Extrapolating the analysis of the self and the chariot to other things (Gomde)
བུམ་སྣམ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ།
Extrapolating it to things such as pots and cloth
བུམ་པ་དང་། སྣམ་བུ་དང་། རེ་ལྡེ་དང་། དམག་དང་། ནགས་ཚལ་དང་། ཕྲེང་བ། ལྗོན་ཤིང་དང་། ཁང་ཁྱིམ་དང་། ཤིང་རྟ་ཕྲན་དང་། མགྲོན་གནས་ལ་སོགས་པའི་
དངོས་པོ་རྣམས་གང་དག་དང་བུམ་སོགས་དེ་བཞིན་ཏེ་དེ་ལྟ་བུའི་རིགས་ཅན་གྱི་དངོས་པོ་མིང་གང་དག་གི་སྒོ་ནས་སྐྱེ་བོ་འདིས་བསྙད་པ་སྟེ་ཐ་སྙད་བཏགས་པ་དེ་རྣམས་ཀྱང་ཤིང་རྟ་ལྟར་མ་བརྟགས་པར་གྲུབ་པ་རྟོགས་པར་བྱ་དགོས་ཏེ། རྒྱ་མཚན་གང་གི་ཕྱིར་ན་ཐུབ་པའི་དབང་པོ་དེ་ནི་འཇིག་རྟེན་པ་དང་ལྷན་ཅིག་མི་མཐུན་པའི་རྩོད་པ་མི་མཛད་པར་འཇིག་རྟེན་ན་གང་ཡོད་པ་དེ་ཞལ་གྱིས་བཞེས་པའི་ཕྱིར་རོ།
Things such as a pot, cloth, canvas, an army, a forest, a mala, a tree, a household, chariots, guesthouses, and so forth that are of similar type in being things given their name, i.e. designated with terms, by beings should be realised to be established when uninvestigated like the chariot because the Muni does not argue disagreeing with the worldly but rather asserts whatever exists in the world.
བུམ་པ་ཡན་ལག་ཅན་དང་གྱོ་མོ་སོགས་དེའི་ཡན་ལག་དང་། བུམ་པ་ཡོན་ཏན་ཅན་དང་མེ་རིས་སྔོ་བསང་སོགས་དེའི་ཡོན་ཏན་དང་།
ཡུལ་ཡིད་དུ་འོང་བ་ལ་ཆགས་པའི་སེམས་ཅན་ནི་འདོད་ཆགས་ཅན་དང་ཡུལ་དེ་ལ་དམིགས་ནས་ལྷག་པར་སྲེད་པ་ནི་འདོད་ཆགས་དང་།
བུམ་པ་མཚན་གཞི་དང་ལྟོ་ལྡིར་བ་མཚན་ཉིད་དང་། མེ་སྲེགས་བྱེད་དང་བུད་ཤིང་སྲེག་བྱ་ཡིན་པ་སོགས་དོན་གང་དག་སྔ་ཕྱི་སྦྱར་ན་དེ་རྣམས་ཆོས་ཅན།
དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ནས་བཞག་པར་བྱ་བ་མ་ཡིན་ཏེ། སྔར་ཤིང་རྟའི་རྣམ་དཔྱད་བྱས་པ་ལྟར་རང་རང་གི་བརྟགས་དོན་རྣམ་པ་བདུན་དུ་བཙལ་བས་ཡོད་པ་མ་ཡིན་ཞིང་། བཙལ་བ་དེ་ལས་གཞན་དུ་གྱུར་པ་མ་དཔྱད་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན་པའི་ཕྱིར།
The subject - those connected as: pot (part-possessor) and clay and so forth (its parts), pot (quality-possessor) and bright blue flame drawing and so forth (its qualities), sentient beings attached to pleasant object (attachment-possessor) and strong craving observing that object (attachment), pot (definiendum) and bulbous thing (definition), fire (burner) and firewood (burnt), and so forth - they are not posited upon analysis through reasoning analysing suchness because 1) just as before, having analysed the chariot, they do not exist through seeking their designated-objects in the seven ways and 2) they exists by way of worldly renown without analysis, which is other than such a seeking.
