Indicating the qualities of such a presentation to easily abandon conceptions holding to extremes
ཤེས་བྱ་ཆོས་ཅན། དབུ་མ་པའི་སྐབས་འདིར་ཤིང་རྟ་དེའི་གྲུབ་ཚུལ་ནི་མ་བརྟགས་མ་དཔྱད་པའི་སྒོ་ནས་འཇོག་པ་དེ་བཞིན་དུ་འདོད་པར་བྱ་སྟེ།
གྲུབ་ཚུལ་དེ་ཤེས་ན་ཀུན་རྫོབ་འཐད་པར་མ་ཟད་རྣལ་འབྱོར་པ་དེ་ཁོ་ན་ཉིེད་ལའང་བདེ་བླག་ཏུ་འཇུག་པར་འགྱུར་བ་དེའི་ཕྱིར།
The subject - objects of knowledge - the mode of establishing the chariot in this context of Madhyamaka should be asserted in accordance with positing it by way of non-investigation and non-analysis because if such a mode of establishment is known, then not only will conventionalities be feasible but yogis will also easily engage with suchness.
དེར་ཐལ། རང་བཞིན་གྱིས་ཡོད་ན་བཏགས་དོན་བཙལ་བའི་ཚེ་རྙེད་དགོས་པ་ལས་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མེད་པའི་ཤིང་རྟ་གང་ཡིན་པ་དེ།
རང་གི་ཡན་ལག་དང་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་སོགས་ཇི་ལྟ་བུར་ཡོད་ཅེས་བཙལ་བའི་ཚེ་རྣལ་འབྱོར་པས་ཤིང་རྟ་འདིའི་ཡོད་ཚུལ་མི་རྙེད་པའི་ཕྱིར།
That follows because if it inherently exists, then it would necessarily be findable upon seeking the designated-object, whereas the chariot being non-existent when sought in the seven ways is the chariot's mode of existence that is not findable by the yogi when sought as to whether it exists as inherently established one or different from its parts and so forth.
ཁྱབ་སྟེ། བཏགས་དོན་བཙལ་བས་མི་རྙེད་པ་དེའི་ཚེ་ཤིང་རྟའི་དེ་ཁོ་ན་ཉིད་རྙེད་པ་ཡིན་པའི་ཕྱིར།
There is pervasion because when it is not found through seeking the designated-object, that is finding the suchness of the chariot.
དེ་ཡང་། དགག་བྱ་ལེགས་པར་ངོས་བཟུང་ནས། རྣལ་འབྱོར་པས་ཐོག་མར་གང་ཟག་ཤིང་རྟའི་དཔེའི་སྒོ་ནས་བརྟགས་དོན་འཚོལ་ཞིང་བཙལ་བས་མ་རྙེད་པ་ན་
གང་ཟག་གི་གནས་ལུགས་རྙེད་པ་ཡིན་ལ་མ་རྙེད་པས་མེད་པར་འཇོག་ན་ཀུན་རྫོབ་བརླག་པར་འགྱུར་རོ།
Moreover, having properly identified the object of negation, the yogi initially seeks the designated-object in relation to the person by way of the example of the chariot and when they do not find it through seeking, then that is finding the mode of abiding of the person; if it is posited as non-existent due to not finding that, then conventionalities would be lost.
དེས་ན་ཡོད་ཙམ་དང་རང་བཞིན་གྱིས་ཡོད་པ་གཉིས་ལས་མ་འདས་པས་བཏགས་ཙམ་མ་ཡིན་པའི་ཡོད་པ་ནི་ཁེགས་དེས་ན་བཏགས་ཙམ་དུ་ཡོད་པར་འཇོག་དགོས་སོ།
Therefore, without passing beyond mere existence and inherent existence, through refuting existence that is not merely designated, it is necessary to posit merely designated existence.
འཇོག་ཚུལ་འདི་ཤེས་ན་དོན་དམ་རྟོགས་པའིེ་ཡོན་ཏན་ཡོད་པར་མ་ཟད། ཀུན་རྫོབ་ཉམས་པའི་སྐྱོན་ལས་གྲོལ་བས་ངེས་པར་འདི་ཁས་བླང་བར་བྱའོ།
If this mode of positing is understood, then not only is there benefit in realising the ultimate, one will be liberated from the fault of degenerating the conventional; therefore, this should definitely be asserted.
ཤེང་རྟ་བརྟགས་དོན་བཙལ་བའི་ཚེ་མི་རྙེད་པས་རང་བཞིན་མེད་པར་བཤད་པ་ཡིན་དུ་ཆུག་མོད། དེ་ལྟ་ནའང་། ཤིང་རྟའི་ཡན་ལག་རང་བཞིན་གྱིས་ཡོད་དེ།
དེ་མངོན་སུམ་དུ་དམིགས་པའི་ཕྱིར་ཞེ་ན།
Someone says: Even if it is acceptable that the chariot is explained to lack inherent existence due to not being findable upon seeking the designated-object, nevertheless, the chariot's parts inherently exist because that is directly observed.
