འཁོར་ལ་རྨ་བྱའི་མདོངས་ཀྱི་རྣམ་པ་དང་སྦྲང་མ་ལ་སོགས་པ་ལོག་པ་སྟེ་མེད་བཞིན་དུ་ཡོད་པ་ལྟར་འཛིན་ཅིང་མཐོང་བར་བྱེད་པ་དེ་བཞིན་དུ་ནི་ཡིན་པའི་ཕྱིར།
Answer: The subject - objects of knowledge - through the force of the faults of ignorance affecting the continuum, whatever compounded phenomena (blue and so forth) are perceived by the unskilled, their consciousness will realise those as truly existent. This is because, for example, through the force of an eye-disease affecting the eyes, those will the eye-disease will perceive falling hairs, two moons, peacock's colours around the halo of a butter-lamp, bees, and so forth where there are none.
འོ་ན། མི་མཁས་པ་རྣམས་གཏི་མུག་གི་དབང་གིས་འདུས་བྱས་བདེན་པར་འཛིན་པ་ལ་སྐྱོན་ཅི་ཡོད་ཞེ་ན།
Someone says: In that case, what fault is there in the unskilled to apprehend compounded phenomena as truly existent through the force of ignorance?
ཤེས་བྱ་ཆོས་ཅན། གལ་ཏེ་རྟེན་འབྲེལ་གྱི་མདོ་ལས་གཏི་མུག་སྟེ་མ་རིག་པའི་རྟེན་འབྲེལ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་འབྱུང་ལ་གཏི་མུག་མེད་པར་ལས་དེ་མི་འབྱུང་ཞེས་བྱ་བར་གསུངས་པས་མ་རིག་པ་དང་འདུ་བྱེད་སོགས་རང་བཞིན་གྱིས་གྲུབ་བོ་སྙམ་དུ་འཛིན་པ་ནི་མི་མཁས་པ་ཁོར་ས་རྟོགས་པ་སྟེ་དེའི་དབང་དུ་བྱས་པ་གོར་མ་ཆག་པ་ཡིན་ཏེ། དེ་ལ་བརྟེན་ནས་འཁོར་བར་དམ་དུ་འཆིང་ཞིང་གཏི་མུག་ཤིན་ཏུ་སྲབས་པའི་མཁས་པ་དབུ་མ་བ་དག་ནི་མ་རིག་པ་ལས་འདུ་བྱེད་འབྱུང་བའི་རྒྱུ་མཚན་གྱིས་རྟེན་
འབྲེལ་རང་བཞིན་མེད་པའི་སྟོང་ཉིད་ཁོང་དུ་ཆུད་ཅིང་། དེ་ལ་བརྟེན་ནས་རིམ་གྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་གྲོས་བཟང་པོའི་ཉི་མས་མུན་པ་སྟུག་པོ་དང་འདྲ་བའི་མ་རིག་པ་རྣམ་པར་བསལ་བ་སྟེ་སྤངས་ནས་འཁོར་བ་ལས་གྲོལ་བར་འགྱུར་བའི་ཕྱིར།
Answer: The subject - objects of knowledge - the sutra on dependent-arising says "In dependence upon the dependent-arising of ignorance, compositional actions arise; without ignorance, those actions do not arise", due to this the unskilled will undoubtedly apprehend that ignorance, compositional actions, and so forth are inherently established because they are tightly bound to Samsara in dependence upon that. The Madhyamikas, whose ignorance is very thin, understand the emptiness that dependent-arisings lack inherent existence by reason of compositional actions arising from ignorance. In dependence upon that, they gradually eliminate ignorance that is like thick darkness with the sun of excellent intelligence that is the direct realisation of emptiness and will be liberated from Samsara.
ཡང་ཁོ་ན་རེ། དབུ་མ་པ་ཁྱོད་ཀྱིས། དེའི་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། ཞེས་དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་ཤིང་ཐ་སྙད་དུ་སྐྱེ་ཞེས་པ་འགལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། གཟུགས་སོགས་དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད་ཡིན་ཏེ། གལ་ཏེ་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་སྟེ་རང་བཞིན་གྱིས་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་གཟུགས་སོགས་དེ་དག་མེད་པ་ཉིད་དུ་འགྱུར་ན། དེ་དག་ཐ་སྙད་དུ་ཡོད་པ་དེ་ཡི་ཕྱིར་རོ་ཞེ་ན།
Someone says: Madhyamikas saying "Due to that, through such stages, things are primordially unproduced in suchness; but should be known as produced in the world", i.e. that things are not inherently produced but are conventionally produced is contradictory. How so? Forms and so forth are inherently existent; if things were not inherently existent, then also conventionally, like the son of a barren woman, forms and so forth would be non-existent, but they are conventionally existent.
