Explaining the intention of indicating Mind Only in the Sutra on the Ten Grounds

ཙམ་གྱི་སྒྲས་ཕྱི་རོལ་མི་འགོག་པ་ས་བཅུ་པའི་ལུང་གིས་བསྒྲུབ་པ།
Proving that the term "only" does not refute external objects using the Sutra on the Ten Grounds

མདོ་དེའི་ཙམ་སྒྲས་ཕྱི་དོན་འགོག་པ་མ་ཡིན་པར་ཐལ། ས་དྲུག་པ་མངོན་དུ་གྱུར་པ་ཆོས་དབྱིངས་ལ་མངོན་དུ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་དེ་ཡིས་སྲིད་གསུམ་རྣམ་ཤེས་ཙམ་དུ་རྟོགས་པར་གསུངས་པ་གང་ཡིན་པ་ས་བཅུ་པའི་མདོ་དེས་ནི་བདག་རྟག་པ་ཁམས་གསུམ་གྱི་བྱེད་པ་པོ་ཡིན་པ་བཀག་ནས་སེམས་ཙམ་ཞིག་ཁམས་གསུམ་གྱི་བྱེད་པ་པོར་རྟོགས་པའི་ཕྱིར་དུ། མདོ་དེར་ཁམས་གསུམ་ཀྱི་བྱེད་པ་པོ་ནི་སེམས་ཙམ་ཡིན་པར་ས་དྲུག་པ་བ་དེས་རྟོགས་ཞེས་བསྟན་པ་ཡིན་པའི་ཕྱིར།
(Gomde:) It follows that the term "only" in that sutra does not refute external objects because the Sutra on the Ten Grounds indicates that the Bodhisattva on the sixth ground, the Manifest, who directs their mind to dharmadhatu realises the three existences as consciousness only. Thus, in order to refute that a permanent self is the creator of the three realms and to realise that mind only is the creator of the three realms, it is indicated in that sutra that the sixth grounder realises that the creator of the three realms is mind only.

ཕྱི་རོལ་གྱི་དོན་མེད་པར་ཐལ། ས་བཅུ་པའི་མདོ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར་ཞེ་ན།
(Panchen:) If someone says: It follows that external objects do not exist because the Sutra on the Ten Grounds says "The three realms are mind only."

མ་ཁྱབ་སྟེ། འདིའི་ཙམ་སྒྲས་སེམས་ལས་གཞན་པའི་བྱེད་པ་པོ་འགོག་གི་ཕྱི་དོན་མི་འགོག་པའི་ཕྱིར་ཏེ།
Answer: No pervasion because the term "only" in that refutes an agent that is separate from the mind; it does not refute external objects.

ས་བཅུ་པ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ་སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྕལ་པ་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་ཡན་ལག་བཅུ་གཉིས་སེམས་གཅིག་ལ་བརྟེན་པར་གསུངས་པའི་ཕྱིར།
This is because the Sutra on the Ten Grounds says "The three realms are mind only; everything said and differentiated by the Tathagatas about the twelve links of existence are dependent upon a single mind.", indicating the twelve links in dependence upon a single mind.


This meaning is also proven in other sutras དོན་དེ་ཉིད་མདོ་གཞན་གྱིས་ཀྱང་བསྒྲུབ་པ།

ལང་གཤེགས་ལས།
གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། ཞེས་གསུངས།
The Lankavatara sutra says: There are those [explaining] the person, continuum, aggregates, conditions, atoms, Prakriti, and Ishvara as the creator; I explain it as mind only.

ལང་གཤེགས་ཀྱི་ལུང་ཆོས་ཅན། ཁྱོད་ཀྱིས་སེམས་ཙམ་དུ་གསུངས་པའི་དགོངས་པ་གསལ་བར་བཤད་པ་ཡིན་ཏེ། ཇི་བཞིན་ཏེ་ཇི་ལྟར་རང་རང་གི་བསྟན་བཅོས་ཀྱི་
གྲབ་པའི་མཐའ་དེ་དང་དེ་ལས་མུ་སྟེགས་པ་རྣམས་ཀྱིས་གང་ཟག་དང་རྒྱུན་ལ་སོགས་པ་དེ་དག་འཇིག་རྟེན་གྱི་བྱེད་པ་པོར་སྨྲས་པ་དེ་དག་བྱེད་པ་པོར་མ་གཟིགས་ནས་
རྒྱལ་བས་སེམས་ཙམ་ཞིག་འཇིག་རྟེན་གྱི་བྱེད་པ་པོར་གསུངས་པར་བསྟན་པའིེ་ཕྱིར།
(Gomde:) The subject - this section of the sutra - it clearly explains the intention behind saying "mind only" because through not perceiving the statements by Forders of such and such tenets in accordance with their treatises that the person, the continuum, and so forth are the creator of the world, the Conqueror said that mind only is the creator of the world.


