Explaining the intention of indicating Mind Only in the Lankavatara Sutra

ལང་གཤེགས་ལས། ཕྱི་རོལ་སྣང་པ་ཡོད་མིན་ཏེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ།
ཞེས་གསུངས།
The Lankavatara Sutra says: That appearing externally is not existent; the mind appears as the varieties. The body, enjoyments, and likewise the abode, I explained as merely mind.

ལང་ཀར་གཤེགས་པའི་མདོ་སྡེ་གང་ལས་ཕྱི་རོལ་དུ་སྣང་བ་ཡོད་པ་མིན་ཀྱང་སེམས་ནི་ལུས་དང་ལོངས་སྤྱོད་ལ་སོགས་པ་སྣ་ཆོགས་པར་སྣང་ངོ་ཞེས་གསུངས་པ་དེ་ཡང་ཆོས་ཅན། ཁོད་ཀྱིས་ཕྱི་དོན་མེད་པར་བསྟན་པས་ཕྱི་དོན་མེད་པར་མི་འགྲུབ་སྟེ། ཁྱོད་གཟུགས་ལ་ཤིན་ཏུ་ཆགས་ནས་ཉོན་མོངས་དྲག་པོ་སྐྱེས་པ་གང་ཡིན་པ་དེ་དག་ལ་
ཕྱི་རོལ་གཟུགས་ལ་བརྟེན་པའི་ཉོན་མོངས་དྲག་པོ་བཟློག་པའི་ཕྱིར་དུ་གསུངས་པའི་དྲང་དོན་དགོངས་པ་ཅན་ཉིད་ཡིན་པའི་ཕྱིར།
The subject - also this statement from the Lankavatara Sutra saying "That which appears as external is not existent; however, mind appears as the varieties, i.e. the body, enjoyments, and so forth" - it does not establish the non-existence of external object through indicating the non-existence of external objects because it is just an interpretative meaning with an intention, indicated in order to overcome the strong afflictions that depend upon external forms in those that produce strong afflictions through strong attachment to forms.

དཔེར་ན་ཆགས་ཅན་གྱི་ཆགས་པ་གཞོམ་པའི་ཕྱིར་དུ་བཅོམ་ལྡན་འདས་ཀྱིས་ཀེང་རུས་ཀྱི་ཏིང་ངེ་འཛིན་བསྟན་པ་ལྟ་བུའོ།
For example, just like the Bhagavan taught the meditative stabilisation on bones in order to eliminate attachment of those with attachment.


Up a level: Refutation of the Cittamatra System