Indicating that external objects and inner minds are equally existent or non-existent

དོན་སེམས་གཉིས་ཐ་སྙད་དང་དོན་དམ་གང་དུ་ཡང་ཡོད་མེད་མཚུངས་པར་ཐལ།
འཇིག་རྟེན་པ་ཡི་དེ་ཉིད་ཏེ་རྣམ་གཞག་ལ་གནས་པ་ལ་གཟུགས་སོགས་ཕུང་པོ་ལྔ་འཇིག་རྟེན་ལ་གྲགས་པ་སྟེ་དེར་ལྔ་ཆར་ཡང་ཡོད་ལ།
དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འཆར་བར་འདོད་པ་ན་རྣལ་འབྱོར་པ་མཉམ་པར་བཞག་པ་དེའི་ངོར་ཕུང་པོ་དེ་ལྔ་ཀ་འབྱུང་བར་མི་འགྱུར་བའི་ཕྱིར།
It follows that objects and minds are equally conventionally and ultimately existent or non-existent because 1) abiding in worldly presentations, the five aggregates (form and so forth) are renown in the world and thus the five exist for it and 2) when asserting the appearances of the exalted wisdom directly realising suchness, from the perspective of the yogi's meditative absorption, all five will not arise.

དེ་ཡང་སྔ་མ་ནི་ཐ་སྙད་དུ་ཡོད་མཉམ་པའི་སྒྲུབ་བྱེད་དང་། ཕྱི་མ་ནི་དོན་དམ་དུ་མེད་མཉམ་གྱི་སྒྲུབ་བྱེད་ཡིན་ནོ།
The previous is the proof for their equally existing conventionally and the latter is the proof for their equally not existing ultimately.

དེས་ན་ཤེས་བྱ་ཆོས་ཅན། ཕྱི་རོལ་གྱི་གཟུགས་མེད་པར་འདོད་ན་ནི་ནང་གི་སེམས་ཡོད་པར་མ་འཛིན་ཅིག
ནང་གི་སེམས་ཡོད་པར་འདོད་པ་ཉིེད་ནའང་ཕྱི་རོལ་གྱི་གཟུགས་མེད་པར་མ་འཛིན་ཅིག་སྟེ་འཇིན་མི་རིགས་པར་ཐལ།
དོན་སེམས་གཉིས་གང་དུ་ཡང་ཡོད་མེད་མཚུངས་པ་དེའི་ཕྱིར།
Therefore, the subject - objects of knowledge - it follows that if one asserts the non-existence of external forms, then do not apprehend inner-mind to exist and if one asserts inner-mind to exist, then do not apprehend external forms as non-existence; it is unsuitable to apprehend as such because objects and minds are equally existent and non-existent is every way.

དེ་གཉིས་ཡོད་མེད་མཚུངས་པར་རིགས་པས་གྲུབ་པར་མ་ཟད་ལུང་གིས་ཀྱང་གྲུབ་པ་ཡིན་ཏེ།
གཟུགས་སོགས་ཕུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལུགས་སྟོན་པའི་མདོར་ནི་སངས་རྒྱས་ཀྱིས་ལྔ་ཆར་ཡང་མཚུངས་པར་རང་བཞིན་གྱིས་
གྲུབ་པ་སྤངས་པ་སྟེ་བཀག་ཅིང་། མངོན་པའིེ་ཆོས་ཏེ་དེའི་མདོ་ལས་ནི། ཕུང་པོ་ལྔ་ཆར་ཡང་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་མཚུངས་པར་གསུངས་པའི་ཕྱིར།
Not only is their being equally existent or non-existence established by reasoning, it is also established by scripture because in the Perfection of Wisdom Sutras the Buddha equally refuted the inherent establishment of all five aggregates (forms and so forth) and in the Abhidharma sutras equally indicated all five aggregates by way of their specific and general characteristics.

སེམས་ཙམ་པ་ཆོས་ཅན། དོན་སེམས་གཉིས་དོན་དམ་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་དུ་ལུང་རིགས་དུ་མས་སྒྲུབ་པའི་བདེན་གཉིས་ཀྱི་རིམ་པ་འདི་དག་
བཤིག་ནས་ཀྱང་ཁྱོད་ཀྱིས་གཞན་དབང་རྫས་སུ་གྲུབ་པ་ནི་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། དེ་སྔར་ལན་དུ་མར་བཀག་ཟིན་པའི་ཕྱིར།
The subject - Cittamatrins - even by destroying the order of the two truths that prove through scriptures and reasoning that objects and minds are equally ultimately non-existent and equally conventionally existent, you will not establish, though you try, that the other-powered are substantially established because that has already been refuted by the many previous answers.

ཤེས་བྱ་ཆོས་ཅན། སྔར་བཤད་པ་དེ་ལྟ་བུའི་ལུང་རིགས་ཀྱི་རིམ་པས་དོན་སེམས་གཉིས་ལ་སོགས་པའི་དངོས་པོ་རྣམས་གདོད་མ་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤེང་
འཇིག་རྟེན་གྱི་ཐ་སྟད་དུ་སྐྱེས་པ་རིག་པར་བྱ་སྟེ། བདེན་གཉིས་ཀྱི་རིམ་པ་མི་བཤིག་པར་འདོད་ན་དེ་གཉིས་དོན་དམ་དུ་མེད་མཉམ་དང་།
ཐ་སྙད་དུ་ཡོད་མཉམ་དུ་འདོད་དགོས་པ་དེའི་ཕྱིར།
The subject - objects of knowledge - due to this series of scriptures and reasoning explained above, it should be known that functioning things such as objects and minds are primordially not produced in suchness but are produced as worldly conventions because if they are asserted without destroying the order of the two truths, then it is necessary to assert that those are equally ultimately non-existent and equally conventionally existent.


Up a level: Refutation of the Cittamatra System