ཤེས་བྱ་ཆོས་ཅན། ཤིང་རྟ་རང་བཞིན་གྱིས་ཡོད་པ་ཉིད་མིན་ན་དེའི་ཚེ་ཤིང་རྟ་དེའི་ཡན་ལག་ཀྱང་རང་བཞིན་གྱིས་མེད་པར་གྲུབ་སྟེ།
ཡན་ལག་ཅན་གྱི་ཤིང་རྟ་རང་བཞིན་གྱིས་མེད་པའི་ཕྱིར།
Response: The subject - objects of knowledge - if the chariot is not inherently existence, then the chariot's parts are also established to lack inherent existence because the chariot that is the part-possessor lacks inherent existence.
ཁྱབ་སྟེ། སྟོང་ཉིད་རྟོགས་པའི་བློ་གྲོས་ཀྱི་མེས་ཡན་ལག་ཅན་གྱི་ཤིང་རྟ་རང་བཞིན་གྱིས་གྲུབ་པ་བསྲེགས་པ་སྟེ་མེད་པར་མཐོང་བ་ན།
ཤིང་རྟའི་ཡན་ལག་རྣམས་རང་བཞིེན་གྱིས་མེད་པར་མཐོང་དགོས་པའི་ཕྱིར།
There is pervasion because when the fire of the intelligence realising emptiness perceives the non-existence of, i.e. burns, the true establishment of the chariot that is the part-possessor, then the chariot's parts are necessarily perceived to lack inherent existence.
དཔེར་ན། ཤིང་རྟ་ཕྱི་རོལ་གྱི་མེས་ཚིག་ན་དེའི་ཡན་ལག་རྣམས་ཀྱང་ཚིག་ནས་མེད་དགོས་པ་བཞིན་ནོ།
For example, if the chariot is burnt down by an external fire, then its parts would necessarily also have burnt and become non-existent.
ཤེས་བ་ཆོས་ཅན། ཤིང་རྟ་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་དེ་བཞིན་དུ་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཁམས་དྲུག་དང་།
དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཀྱང་ཉེ་བར་ལེན་པ་པོ་ཉིད་དུ་བཏགས་པ་ཙམ་དུ་འདོད་དེ།
བདག་ནི་ཕུང་ཁམས་སྐྱེ་མཆེད་དེ་དག་ལ་བརྟེན་ནས་འདོགས་པར་གསུངས་པའི་ཕྱིར།
The subject - objects of knowledge - just like the chariot is designated in dependence upon its parts, in terms of what is renown in the world, the self is asserted as merely designated as the appropriator in dependence upon the appropriated five aggregates, six constituents, and the six sources because the self is indicated to be designated in dependence upon those aggregates, constituents, and sources.
ཤེས་བྱ་ཆོས་ཅན། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་བདག་གི་ལས་ཡིན་ལ། བདག་འདི་ནི་ཕུང་པོ་རྣམས་ཀྱི་བྱེད་པ་པོའང་ཡིན་ཏེ།
ཤེང་རྟའི་ཡན་ལག་དང་ཤིང་རྟ་བྱེད་པ་པོར་གྲུབ་པ་གང་ཞིག།དེ་བདག་ལའང་མཚུངས་པའི་ཕྱིར།
The subject - objects of knowledge - the five appropriated aggregates are the object of the self and the self is the agent of the aggregates because 1) the chariot's parts and the chariot are established as object and agent and 2) it is the same for the self.
ཤེས་བྱ་ཆོས་ཅན། བདག་འདི་ནི་བརྟན་པ་མིན་ཞིང་མི་བརྟན་པ་ཉིད་དུའང་རང་བཞིན་གྱིས་གྲུབ་པ་མ་ཡིན་ཏེ།
བདག་འདི་ནི་སྐྱེ་འཇིག་ཅན་དུའང་རང་བཞིན་གྱིས་གྲུབ་པ་མ་ཡིན་ནོ།
The subject - objects of knowledge - the self is not stable, but is also not inherently established as unstable because the self is not inherently established as possessing production and disintegration.
བདག་འདི་ལ་ནི་རྟག་པ་ཉིད་དང་སོགས་ཀྱིས་བསྡུས་པ་མི་རྟག་པ་དང་། གཉིས་ཀ་ལ་སོགས་པ་བཞིེ་ཡང་རང་བཞིེན་གྱིས་ཡོད་པ་མ་ཡིན་ཞིང།
བདག་དེ་ཕུང་པོ་དང་དེ་ཉིད་སྟེ་གཅིག་དང་གཞན་ཉིད་དུའང་རང་བཞིན་གྱིས་མེད་དེ། བདག་དེ་ནི་དངོས་པོ་སྟེ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར།
The self is not inherently existent as the four of permanent and so forth (i.e. impermanent, both, and so forth) and it also does not inherently exist as just that, i.e. one with the aggregates, or as other than those because the self is not a thing, i.e. does not inherently exist.