The term "only" proves the mind is principal ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྒྲུབ་པ།

དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་འཆད་པ་ན། ཚིག་སྔ་མ་སངས་ཞེས་པ་མི་མངོན་ཀྱང་སངས་རྒྱས་ཞེས་བསྙད་རྒྱུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་
གཟུགས་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་ཞིག་གཙོ་བོར་གྱུར་པ་ལ་ཚིག་ཕྱི་མ་གཙོ་བོར་གྱུར་པ་མི་མངོན་པར་བྱས་ནས།
མདོ་ལས་འཇིག་རྟེན་ལ་སྟེ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར།
(Gomde:) When explaining that expanding the mind (blo rgyas pa) wrt suchness as "Buddha" (sangs rgyas), then although the first term "sangs" is not explicit, it should be explained as "sangs rgyas". Similarly, regarding the mind only being principal among the two - form and mind - then taking the later term "principal" as not explicit the sutra says "the world, i.e. the three realms, are mind only."

མདོར་བསྡུ་ན་མདོ་ལས། སེམས་ཙམ་མོ་ཞེས་གསུངས་པའི་ཚེ་གཙོ་བོ་ཞེས་པ་མི་མངོན་ཀྱང་དོན་སེམས་གཉིས་ཀྱི་ནང་ནས་སེམས་གཙོ་བོ་ཡིན་ཞེས་པའི་དོན།
In short, when the sutra states "mind only" then although the term "principal" is not explicit, the meaning is that from among the two - objects and minds - minds are principal.

ཤེས་བྱ་ཆོས་ཅན། འཇིག་རྟེན་གྱི་བྱེད་པ་པོ་ལ་སེམས་གཙོ་བོར་གྱུར་པའི་རྒྱུ་མཚན་ཡོད་དེ།
སེམས་ཉིད་ཀྱིས་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་འགོད་པ་སྟེ་སྐྱེད་པའི་ཕྱིར།
The subject - objects of knowledge - there is a reason that regarding the creator of the world, the mind is principal because the mind itself that creates or generates the huge varieties in the world of sentient beings and the container world-systems.

བཅུད་ཀྱི་འགྲོ་བ་མ་ལུས་པ་རང་རང་གི་ཐུན་མོང་མ་ཡིན་པའི་ལས་དང་སྣོད་ཀྱི་འཇིག་རྟེན་ཐུན་མོང་བའི་ལས་ལས་སྐྱེས་པར་གསུངས་པའི་ཕྱིར།
This is because it is said that all contained migrators without exception are produced from their uncommon actions and the container world-systems from common actions.

ཁྱབ་ཏེ། སེམས་དང་བཅས་པ་ཁོ་ནས་ལས་བསོག་ཀྱི་སེམས་ཡོད་པ་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར།
There is pervasion because only those possessing a mind accumulate actions; without a mind, there is also no actions.

གསུངས་ཚུལ་ནི། མདོ་ལས།
སེམས་ཅན་ལས་ཀྱི་དབང་གིེས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ།
The way it is stated in sutra is: Through the force of sentient beings' actions the black mountains are produced at their time; think of it as an example, just like in the worlds of the hells and higher states, there are weapons and wish-fulfilling trees.

འོ་ན་སེམས་ཅན་འཁོར་བར་སྐྱེ་བ་ལ་གཟུགས་སེམས་གཉིས་ཀྱི་ནང་ནས་སེམས་གཙོ་བས་རྒྱུ་མཚན་གང་ཞེ་ན།
Why is the mind principal from among form and mind for sentient beings being born in samsara?

གལ་ཏེ་འགྲོ་བ་སྐྱེ་གནས་སུ་འཇུག་པའི་རྒྱུའམ་དེར་ཉིང་འཚམས་སྦྱོར་བ་ལ་གཟུགས་ཀྱང་ཡོད་མོད་ཀྱི་གཟུགས་དེ་ལ་ནི་སེམས་བཞེན་དུ་
འགྲོ་འོང་གི་བྱེད་པ་པོ་ཉེད་ཡོད་པ་མ་ཡིན་ཏེ། གཟུགས་བེམ་པོ་ཡིན་པའི་ཕྱིར།
Although among the causes for migrators entering birth-states or their taking birth there, there are also forms; those forms are not an agent of coming and going like the mind because form is matter.

ཁྱབ་ཏེ། བེམ་པོ་མེད་ཀྱང་སེམས་ཅན་སྐྱེ་བ་ཡོད་པའི་ཕྱིར།
There is pervasion because the birth of sentient beings exists even without matter.


དེས་ན་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པའི་མདོ་ཆོས་ཅན། ཁྱོད་ཀྱིས་རྣམ་རིག་ཙམ་བསྟན་པའི་སྒོ་ནས་ལུང་འགལ་གྱི་སྐྱོན་མེད་དེ།
ཁྱོད་ཀྱིས་སེམས་ལས་གཞན་པའི་བདག་རྟག་པ་སོགས་བྱེད་པ་པོ་ཡིན་པ་བཟློག་པ་སྟེ་བཀག་གི་ཕྱི་རོལ་གྱི་གཟུགས་ནི་བཀག་པ་མ་ཡིན་པའི་ཕྱིར།
Therefore, the subject - the sutra statement "the three realms are mind only" - there is no fault of contradicting scriptures by way of indicating consciousness only because it refutes a permanent self and so forth that is different from the mind as being the creator; it does not refute external forms.


Up a level: Refutation of the Cittamatra System