རྒྱུ་དང་འབྲས་བུའི་དངོས་པོ་ལ་བསྒྲེ་བ།
Extrapolating it to things that are cause and effect
ཤེས་བྱ་ཆོས་ཅན། རྒྱུ་འབྲས་གཉིས་ཀྱང་ཕན་ཚུན་ལྟོས་པའི་སྒོ་ནས་གྲུབ་པ་ཡིན་ཏེ། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་རང་གི་འབྲས་བུ་སྐྱེད་པ་དེ་ལྟ་ན་སྐྱེད་བྱེད་དེ་རྒྱུར་འཇོག་པ་ཡིན་ཞིང་། གལ་ཏེ་རྒྱུས་རང་གི་འབྲས་བུ་མི་བསྐྱེད་ན་ནི་རྒྱུས་རང་འབྲས་སྐྱེད་པ་དེ་མེད་པས་སྐྱེ་བྱ་སྐྱེད་བྱེད་གཉིས་རྒྱུ་འབྲས་སོ་སོར་འཇོག་པའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་ལ། འབྲས་བུ་ནི་རང་གི་རྒྱུ་ཡོད་པར་གྱུར་ན་དེ་ལས་སྐྱེ་བར་འགྱུར་བས་འབྲས་བུར་འཇོག་པ་དེའི་ཕྱིར།
The subject - objects of knowledge - causes and effects are also established by way of mutual dependence because if a cause produces its effect (that to be produced), then that producer is posited as a cause, whereas if a cause does not produce its result, then since there is no production by the cause of its result, then there would be no reason to posit that-produced and the producer as individual cause and effect; the result is posited as a result due to being produced from its cause if it exists.
རྒྱུ་འབྲས་ཕན་ཚུན་ལྟོས་ནས་གྲུབ་ཙམ་ཡིན་གྱི་རང་བཞིན་གྱིས་མ་གྲུབ་ཏེ།
གལ་ཏེ་རང་བཞིན་གྱིས་གྲུབ་ན་རྒྱུའམ་འབྲས་བུ་གང་ལ་ལྟོས་ནས་གང་ཞིག་གྲུབ་པར་འགྱུར་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་སྔ་བར་གྲུབ་དགོས་པ་གང་ཞིག
རང་བཞིན་གྱིས་གྲུབ་པར་འགྱུར་བ་དེ་སྨོས་ཤིག་སྟེ་སྨྲ་དགོས་ན་སྨྲ་རྒྱུ་མེད་པའི་ཕྱིར།
Cause and effect are merely established in mutual dependence and are not inherently established because 1) if they were inherently established, then one among those two (cause or effect) which depends upon the other would necessarily be established prior [to the other] but 2) if inherently established, you must specify which one but you cannot.
དེ་ལ་རང་བཞིན་གྱིས་གྲུབ་པ་ལ་རྒྱུ་སྔ་བར་མི་རིགས་ཏེ། རྒྱུའི་དུས་སུ་རྒྱུའི་ལྟོས་པ་འབྲས་བུ་མེད་པའི་ཕྱིར།
Regarding that, wrt to inherent establishment, it is illogical that the cause is prior because at the time of the cause, the cause's dependent, i.e. the result, does not exist.
ཁྱབ་སྟེ། ལྟོས་ནས་རང་བཞིན་གྱིས་གྲུབ་ན་དུས་ཐམས་ཅད་དུ་ལྟོས་གྲུབ་ཡིན་དགོས་པའི་ཕྱིར།
There is pervasion because if it is inherently established in dependence, then it is necessarily dependently established at all times.
འབྲས་བུ་སྔ་བར་ཡང་མི་རིགས་ཏེ། དེ་ལྟར་ན་འབྲས་བུ་རྒྱུ་མེད་དུ་འགྱུར་བའི་ཕྱིར།
It is also illogical that the result is prior because in that case, the result of be causeless.
