Example of the magical illusion

སྒྱུ་མ་མཁན་གྱིས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་དང་སྒྱུ་མའི་སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་དང་།
སྒྱུ་མའི་སྔགས་རྫས་ཀྱིས་མིག་མ་བསླད་པར་གནས་དེར་ཕྱིས་སླེབས་པའི་གང་ཟག་གསུམ་ལ་སྣང་ཚུལ་གསུམ་འབྱུང་སྟེ།
When a magician transforms sticks and stones into horses and elephants, three modes of appearance arise to three persons:

  1. That of the magician,
  2. That of the audience whose eyes are affected by the magical mantra and substances, and
  3. That of people who arrived later so their eyes are not affected by the magical mantra and substances;

དང་པོ་ལ་རྡེའུ་ཤིང་རྟ་གླང་དུ་སྣང་བ་ཙམ་དུ་ཡོད་ཀྱང་དེར་ཞེན་པ་མེད།
གཉིས་པ་ལ་རྡེའུ་ཤིང་རྟ་གླང་དུ་སྣང་ཞེན་གཉིས་ཀ་ཡོད། གསུམ་པ་ལ་རྡེའུ་ཤིང་རྟ་གླང་དུ་སྣང་ཞེན་གཉིས་ཀ་མེད་པའི་ཕྱིར།
This is because:

  1. Although the sticks and stones appear as horses and elephants to the first, they do not conceive those as such;
  2. The second have both the appearance and conception of the sticks and stones as being horses and elephants;
  3. The third have neither the appearance or conception of the sticks and stones as being horses and elephants.

སྒྱུ་མའི་སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་རྡེའུ་ཤིང་རྟ་གླང་དུ་སྣང་ཞེན་གཉིས་ཀ་ཡོད་པ་བཞིན་དུ། སྟོང་ཉིད་མ་རྟོགས་པའི་སོ་སྐྱེ་རང་དགའ་བ་རྣམས་ལ་
ཕྱི་ནང་གི་ཆོས་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་སྣང་ཞིང་ཞེན་ལ།
[1] Just like for the audience whose eyes are affected by the magical mantra and substances, the sticks and stones both appear and are conceived to be horses and elephants; for common ordinary beings who have not realised emptiness, inner and outer phenomena appear and are conceived to be established from the side of the object's mode of abiding without being posited through the force of appearing to an awareness.

དེ་ལྟར་གྲུབ་པར་འཛིན་པའི་རྟོག་པ་དེ་ལ་བདེན་འཛིན་ལྷན་སྐྱེས་ཞེས་བྱ་ཞིང་། དེ་ལྟར་གྲུབ་པ་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ཕྲ་མོར་འཇོག
The conception apprehending those to be established as such is referred to as the innate apprehension of true existence and that which is established as such is posited as the subtle object of negation of reasoning analysing the ultimate.

སྒྱུ་མ་མཁན་ལ་རྡེའུ་ཤིང་རྟ་གླང་དུ་སྣང་བ་ཙམ་ཡོད་ཀྱང་དེ་ལ་དེ་ལྟར་ཞེན་པ་མེད་པ་བཞིན་དུ། སྟོང་ཉིད་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་ལ་ཆོས་ཐམས་ཅད་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་སྣང་བ་ཡོད་ཀྱང་། དེས་དེ་ལྟར་དུ་གྲུབ་པར་མི་འཛིན་ཏེ།
དེས་ཆོས་ཐམས་ཅད་བློ་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་ཙམ་དུ་རྟོགས་པའི་ཕྱིར།
[2] Just like the magician has just the appearance of the sticks and stones as being horses and elephants but does not conceive them as such; for ordinary beings who have realised emptiness, all phenomena appear to be established from the side of the object's mode of abiding without being posited through the force of appearing to an awareness but they do not apprehend those as being established as such because they have realised all phenomena's mere existence that is posited through the force of appearing to an awareness.


མྱུ་གུ་ས་བོན་ལས་སྐྱེ་བ་བློའི་དབང་གིས་བཞག་པ་ཙམ་ཡིན་ན། མྱུ་གུ་རང་ངོས་ནས་ས་བོན་ལས་མི་སྐྱེ་བར་འགྱུར་རོ་སྙམ་ན།
Someone thinks: If the sprout's production from a seed is merely posited through the force of an awareness, then the sprout would not be produced from the seed from its own-side.

སྐྱོན་མེད་དེ། སྤྲུལ་གཞི་རྡེའུ་ཤིང་རྟ་གླང་དུ་སྣང་བ་བློའི་དབང་གིས་བཞག་པ་ཙམ་ཡིན་ཡང་། སྤྲུལ་གཞི་རྡེའུ་ཤིང་རང་ངོས་ནས་རྟ་གླང་དུ་སྣང་བ་ལ་འགལ་བ་མེད་པའི་ཕྱིར།
There is no such fault because although the appearance of the sticks and stones (the bases of the illusion) as horses and elephants is merely posited through the force of an awareness, there is no contradiction that the sticks and stones (the bases of the illusion) appear as horses and elephants from their own side.

དེའི་རྒྱུ་མཚན་གང་སྙམ་ན། དེ་ཆོས་ཅན། རང་ངོས་ནས་རྟ་གླང་དུ་སྣང་སྟེ། རང་ངོས་ནས་རྟ་གླང་དུ་སྣང་བར་གྲུབ་པའི་ཕྱིར་ཏེ། ཁྱོད་རྟ་གླང་དུ་སྣང་བར་གྲུབ་པའི་ཕྱིར།
Why? The subject - [the sticks and stones (the bases of the illusion)] - they appear as horses and elephants from their own side because they are established as appearing as horses and elephants from their own side; because they are established as appearing as horses and elephants.

ཁྱབ་སྟེ། ཡོད་ན་རང་ངོས་ནས་ཡོད་དགོས་པའི་ཕྱིར།
There is pervasion because if it exists, then it necessarily exists from its own side.

རྡེའུ་ཤིང་རྟ་གླང་དུ་སྣང་བ་ཡིན་པར་ཐལ། སྒྱུ་མའི་སྤྲུལ་གཞིའི་རྡེའུ་ཤིང་རྟ་གླང་དུ་སྣང་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་པར་གསལ་ལོ།
Someone says: It follows that sticks and stones appear as horses and elephants because the sticks and stones that are the bases of the illusion appear as horses and elephants.
Clearly no pervasion!


སྒྱུ་མའི་སྔགས་རྫས་ཀྱིས་མིག་མ་བསླད་པའི་ལྟད་མོ་བ་ལ་རྡེའུ་ཤིང་རྟ་གླང་དུ་མི་སྣང་ཞིང་། དེས་རྡེའུ་ཤིང་རྟ་གླང་དུ་མི་ཞེན་པ་བཞིན་དུ།
སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་ཆོས་རྣམས་བདེན་གྲུབ་ཏུ་སྣང་བ་ཙམ་ཡང་མེད་དེ།
སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་དེ། མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའི་ཕྱིར།
[3] Just like for the audience whose eyes are not affected by the magical mantra and substances, the sticks and stones do not appear as horses and elephants nor do they conceive the sticks and stones to be horses and elephants; for Arya Bodhisattvas' exalted wisdom of meditative equipoise directly realising emptiness, there is not even the mere appearance of phenomena as truly established because the Aryas' exalted wisdom of meditative equipoise directly realising emptiness is not affected by the imprints of ignorance.


Up a level: Measure of the object of negation (Svatantrika)