འདི་ནི་ཐ་སྙད་པའི་ཚད་མ་ལ་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཞིང་སྣང་བ་ལྟར་དུ་དེ་ལ་ཚད་མར་མ་སོང་ན་གཟུགས་སོགས་དེ་དག་ཡོད་པར་འཇོག་མི་ཤེས་པར་འདོད་པའི་དངོས་སྨྲ་བ་སྤྱིའི་རྩོད་པའོ།
Answer: This is the general debate of the Proponents of Things that assert that forms and so forth appear as established by own-character to conventional valid cognition but do not know how to posit the existence of those forms and so forth if those don't become valid cognitions with respect to those in accordance with their appearance.
It is the general debate because not all Proponents of Things assert that if things do not exist ultimately, then they necessarily do not exist conventionally because, for example, Vaibhashikas assert the pot is not an ultimate truth but is a conventional truth.
འདི་ལ་བཤད་པར་བྱ་སྟེ། གང་དག་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་སྣང་ལ་མོ་གཤམ་གྱི་བུ་མི་སྣང་བའི་ཁྱད་པར་མེད་པར་ཐལ།
རབ་རིེབ་ཅན་སོགས་ཀྱི་བློའི་ཡུལ་དུ་གྱུར་པའི་སྐྲ་ཤད་ལ་སོགས་པ་དེ་དག་དང་མོ་གཤམ་གྱི་བུ་གཉིས་མ་སྐྱེས་པར་མཚུངས་པའི་ཕྱིར།
ཞེས་རེ་ཤིག་སྟེ་སྔོན་ལ་རབ་རིབ་ཅན་དེ་དག་ཉིད་ལ་བརྩད་པར་བྱ་ཞིང་།
Therefore, it should be known: Provisionally, i.e. first, debate with those who have the eye-disease, saying "It follows that there is no difference in terms of falling hairs appearing to those with an eye-disease and the son of a barren woman appearing because falling hairs and so forth that are the objects of awareness of those with an eye-disease and the son of a barren woman are equally unproduced."
དེའི་ཕྱི་ནས་ཏེ་རྗེས་སུ་བདེན་སྣང་ཅན་ལ་ཁྱོད་ཀྱིས་གཟུགས་སོགས་མཐོང་ལ། མོ་གཤམ་ཀྱི་བུ་མི་མཐོང་བའི་ཁྱད་པར་མེད་པར་ཐལ། དེ་གཉིས་རང་བཞིན་གྱིས་
མ་སྐྱེས་པར་མཚུངས་པའི་ཕྱིར། ཞེས་མ་རིག་པའི་རབ་རིབ་དང་རྗེས་སུ་འབྲེལ་བ་སྟེ་བློ་མ་རིག་པས་སྒྲིབ་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་རིགས་པར་ཐལ།
དེ་ལྟར་བརྩད་པའི་ཚེ་དེ་གཉིས་ཀྱི་རྟགས་བསལ་ལ་ལན་མི་ཐེབས་ཤིང་། ཁྱོད་ལྟར་ན་ཁྱབ་པ་ཡང་ཚད་མས་གྲུབ་པས་འཁོར་གསུམ་ལ་ལན་མེད་པའི་ཕྱིར།
Then, after that, it follows that you should debate and investigate those whose awareness is obscured by the disease of ignorance, saying "It follows that there is no difference in terms of your perceiving forms and so forth and not perceiving the son of a barren woman for those with appearances of true existence because those two are equally not inherently produced." because when debating as such, there is no response to those debates and according to you the pervasion is also not established by valid cognition, therefore there is no answer in the three spheres.
འདིའི་རེ་ཤིག་ཅེས་པ་དང་པོའི་དོན་ཡིན་པས་རྩོད་པའི་གོ་རིམ་སྟོན་ཞིང་དེ་ཡང་རྩོད་པ་སྔ་མ་གོ་སླ་བར་སྟོན་ནོ།
Since the word "provisionally" means first, it is indicating the order of the debate and also indicating that the prior debate is easier to understand.
ཁྱབ་པ་ཁས་བླངས་ཏེ། རང་བཞིན་མེད་པར་མཚུངས་ན་ཐ་སྙད་དུ་ཡོད་མེད་མཚུངས་པར་ཁས་བླངས་པས།
དེ་ལྟར་ན་རང་བཞིན་གྱིས་མེད་པར་མཚུངས་ན་གསལ་བར་སྣང་མི་སྣང་ཡང་མཚུངས་པར་ཁས་ལེན་དགོས་པའི་ཕྱིར་རོ།
The pervasion is asserted because if they are the same in lacking inherent existence, then they are asserted as equally conventionally existent or non-existent; therefore, if they are equally not inherently existent, then it is necessary to assert that those would equally clearly appear or not appear.