གཞན་ཡང་། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་འབྲས་བུ་དང་ཕྲད་ནས་སྐྱེད་དམ། འོན་ཏེ་མ་ཕྲད་པར་རང་བཞིེན་གྱིས་སྐྱེད།
Moreover, if the cause inherently produces the result, 1) does it produce it through meeting with the result or 2) does it inherently produce it without meeting it?
དང་པོ་ལྟར་ན། རྒྱ་འབྲས་དེ་དག་ནུས་པ་གཅིག་ཏུ་འགྱུར་བར་ཐལ། གལ་ཏེ་ཁྱོད་ཀྱི་ལུགས་ལ་རྒྱུ་ཡིས་འབྲས་བུ་དང་ཕྲད་ནས་སྐྱེད་པར་བྱེད་པ་དེའི་ཚེ་སྟེ་དེའི་ཕྱིར།
དཔེར་ན། རྒྱ་མཚོ་དང་ཆུ་རླུང་ཕྲད་པ་བཞིན་ནོ།
In the first case: It follows that those cause and effect would be of the same potency because in your system, a cause produces the result through meeting with it; for example, like the meeting of ocean and river.
འདོད་ན། སྐྱེད་བྱེད་རྒྱུ་དང་། སྐྱེ་བྱ་འབྲས་བུ་གཉིས་ཐ་དད་མེད་པར་འགྱུར་བར་ཐལ། འདོད་པའི་ཕྱིར།
If accepted: It follows that the cause (producer) and result (product) would not be different because you accepted the above.
གཉིས་པ་ལྟར་ན། འབྲས་བུའི་རྒྱུ་འདི་འབྲས་བུའི་རྒྱུ་མིན་པ་རྣམས་དང་འབྲས་བུ་སྐྱེ་མི་སྐྱེ་ལ་ཁྱད་པར་མེད་པར་འགྱུར་བར་ཐལ།
རྒྱུ་འབྲས་གཉིས་སོ་སོར་མ་ཕྲད་པར་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པའི་ཕྱིར།
In the second case: It follows that there would be no difference between the cause of a result and that which is not the cause of the result in terms of producing or not producing the result because the individual cause and result do not meet and yet the cause inherently produces the result.
ཁྱབ་སྟེ། རང་བཞིན་གྱིས་གྲུབ་པའི་སོ་སོ་བ་ཡིན་ན་འབྲེལ་མེད་དོན་གཞན་གྱིས་སོ་སོ་བ་ཡིན་དགོས་པའི་ཕྱིར།
There is pervasion because if it is inherently-established individual, then it is necessarily individual by way of being unrelated different objects.
དེས་ན་རྒྱུའི་འབྲས་བུ་སྐྱེད་པར་རང་བཞིན་གྱིས་མ་གྲུབ་པར་ཐལ། རྒྱུ་འབྲས་ཕྲད་མ་ཕྲད་ཀྱི་འབྲས་བུ་གང་ཡང་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར།
Therefore, it follows that a cause's production of the result is not inherently established because no result is inherently produced whether cause and effect meet or not.
ཁྱབ་སྟེ། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་ལུགས་ལ་སྐྱེ་བྱ་སྐྱེ་བྱེད་ལ་ཕྲད་མ་ཕྲད་ཀྱི་རྟོག་པ་གཉིས་པོ་འདི་དག་སྤངས་ནས་
དེར་མ་གཏོགས་པའི་རྒྱུས་རང་བཞིན་གྱིས་སྐྱེད་པ་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར།
There is pervasion because in the system where cause and effect are inherently established, having eliminated these two options of the producer and product meeting or not, there is no third option not included in those whereby the cause inherently produces [its result].
རྒྱུས་འབྲས་བུ་བསྐྱེད་པར་རང་བཞིན་གྱིས་མེད་ཀྱང་རྒྱུ་འབྲས་གཉིས་རང་བཞིན་གྱིས་ཡོད་དོ།
Someone says: Although the production of the result by a cause is not inherently existent, the cause and effect are inherently existent.
