How memory operates without self-knowers

ཤེས་བྱ་ཆོས་ཅན། རང་རིག་མེད་ཀྱང་ང་ཡིས་སྔར་སྔོན་པོ་མཐོང་སྙམ་དུ་དྲན་པ་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དབང་ཤེས་གང་གིས་སྔར་ཡུལ་སྔོན་པོ་
མྱོང་བར་གྱུར་པའི་ཤེས་པ་དེ་ལས་ཕྱིས་སྔོན་པོ་དྲན་པའི་ཤེས་པ་འདི་ཉིད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དུ་དབུ་མ་པ་ང་ཡི་ལུགས་ལ་ཡོད་པ་མ་ཡིན་པས།
མྱོང་དྲན་གཉིས་ཡུལ་གཅིག་ལ་དམིགས་ནས་རྒྱུད་གཅིག་ལ་སྐྱེ་བའི་ཕྱིར།
The subject - objects of knowledge - even though self-knowers do not exist, a memory thinking "I previously saw blue" will be produced because a sense-consciousness that previously experienced the object blue and the subsequent consciousness remembering blue being established by own-character other is not the Madhyamaka system; therefore, the experience and memory are produced in the same continuum through observing a single object.

མྱོང་དྲན་གཉིས་རང་བཞིན་གྱིས་གཞན་ཡིན་ན་དེ་མི་རུང་ཡང་དེ་གཉིས་རང་བཞིེན་གྱིས་གཞན་མ་ཡིན་པ་དེའི་ཕྱིར།
དེ་གཉིས་རང་བཞིན་གྱིས་གཞན་ཡིན་ན་སྔར་གཞན་སྐྱེ་འགོག་པའི་རིགས་པས་གནོད་པའི་ཕྱིར།
This is because if the experience and memory were inherently existent other, then that would be unsuitable; but they are not inherently existent other. This is because if they were inherently existent other, then this is undermined by the previous reasoning refuting production from other.

དེ་ཡང་ངས་སྔོན་པོ་མཐོང་སྙམ་པའིེ་བློའེ་ཕྱོགས་གཅིག་གིས་ངས་མཐོང་སྙམ་པ་ནི་ཡུལ་ཅན་དྲན་པ་དང་སྔོན་པོ་འདི་མཐོང་སྙམ་པ་ནི་ཡུལ་དྲན་པ་ཡིན་པས།
བློ་དེས་ཡུལ་དང་ཡུལ་ཅན་གཉིས་ཀ་དྲན་པ་ཡིན་ནོ།
Moreover, since with a single awareness thinking "I saw blue":

Then that awareness remembers both object and object-possessor.

ཡུལ་དང་ཡུལ་ཅན་གཉིས་ཀ་ཤེས་པས་མཐོང་བ་ཡིན་ཀྱང་དྲན་ཚུལ་ལ་ངས་མཐོང་ཅེས་པ་འོང་བ་ནི་ལག་པ་ན་བས་ང་ན་བར་འཇོག་ནུས་པ་ལྟར་རོ།
དེས་ན་ང་ཡི་ཟེར་བ་སྔོན་འཛིན་ལ་ཟེར་བ་མ་ཡིན་ནོ།
Although the consciousness perceives both object and object-possessor, its way of remembering comes as "I perceived"; similarly to how one can posit "I am injured" due to the hand being injured.

དྲན་ཚུལ་འདི་ཡང་ཆོས་ཅན། འཇིག་རྟེན་གྱི་ཐ་སྙད་ཙམ་ལ་བརྟེན་པའི་ཚུལ་ལུགས་ཡིན་གྱི་བརྟགས་དོན་བཙལ་ནས་བཞག་པར་བྱ་བ་མ་ཡིན་ཏེ།
བརྟགས་དོན་བཙལ་ན་མི་རྙེད་པའི་འཇིག་རྟེན་པའི་ཐ་སྙད་ཡིན་པའི་ཕྱིར།
The subject - this way of remembering - it is a system depending upon mere worldly conventions; it is not posited through seeking the designated-object because it is a worldly convention that is not findable upon seeking the designated-object.


སྐྱེས་བུ་ལྷས་བྱིན་ལྟ་བུས་སྔར་སྔོན་པོ་མཐོང་ནས། ཕྱིས་སྔོན་པོ་མཐོང་བའི་ཚེ། ངས་སྔོན་པོ་མཐོང་སྙམ་དུ་ཡུལ་ཅན་དྲན་པ་སྐྱེ་བའི་རྒྱུ་མཚན་ཡོད་དེ།
(Panchen:) When Devadatta, for example, sees blue and then later sees blue, there is a reason for the arising of a memory of the object-possessor thinking "I saw blue" because:

  1. At that time, the eye-consciousness perceiving blue and the later memory of blue observe the same object (i.e. blue) and are included in a single continuum; and
    དེའི་ཚེ་སྔོན་པོ་མཐོང་བའི་མིག་ཤེས་དང༌། ཕྱིས་སྔོན་པོ་དྲན་པའི་དྲན་ཤེས་གཉིས་ཡུལ་སྔོན་པོ་གཅིག་ལ་དམིགས་ཤིང༌། རྒྱུད་གཅིག་གིས་བསྡུས་པ་གང་ཞིག
  2. The experience that is the perceiver and the memory of blue are not established by own-character other.
    མཐོང་མཁན་གྱི་མྱོང་བ་དང༌། སྔོན་པོ་དྲན་པའི་དྲན་ཤེས་གཉིས་པོ་རང་བཞིན་གྱིས་གྲུབ་པའི་གཞན་མ་ཡིན་པའི་ཕྱིར།

མྱོང་བ་ལས་དྲན་པ་སྐྱེ་ཚུལ་དེ་ཉིད་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་སྟེ། ཡོད་པ་གང་ཞིག ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་མི་རྙེད་པའི་ཕྱིར།
This way in which memory is produced from experience is established as merely designated in dependence because 1) it exists and 2) it is not findable when seeking designated object of the designated term.


སྔོ་འཛིན་ལ་མྱོང་བྱེད་རང་རིག་མེད་ཀྱང༌། ངས་སྔོན་པོ་མཐོང་སྙམ་པའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་མི་འགལ་ཏེ།
(Tendarwa:) Although a self-knower that is the experiencer of the apprehender of blue does not exist, this does not contradict the arising of a memory of the object-possessor thinking "I saw blue": because:

དེ་ལྟར་ཡིན་ཀྱང་སྔོན་འཛིན་གྱི་དུས་སུ་གྲུབ་པའི་སྔོན་པོ་དེ། དྲན་ཤེས་ཀྱི་དུས་སུ་གྲུབ་སྙམ་པའི་དྲན་པ་སྐྱེ་བ་མ་ཡིན་ཏེ།
དེ་ལྟ་བུའི་བློ་ལྷན་སྐྱེས་ལ་དུས་ཀྱིས་ཁྱད་པར་དུ་བྱས་པའི་དྲན་པ་སྐྱེ་བ་མི་འཐད་པའི་ཕྱིར།
Nevertheless, a memory thinking that the blue that exists at the time of the apprehender of blue exists at the time of the memory is not produced because it is not feasible that a memory qualified by time is produced for such innate awarenesses.


Although Jetsunpa asserts that the eye-consciousness apprehending blue implicitly apprehends itself and is thereby later remembered and establishes itself, Khedrup Je (and JS etc.) disagree:
Khedrup Je: How does the later memory establish the existence of the earlier apprehension of blue


Up a level: Refuting self-knowers as the proof of other-powered natures