Faults not applying to Buddhapalita

སངས་རྒྱས་བསྐྱངས་ཀྱིས་འགྲེལ་ངག་གིས་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྒོ་ནས་སྐྱོན་བརྗོད་མི་རིགས་ཏེ།
དེས་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཟེར་བ་ཡིན་ནམ། གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་ཡང་དག་མ་བརྗོད་པའི་ཕྱིར། ཞེས་ཟེར་བ་གང་ཡིན།
It is unsuitable to express faults by way of Buddhapalita's commentary section not expressing a reason and example; is it because:

  1. It does not express an autonomous reason and example? or
  2. It does not express an other-approved reason and example?

དང་པོ་ལྟར་ན། སྐྱོན་མེད་དེ།
དེས་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་ཀྱང་། འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་གྲངས་ཅན་གྱིས་བདག་སྐྱེ་ཡོད་པར་འདོད་པའི་ལོག་རྟོག་བཀག་ནས།
དེའི་རྒྱུད་ལ་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེད་ནུས་པ་གང་ཞིག །འགྲེལ་ངག་དེས་བདག་སྐྱེ་འགོག་པའི་འགལ་རྗོད་ཀྱི་ཐལ་འགྱུར་གཉིས་བསྟན་པའི་ཕྱིར།
In the first case: There is no such fault because 1) although it does not express an autonomous reason and example, in dependence upon a consequence expressing a contradiction, it is possible to negate wrong conceptions asserting the existence of self-production (by the Samkhyas) and generate an inference realising the non-existence of self-production in one's continuum and 2) that commentary section indicates two consequences expressing a contradiction that refute self-production.

དེ་ལ་ཁ་ཅིག །འགལ་རྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེད་མི་ནུས་ཀྱི།
དེ་འདྲའི་རྗེས་དཔག་སྐྱེ་བ་ལ་རང་རྒྱུད་ཀྱི་གཏན་ཚིགས་ངེས་པར་འགོད་དགོས་སོ། །ཞེ་ན།
Someone says: It is not possible to generate an inference realising the non-existence of self-production in dependence upon a consequence expressing a contradiction; in order to produce such an inference, it is necessary to state an autonomous sign.

འོ་ན་འགལ་རྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་བདག་སྐྱེ་འདོད་པའི་ལོག་རྟོག་མི་ལྡོག་ན། རང་རྒྱུད་ཀྱི་གཏན་ཚིགས་བཀོད་པས་ཀྱང་དེ་མི་ལྡོག་གོ
In that case, if wrong conceptions asserting self-production cannot be eliminated in dependence upon a consequence expressing a contradiction, then it also cannot be eliminated through stating an autonomous sign.

རང་ཉིད་ཀྱིས་བདག་སྐྱེ་ཁས་བླངས་པ་ན། ཁས་ལེན་ནང་འགལ་མཐོང་ཡང་བདག་སྐྱེ་འདོད་པའི་ལོག་རྟོག་མི་ལྡོག་པའི་ཕྱི་རོལ་པ་དེ་དང་དབུ་མ་པ་
ལྷན་ཅིག་བརྩད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
The Madhyamikas should not debate with Outsiders who assert self-production, perceive the inner-contradictions of that assertion, and not eliminate wrong conceptions asserting self-production because Clear Words says: "We do not debate together with madmen!"

གཞན་ཡང་། སྐྱོན་ཡོད་པ་མ་ཡིན་ཏེ།
དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་པས་ཁྱབ་པའི་ཕྱིར་ཏེ།
དེ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་མི་རིགས་པས་ཁྱབ་པའི་ཕྱིར་ཏེ། ཚིག་གསལ་ལས།
དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བར་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
Moreover, there is no such fault because if it is a Madhyamika, then they are pervaded by it not being suitable for them to assert autonomous signs; because if it is that, then they are pervaded by it not being suitable for them to assert phenomena that are established by way of their own-characteristics; because Clear Words says: "If it is a Madhyamika, then it is also not suitable for them to infer using autonomous signs because of not asserting a separate position."

དེས་ན་དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་པས་ཁྱབ་ཀྱང་། དེ་ཁས་ལེན་པའི་དབུ་མ་པ་ཡོད་པ་མི་འགལ་ཏེ། དཔེར་ན།
བཅས་ལྡན་དགེ་སློང་ཡིན་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་མི་རིགས་པས་ཁྱབ་ཀྱང་དེ་དང་འགལ་བའི་བཅས་ལྡན་གྱི་དགེ་སློང་ཡོད་པ་བཞིན་ནོ།
Therefore, if it is a Madhyamika, then they are pervaded by it not being suitable for them to assert autonomous signs; however, this does not contradict the existence of Madhyamikas who do assert those because, for example, if it is a Buddhist Gelong, then they are pervaded by it not being suitable for them to violate the formulated [ethics] of the Buddha; however, Gelongs who violate those exist.


གཉིས་པ་ལྟར་ཡིན་ནོ་ཞེ་ན། སྐྱོན་མེད་དེ། སྤྱིར་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ལ་གཞན་གྲགས་ཀྱི་གཏན་ཚིགས་དངོས་སུ་འགོད་མི་དགོས་ཤིང་།
In the second case: In general, in order to produce an inference realising the non-existence of self-production, it is not necessary to explicitly state an other-approved reason.

གལ་ཏེ་དགོས་ན་ཡང་འགྲེལ་ངག་དེས་གཞན་གྲགས་ཀྱི་གཏན་ཚིགས་མ་བསྟན་པའི་སྐྱོན་མེད་དེ། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི།
ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་པའི་རྒྱས་བཤད་ཀྱི་འགྲེལ་ངག་འདིས་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་བསྟན་པའི་ཕྱིར།
Even if it were necessary, there is no fault that this commentary section does not indicate an other-approved reason because the commentary section of the extensive explanation "For things that exist in their own-entity, repeated production is purposeless." indicates a correct other-approved reason.

Mode of indicating other-approved reason: དེས་གཞན་གྲགས་ཀྱི་གཏན་ཚིགས་བསྟན་ཚུལ་ཡོད་དེ།

Brief Indication Extensive Explanation
1 དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་
Things are not produced from self [because] their...
དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་
of things that exist as their own entity
2 སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར།
because [their] production would be senseless
ཡང་སྐྱེ་བ་ལ་དགོས་པ་མེད་དོ།
There is no purpose in the repeated production
3 ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།
because it would be absurd
ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ།
If they are produced despite existing,
then they would never not be produced.
རྒྱས་བཤད་ཀྱི་གཞུང་འདིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཆོས་ཅན་དང་། གཏན་ཚིགས་དང་མཐུན་དཔེ་གསུམ་བསྟན་ཚུལ་ཡོད་དེ།
There is a way in which this extensive explanation indicates the three - subject, reason, and concordant example - in the proof that things are not produced from self:

See: Buddhapalita's syllogism


Up a level: Refuting production from self