འབྲས་བུ་ཞེས་བྱ་བ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཅི་སྟེ་ཁྱོད་ཀྱི་ལྟར་ན་རང་བཞིན་གྱིས་གྲུབ་པའི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་པ་དེའི་ཕྱིར།
Response: The result is not inherently existent because according to you, an inherently established cause does not produce a result.
ཁྱབ་སྟེ། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པའི་ཕྱིར།
There is pervasion because a causeless result is impossible.
དེ་མ་ཟད་རྒྱུ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འབྲས་བུ་རང་བཞིན་གྱིར་མེད་པ་གང་ཞིག
རྒྱུ་འབྲས་དང་བྲལ་ན་རྒྱུ་ནི་རྒྱུ་ཉིད་དུ་འཇོག་པའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་བ་དེའི་ཕྱིར།
Not only that, the cause is also not inherently existent because 1) the result is not inherently existent and 2) if a cause is devoid of a result, then there would be no reason for positing a cause to be a cause.
ཁོ་ན་རེ། རྒྱུ་འབྲས་བུ་རང་བཞིན་གྱིས་གྲུབ་ན་ཕྲད་མ་ཕྲད་ལ་བརྟག་པའི་སྔར་གྱི་སྐྱོན་དེ་ཡོད་ལ།
རྒྱུ་འབྲས་རང་བཞིན་གྱི་མེད་ནའང་མེད་པར་འགྱུར་བས་ཆད་པའི་སྐྱོན་ཡོད་པས། ཁྱོད་ཀྱི་ལུགས་ལ་རྒྱུ་འབྲས་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན།
Someone says: If cause and effect are inherently established, then the previous fault upon investigating whether they meet or not is incurred but if cause and effect lack inherent existence, then since they would become non-existent, this would incur the fault of annihilation. Therefore, how do you posit cause and effect in your system?
ཁོ་བོ་ཅག་ལ་སྐྱོན་དང་པོ་མེད་དེ། ཇི་ལྟར་ཡིན་ཞེ་ན། དབུ་མ་པ་དག་ལ་ཇི་སྐད་བཤད་པའི་རྒྱུ་འབྲས་ཕྲད་མ་ཕྲད་ལ་བརྟག་པའི་སྐྱོན་དུ་མི་འགྱུར་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་ཁོ་བོ་ཅག་གི་ལུགས་ལ་རྒྱུ་འབྲས་འདི་དག་གཉིས་ཆར་ཡང་ནི་སྒྱུ་མ་དང་གཟུགས་བརྙན་དང་འདྲ་བར་རང་བཞིན་གྱིས་མེད་པ་དེའི་ཕྱིར།
Response: We do not incur the first fault. How so? Madhyamikas do not incur the fault explained upon investigating whether cause and effect meet or not because in our system, both cause and effect lack inherent existence, like an illusion and a reflection.
སྐྱོན་གཉིས་པ་ཡང་མེད་དེ། བདག་དབུ་མ་པའི་ལུགས་ལ་འཇིག་རྟེན་ན་གྲགས་པའི་དངོས་པོ་རྒྱུ་འབྲས་དང་ཤིང་རྟ་ལ་སོགས་པ་རྣམས་ཀྱང་།
བཏགས་དོན་འཚོལ་མི་དགོས་པར་ཐ་སྙད་དུ་ཡོད་པའི་ཕྱིར།
The second fault is also not incurred because in our Madhyamaka system, things that are renown in the world (such as cause and effect, chariots, and so forth) exist conventionally without needing to seek the designated-object.
དེ་ལ་གཞན་གྱིས་རྩོད་པ་སྤོང་བ།
Eliminating others' objections regarding those
-
The objection of similar fault wrt the refutation of cause and effect lacking true establishment
རྒྱུ་འབྲས་རང་བཞེན་གྱིས་གྲུབ་པ་འགོག་པ་ལ་སྐྱོན་མཚུངས་པའི་རྩོད་པ། -
Indicating the response that there is no similar fault for us རང་ལ་སྐྱོན་མི་མཚུངས་པའི་ལན་བསྟན་པ།
Up a level: Madhyamaka