རབ་རིབ་ཅན་ལས་ཀྱང་ཐོག་མར་ཡིད་ནང་དུ་བསྡུས་ནས་དངོས་སྨྲ་བ་ཁྱོད་རང་གི་བློ་འཁྲུལ་བའི་སྐྱེ་ཚུལ་བརྟགས་ཤིང་དཔྱད་པར་བྱ་དགོས་སོ།
Even more so than those with an eye-disease, you Proponents of Things should turn your mind inwards and investigate and analyse the way in which your mistaken awarenesses arise.
ཇི་ལྟར་ཞེ་ན། གལ་ཏེ་དངོས་སྨྲ་བ་ཁྱོད་ལ་རྨི་ལམ་གྱི་ཁང་མིག་དང་དྲི་ཟའི་གྲོང་ཁྱེར་དང་བཅས་པ་སྣང་བ་དང་། སྨིག་རྒྱུ་ལ་ཆུ་དང་། མིག་འཁྲུལ་མཁན་གྱིས་སྤྲུལ་པའི་སྐྱེས་པ་བུད་མེད་དང་། གཟུགས་བརྙན་ལ་བྱད་བཞིན་དུ་མཐོང་བ་སོགས་རང་བཞིན་གྱིས་སྐྱེ་བ་མེད་པ་རྣམས་མཐོང་བ་ན། ཇི་ལྟར་བདག་གིས་རྨི་ལམ་གྱི་ཁང་ཁྱིམ་སོགས་མཐོང་བ་དེར་འགྱུར་ལ། མོ་གཤམ་གྱི་བུ་མི་མཐོང་བ་དེ་མི་རིགས་པར་ཐལ། དེ་དག་དང་མོ་གཤམ་གྱི་བུ་གཉིས་ཡོད་པ་ཉིད་མ་ཡིན་པར་མཚུངས་པའི་ཕྱིར།
ཞེས་དངོས་སྨྲ་བ་ཁྱོད་རང་ལ་རྩོད་རིགས་པར་ཐལ། དེ་ལྟར་རྩོད་པའི་ཚེ་རྟགས་བསལ་ལ་ལན་མི་ཐེབས་ཤིང་།
ཁྱབ་པ་ཡང་ཁས་བླངས་པས་འཁོར་གསུམ་དངོས་འགལ་དུ་སོང་བའི་ཕྱིར།
How so? It follows that it is suitable that the Proponents of Things debate this with themselves, saying "It follows that when you Proponents of Things perceive appearances of a dream-room, the city of flesh-eaters, a mirage as water, the men and women emanated by an illusionist, the reflection as an actual face, and so forth that are not inherently produced, then it would not be suitable that the dream-house and so forth are perceived but the son of a barren woman would not be perceived because those and the son of a barren woman are equally not existent." because when debating as such, there is no response to the sign and predicate and also the pervasion has been accepted, therefore there is a contradiction of the three spheres.
དབུ་མ་པའི་ལན་བཟློག་པར་མི་ནུས་པས་རྩོད་པར་མི་རིགས་པ་ནི། དེ་ལྟར་བརྩོད་ན་ལན་གྱིས་བཟློག་པར་མི་ནུས་པས་རབ་རིེབ་ཅན་གཉིས་དང་
དངོས་སྨྲ་བ་ཁྱོད་རང་ལ་རྩོད་རིགས་ཀྱི། དབུ་མ་པ་ལ་བརྩོད་མི་རིགས་ཏེ། དབུ་མ་པས་རང་བཞིན་གྱིས་གྲུབ་པ་བསྒྲུབ་བྱེད་དང་བཅས་པ་བཟློག་ནུས་པའི་ཕྱིར།
Since you are unable to overturn the Madhyamikas' response, it is not suitable to debate: If you debate as such, then you will not be able to overturn the response and therefore it is suitable that you debate with the two with the eye-disease and yourselves, it is unsuitable that your debate with us Madhyamikas because the Madhyamikas are able to overturn inherent establishment together with its proofs.
ཇི་ལྟར་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་རྣམས་དོན་དམ་པར་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་བཞིན་དུ་བློའི་ཡུལ་དུ་མི་འགྱུར་ཞེས་སྨྲ་བའི་གཏན་ཆིགས་འདི་ནི་
ཁྱབ་པ་མ་ངེས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་གཟུགས་སོགས་ཀྱི་དངོས་པོ་འདི་དག་དེ་ཁོ་ན་ཉིད་དུ་ཇི་ལྟར་སྟེ་གཏན་ནས་སྐྱེ་བ་མེད་ཀྱང་མོ་གཤམ་གྱི་བུ་ལྟར་
འཇིག་རྟེན་གྱིས་མཐོང་བའི་ཡུལ་དུ་མི་འགྱུར་པ་མ་ཡིན་པ་དེ་ཡི་ཕྱིར་རོ།
How so? The subject - objects of knowledge - the reason "If things do not ultimately exist, then they would not be objects of awareness even conventionally, just like the son of a barren woman." is of indefinite pervasion because although things (forms and so forth) are completely unproduced in suchness, they do not not become objects perceived by the world, like the son of a barren woman.
