Hinayana Nirvana with and without remainder

ཐེག་དམན་གྱི་མྱང་འདས་གང་ཞིག བདེན་སྣང་མངོན་གྱུར་པ་ནུབ་པས་ཁྱད་པར་དུ་བྱས་པ། ཐེག་དམན་གྱི་ལྷག་མེད་མྱང་འདས་ཀྱི་མཚན་ཉིད།
Definition of Hinayana Nirvana without remainder: That which is:

  1. A Hinayana Nirvana; and
  2. Qualified by the disappearance of manifest appearances of true existence.

དཔེར་ན། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་ཐེག་དམན་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ལྟ་བུ།
Illustration: True cessation in the continuum of a Hinayana Arhat in single-pointed meditative equipoise on emptiness.


ཐེག་དམན་གྱི་མྱང་འདས་གང་ཞིག བདེན་སྣང་མངོན་གྱུར་པ་དང་བཅས་པ། ཐེག་དམན་གྱི་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད།
Definition of Hinayana Nirvana with remainder: That which is:

  1. A Hinayana Nirvana; and
  2. Together with manifest appearances of true existence.

དཔེར་ན། རྗེས་ཐོབ་ལ་གནས་པའི་ཐེག་དམན་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ལྟ་བུ།
Illustration: True cessation in the continuum of a Hinayana Arhat abiding in subsequent attainment.


དངོས་སྨྲ་བས་འདོད་པ་ལྟར་ལྷག་མེད་མྱང་འདས་ཀྱི་ཚེ་ཕུང་པོ་ལམ་གྱིས་ཟད་པའི་ཟད་པ་མངོན་དུ་བྱས་པར་འཆད་མི་རིགས་ཏེ། མངོན་དུ་བྱ་རྒྱུའི་མྱང་འདས་ཡོད་པ་ན། མངོན་དུ་བྱེད་མཁན་མེད་པ་དང་། མངོན་དུ་བྱེད་མཁན་ཡོད་པ་ན། མངོན་དུ་བྱ་རྒྱུའི་མྱང་འདས་མེད་པའི་སྐྱོན་ཡོད་པའི་ཕྱིར་ཏེ།
ཐེག་དམན་གྱི་ལྷག་མེད་མྱང་འདས་ཀྱི་ཚེ་ཕུང་པོ་རྒྱུན་ཆད་པའི་ཕྱིར། རྟགས་ཁས་སོ།
It is unsuitable to explain that at the time of Nirvana without remainder an extinguishment of the aggregates by means of a path is actualised (in accordance with the assertions of the Proponents of Things) because this incurs the fault that 1) when the Nirvana that is actualised exists, its actualiser does not exist and 2) when its actualiser exists, the Nirvana that is actualised does not exist; because at the time of Hinayana Nirvana without remainder, the continuum of the aggregates is severed. You asserted the reason.

ཐལ་འགྱུར་བའི་སྐབས་འདིར་ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་སྡུག་བསྔལ་བདེན་པ་ཡོད་པ་ཙམ་ཁས་ལེན་ཀྱང་།
དེ་ཡིན་ན་སྡུག་བསྔལ་བདེན་པ་རྒྱུད་ལྡན་ཡིན་པས་ཁྱབ་པ་ཁས་ལེན་པ་མི་འཐད་དེ།
བདེ་བ་ཅན་གྱི་རྟེན་ཅན་གྱི་ལྷག་མེད་མྱང་འདས་པའི་རྒྱུད་ལ་སྡུག་བསྔལ་བདེན་པ་མེད་པའི་ཕྱིར།
Here, in the context of Prasangika, although it is asserted that true sufferings exist in the continua of Hearer Arhats abiding in Nirvana without remainder, it is incorrect to assert that if it is that, then it is pervaded by possessing true sufferings in their continuum because true sufferings do not exist in the continua of those [abiding in] Nirvana without remainder and possess a Sukhāvatī support.

ཤེས་སྒྲིབ་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ་པར་ཁས་ལེན་པ་ཡང་མི་རིགས་ཏེ། བྱང་འཕགས་ཀྱི་རྒྱུད་ལ་ཤེས་སྒྲིབ་ཡོད་ཀྱང་སྡུག་བདེན་མེད་པའི་ཕྱིར་དང་།
ཤེས་སྒྲུབ་ལ་དེ་འདྲ་བས་ཁྱབ་པ་སྐབས་འདིར་ཁས་ལེན་པའི་ཤེས་བྱེད་མེད་པའི་ཕྱིར།
It is also unsuitable to assert that if it is a knowledge obscuration, then it is pervade by being a true suffering because knowledge obscurations exist in the continua of Bodhisattva Aryas whereas true sufferings do not exist and because there are no sources for asserting such a pervasion wrt knowledge obscurations in this context.


Up a level: Hearers and Solitary Realisers realise emptiness of inherent existence