ཁྱབ་སྟེ། ཁྱད་གཞི་མེད་ན། ཁྱད་ཆོས་མེད་དགོས་པའི་ཕྱིར།
There is pervasion because if the attribute-basis does not exist, then the attributes necessarily do not exist.
འོ་ན། འདིའི་བརྟན་མི་བརྟན་རྟག་མི་རྟག་གི་ཁྱད་པར་གང་ཞེ་ན།
Question: What is the different between its being stable or unstable, permanent or impermanent?
བརྟན་མི་བརྟན་ནི་འཇིག་རྟེན་གྱི་ཐ་སྙད་དང་བསྟུན་པ་ཡིན་ལ། རྟག་མི་རྟག་དང་སྐྱེ་འཇིག་སོགས་ནི་གསུངས་རབ་ལས་བཤད་ཚོད་ཀྱི་དབང་དུ་བྱས་པར་
བདག་གི་བླ་མ་དམ་པས་གསུངས་སོ་ཞེས་འབྱུང་ངོ་།
Response: Stable and unstable are in accordance with worldly conventions; permanent and impermanent, production and disintegration, and so forth are taken in terms of how they are explained in the scriptures, according to my holy lama.
རང་འགྲེལ་དུ། བདག་བརྟན་ན་ཚེ་སྔ་མའི་ཁྱད་པར་གྱི་བདག་ཚེ་འདིར་ཡོད་དགོས་པ་དང་། མི་བརྟན་ན་བདག་ཕུང་པོར་ཐལ་བ་སོགས་ཀྱང་གསུངས་སོ།
In the Autocommentary it explains that:
- If the self were stable, then the distinct self of the previous life would necessarily exist in this life; and
- If it were unstable, then the self would consequently be the aggregates and so forth.
བཏགས་དོན་བཙལ་བའི་བདག་གི་ངོ་བོ་དང་ཁྱད་ཆོས་སོགས་གང་ཡང་མ་གྲུབ་ན། འོ་ན། འཆིང་གྲོལ་གྱི་གཞིར་གྱུར་པའི་བདག་དེ་ཇི་ལྟ་བུ་ཡིན་ཞེ་ན།
Question: If the nature, attributes, and so forth of the self are not established when the designated-object is sought, then in that case, what is the self that is the basis of bondage and liberation?
མི་ལ་སོགས་པའི་འགྲོ་བ་རྣམས་ལ་རྟག་ཏུ་གཞི་གང་ལ་དམིགས་ནས་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་དེ་ལ་བརྟེན་ནས་བདག་གི་བ་གང་ཡིན་པ་ང་ཡི་བར་འཛིན་པའི་བློ་
འབྱུང་བར་འགྱུར་བའི་བདག་གང་ཡིན་པ་དེ་ནི་ཆོས་ཅན། བརྟགས་དོན་བཙལ་བས་མེད་ཀྱང་མེད་པ་མ་ཡིན་ཏེ།
མ་བརྟགས་མ་དཔྱད་པའི་འཇིག་རྟེན་ལ་གྲགས་པའི་ངོར་གཏི་མུག་སྟེ་མི་ཤེས་པ་ལ་གྲུབ་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པའི་ཚད་མས་དམིགས་པ་མ་ཡིན་པའི་ཕྱིར།
Response: The subject - the self that, when migrators (humans and so forth) observe any basis, will always give rise to an awareness apprehending "I" and, in dependence upon that, will give rise to an awareness apprehending "Mine" arises wrt that which is mine - although it it non-existent through seeking the designated-object, it is not non-existent because from the perspective of the world, i.e. uninvestigated and unanalysed, it is established for ignorance, i.e. unknowing, and is not an established by own nature observed by valid cognition.
འདིའི་གཏི་མུག་ནི་འཇིག་རྟེན་པའི་རྒྱུད་ཀྱི་ངའོ་སྙམ་པའི་ཐ་སྙད་པའི་ཚད་མ་ལ་བྱེད་པ་ཡིན་པས་གཏི་མུག་མཚན་ཉིད་པ་མིན་ནོ།
In this, "ignorance" is taken to mean conventional valid cognition thinking "I" in the continua of worldly beings and therefore it is not a fully-qualified ignorance.
དེ་ལ་གཏི་མུག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཁོ་ན་ཉིད་མ་རྟོགས་པས་དེ་ལྟར་བརྗོད་པའི་ཕྱིར།
There is a reason for referring to it as "ignorance": It is referred to as such due to not realising suchness.
Up a level: Refuting the inherent establishment of I and Mine (Gomde)