Indicating the response that there is no similar fault for us
Objection: The objection of similar fault wrt the refutation of cause and effect lacking true establishment
ཤེས་བྱ་ཆོས་ཅན། སུན་འབྱིན་གྱིས་སུན་དབྱུང་བྱ་དེ་ཕྲད་ནས་སུན་འབྱིན་ནམ། འོན་ཏེ་མ་ཕྲད་པར་སུན་འབྱིན་ཞེས་བརྟག་ནས་ཕྱོགས་གཉིས་ཀ་ལ་སྐྱོན་བསྟན་པའི་ཐལ་བར་འགྱུར་བ་འདི་ནི་བདག་དབུ་མ་པ་ལ་འཇུག་པ་སྲིད་པ་མ་ཡིན་ཏེ། དབུ་མ་པས་སུན་འབྱིན་བས་སུན་དབྱུང་བྱ་དངོས་སྨྲ་བའི་དམ་བཅའ་དང་ཕྲད་ནས་སུན་འབྱིན་པར་
བྱེད་དམ། འོན་ཏེ་མ་ཕྲད་པར་སུན་འབྱིན་པ་ཡིན་ཞེས་སྔར་སྨྲས་ཟིན་པའི་ཉེས་པ་ནི་འདིར་རྒལ་བ་གང་ལ་ངེས་པར་ཕྱོགས་ཡོད་པ་སྟེ་རང་བཞིན་གྱིས་གྲུབ་པའི་དོན་དམ་བཅའ་བ་དེ་ལ་སྐྱོན་དུ་འགྱུར་གྱི་བདག་དབུ་མ་པ་ལ་རང་བཞིན་གྱིས་གྲུབ་པའི་དོན་དམ་བཅའ་བའི་ཕྱོགས་འདི་ནི་ཡོད་པ་མ་ཡིན་པ་དེས་ནའི་ཕྱིར།
Response: The subject - objects of knowledge - the consequence of indicating that when investigating whether or not the refutation refutes its refuted-object through meeting it or not, the fault applies to both positions cannot possibly apply to us Madhyamikas because the previously stated fault (regarding whether the Madhyamika refutation refutes its refuted-object, i.e. the Proponents of Things' assertions, through meeting with that or not) only becomes a fault for the opponent whose position is the assertion of inherently established objects; whereas we Madhyamikas are not a position asserting inherently established objects.
མདོར་ན། རང་བཞིན་གྱིས་གྲུབ་པ་ཁས་ལེན་པའི་ཕྱོགས་ལ་ཕྲད་མ་ཕྲད་དཔྱད་ནས་གནོད་བྱེད་འཇུག་ལ།
དེ་ཁས་མི་ལེན་པའི་ཕྱོགས་ལ་དཔྱད་པ་དེ་མི་འཇུག་པས་མི་མཚུངས་ཞེས་པའོ།
In short, the fault applies through analysing meeting or not meeting the position that asserts inherent establishment; whereas, it does not apply to analysing the position not asserting that. Therefore, it is not similar.
ཤེས་བྱ་ཆོས་ཅན། བདེན་པར་མེད་པ་ལ། རྟགས་དང་རྟགས་ཅན་གྱི་རྣམ་གཞག་འཐད་པའི་དཔེ་ཡོད་དེ། ཇི་ལྟར་སྟེ།
དཔེར་ན། ཁྱོད་ཀྱིས་ལྟར་ན་ཡང་ཆུ་ནང་གི་ཉི་མ་དང་མེ་ལོང་ནང་གི་གཟུགས་བརྙན་མཐོང་བ་ལ་བརྟེན་ནས། ནམ་མཁར་ཉི་མའི་དཀྱིལ་འཁོར་དང་བྱད་བཞིན་ལ་ཡོད་པའིེ་ཁྱད་པར་རྣམས་ཉི་མ་གཟས་བཟུང་བ་དང་། བྱད་བཞིན་ལ་ནག་ནོག་ཆགས་པ་ལ་སོགས་པ་རྣམས་གང་གི་ཚེ་མཐོང་བར་འགྱུར་བ་དེའི་ཕྱིར།
The subject - objects of knowledge - an example for the feasibility of the presentation of signs and signifiers wrt things lacking inherent existence because, for example, even according to you, in dependence upon seeing the sun reflecting in water and one's reflection in a mirror, one will see the attributes of the sun in the sky and one's face, such as the sun being eclipsed and one's face being dirty.
གཟུགས་བརྙན་གཉིས་པོ་དེ་ཆོས་ཅན། བརྟགས་དོན་བཙལ་བའི་ཚེ་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་དེ། ཉི་མ་དང་བྱད་བཞིན་དང་ནི་དེ་དག་གི་གཟུགས་བརྙན་རྣམ་པར་ཕྲད་པ་དང་མ་ཕྲད་པར་སྐྱེ་ཞེས་བཏགས་དོན་བཙལ་བ་ན་སྐྱེ་བ་མི་རིགས་མོད་ཀྱི། འོན་ཀྱང་། ཉིེ་མ་དང་བྱད་བཞིན་ལ་བརྟེན་ནས་ཐ་སྙད་ཀྱི་དབང་གིས་བཞག་པའི་གཟུགས་བརྙན་ཙམ་ཞིག་འབྱུང་བར་འགྱུར་བ་བསྙོན་དུ་མེད་པའི་ཕྱིར།
The subject - those two reflections - although they do not exist when the designated-object is sought, they exist merely conventionally because when seeking the designated-object (thinking, "Are the sun, face, and their reflections produced upon meeting or not?") their production is not feasible, nevertheless, it is undeniable that mere reflections posited through the force of conventions in dependence upon the sun and the face do arise.