མདོ་ལས་ཀྱང་། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས།
ཞེས་གསུང་པའི་ཕྱིར།
Also, because sutra says: Just as in a completely pure mirror reflections that lack inherent existence appear, Druma, understand phenomena as such.
Indicating the summarised meaning of that དེའི་དོན་བསྡུས་ཏེ་བསྟན་པ་ནི།
གཟུགས་སོགས་ཀྱི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་གྲུབ་པར་ཐལ། ཐ་སྙད་པའི་ཚད་མས་དེ་ལྟར་གྲུབ་པའི་ཕྱིར།
ཞེས་པའི་ཐལ་བ་འདི་ཁོ་བོ་ཅག་ལ་གནོད་བྱེད་མ་ཡིན་ཏེ། དེ་ལ་ཁོ་བོ་ཅག་གིས་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར།
The consequence "The subject - things (forms and so forth) - it follows that they are inherently established because they are established as such by conventional valid cognition." cannot undermine us because we can respond reason not established.
དེར་ཐལ། མོ་གཤམ་གྱི་བུ་ལ་རང་ཉིད་བདག་ཉིད་ཀྱིས་སམ་ངོ་བོ་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དུ་མེད་ཅིང་། འཇིག་རྟེན་གྱི་ཐ་སྙད་དུའང་ཡོད་པ་མ་ཡིན་པ་དེ་བཞིན་དུ། གཟུགས་སོགས་ཀྱི་དངོས་པོ་འདི་ཀུན་རང་གི་ངོ་བོ་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་དང་དེ་ཁོ་ན་ཉིད་གང་དུ་ཡང་མ་སྐྱེས་པ་དེའི་ཕྱིར།
That follows because just like the production by its own nature of the son of a barren woman does not exist in suchness and does not exist also in worldly conventions, similarly, things (forms and so forth) are not produced by their own nature neither in terms of worldly conventions or suchness.
རྟགས་ལུང་དང་སྦྱོར་བ་ནི་དངོས་པོ་རྣམས་ཆོས་ཅན། དུས་རྟག་ཏུ་རང་བཞིན་གྱིས་སྐྱེ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ།
རྒྱ་མཚན་འདི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀུན་གདོད་མ་ནས་ཞི་ཞིང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་འཐད་པར་གྱུར་པ་དེའི་ཕྱིར།
Connecting reasoning to scripture: The subject - things - there is never any inherent production because the Teacher Bhagavan taught that all phenomena are primordially pacified, naturally free from production, naturally completely passed beyond sorrow.
གང་དུ་གསུངས་ན་དཀོན་མཆོག་སྤྲིན་ལས།
ཆོས་ཀྱི་འཁོར་ལོ་བསྐོར་བ་ན། གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ།
Where did he say this? In the Cloud of Jewels sutra: When turning the wheel of dharma, you Protector taught phenomena that are primordially pacified, unproduced, and naturally passed beyond sorrow.
དེའི་ཕྱིར་དོན་དམ་པར་མེད་ན་མོ་གཤམ་གྱི་བུ་དང་མཚུངས་པར་ཐ་སྙད་དུ་ཡང་མེད་པར་ཐལ་བའི་སྐྱོན་དུ་མི་འགྱུར་ཏེ། བྱེ་བྲག་སྨྲ་བ་ཁྱོད་ལྟར་ན་ཡང་བུམ་སོགས་འདི་དག་དེ་ཉིད་དུ་སྟེ་དོན་དམ་པར་མེད་ཅིང་། འཇིག་རྟེན་ལ་རབ་ཏུ་གྲགས་པ་སྟེ་ཐ་སྙད་དུ་ཡོད་པའི་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་བ་དེས་ནའི་ཕྱིར།
Therefore, if they do not ultimately exist, there is not fault that they will not exist also conventionally similarly to the son of a barren woman because Vaibhashikas even according to you, pots and so forth do not ultimately exist but exist conventionally, i.e. are renown in the world; just like that, it is similar for all things.
ཚིགས་བཅད་ཐ་མའིེ་སྐྱོན་སྤོང་འདི་བྱེ་བྲག་སྨྲ་བ་ལ་ཡིན་པས་དོན་དམ་ཡང་མཛོད་ལས་བཤད་པ་ལྟར་ཡིན་ནོ།
The dispelling of faults in the last verse is wrt the Vaibhashikas and therefore the ultimate is in accordance with the explanations in the Abhidharmakosha.
Up a level: Madhyamaka