ཕྱི་མ་འདི་བདེན་མེད་ལ་སྐྱེད་བྱ་སྐྱེད་བྱེད་འཐད་པའི་དཔེ་ཡིན་ནོ།
The latter is the example for the suitability of product and producer among things lacking true existence.
དཔེ་དེ་བཞིན་དུ་དཔེ་དོན་སྦྱར་ནས་བསྒྲུབ་པ་ནི། དོན་གྱི་སྐབས་འདིར་ཡང་ཆོས་ཅན། བདག་མེད་ལ་སུན་འབྱིན་གྱི་བྱ་བྱེད་འཐད་དེ།
ཕྱོགས་སྔ་དང་ཐལ་འགྱུར་རང་བཞིན་གྱིས་སྟོང་ཡང་ཐལ་འགྱུར་གྱི་ཕྱོགས་སྔ་མ་བཀག་ནས་ཕྱི་རྒོལ་གྱི་ཤེས་རབ་གདོང་པ་དང་འདྲ་བ་ཐལ།
ལོག་རྟོག་གི་དྲི་མ་སྦྱང་བར་བྱ་བ་ལ་ནུས་པ་མཐོང་པར་འགྱུར་བ་དེའི་ཕྱིར།
Just like the example, establishing by connecting example and meaning: The subject - the meaning in this context - it follows that refutations and refuted are feasible for the selfless, that although the opponent and consequence are empty of inherent existence, having refuted the consequence's opponent's position, the opponent's wisdom is like a face because it is seen that the stains of wrong conceptions can be purified.
དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་མི་བདེན་བཞིན་དུ་དེ་ལ་བརྟེན་ནས་རང་གི་བྱད་བཞིན་ལ་ཡོད་པའི་ནག་ནོག་བསལ་ཏེ་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར་དུ་བྱ་བ་བྱེད་པ་བྱད་བཞིན་གཟུགས་བརྙན་དེ་ལ་ནུས་པ་ཡོད་པ་ཇི་ལྟ་བ་བཞིན་ནོ།
For example, while the reflection of a face is not truly [the face], in dependence upon that one has the ability of engaging in actions in order to clean the dirt on one's face and to beautify one's face.
ཤེས་བྱ་ཆོས་ཅན། བདག་མེད་ལ་རྟགས་དང་རྟགས་ཅན་གྱི་བྱ་བྱེད་འཐད་དེ།
རྟེན་འབྲེལ་སོགས་ཀྱི་གཏན་ཚིགས་ནི་རང་བཞིན་གྱིས་གྲུབ་པའི་འཐད་པ་དང་བྲལ་བ་ཡིན་ཀྱང་།
རྟེན་འབྲེལ་སོགས་ཀྱི་རྟགས་ལས་རང་གི་སྒྲུབ་བྱ་བདེན་མེད་རྟོགས་པ་ཡོད་ཅེས་ཤེས་པར་བྱ་བ་ཡིན་པའི་ཕྱིར།
The subject - objects of knowledge - actions and agents of signs and signifiers are feasible for the selfless because although reasons (such as that of dependent-arising and so forth) are devoid of inherently established feasibility, they should be understood that through the sign "dependent-arising" and so forth there is realisation of the probandum, i.e. selflessness.
དཔེར་ན། ཆུའི་ནང་དུ་ཉི་མའི་གཟུགས་བརྙན་ལ་བརྟེན་ནས་ནམ་མཁར་ཉེ་མའི་ཁྱད་པར་མཐོང་བ་འགྱུར་བ་དེ་བཞིན་ནོ།
For example, just as in dependence upon the reflection of the sun in water, one can see the attributes of the sun in the sky.
ཁོ་ན་རེ། གཞན་གྱི་ཐལ་བ་མི་མཚུངས་པ་གཞུང་གོང་མ་རྣམས་སུ་བཤད་ན། འོ་ན། དེ་མི་མཚུངས་པའི་རྒྱུ་མཚན་གང་ཞེ་ན།
Someone says: If it is explained in the above section that the other's consequence is not similar, then what is the reason for it not being similar?
དངོས་སྨྲ་བ་ཆོས་ཅན། མ་དག་པའི་ཕྱོགས་ལ་བཀོད་པའི་སྐྱོན་དག་པའི་ཕྱོགས་ལ་ཁྱོད་ཀྱིས་བཀོད་པ་འདི་ནི།
ཁོ་བོ་ཅག་ལ་དོན་མེད་པའམ་གནོད་བྱེད་མ་ཡིན་པས་ཁྱོད་ཀྱི་འཆད་པ་སྟེ་ཡིད་འབྱུང་བ་འབའ་ཞིག་ཡིན་ཏེ།
གལ་ཏེ་རང་གི་བསྒྲུབ་བྱ་གོ་བར་བྱེད་པའི་གཏན་ཚིགས་ཀྱི་དངོས་པོ་སྟེ་ངོ་བོ་རང་བཞིན་གྱིས་གྲུབ་པ་དང་།
གཏན་ཚིགས་ཀྱིས་དངོས་སུ་གོ་བར་བྱ་བ་ཉིད་འགྱུར་བ་སྒྲུབ་བྱའི་ངོ་བོའང་རང་བཞིན་གྱིས་ཡོད་པར་གྱུར་ན།
བསྒྲུབ་བྱ་དང་སྒྲུབ་བྱེད་ཕྲད་པ་དང་ལ་སོགས་པས་མ་ཕྲད་པར་བསྒྲུབ་པ་གང་ཡིན་ཞེས་བརྟག་པའི་རིགས་པ་ཉེ་བར་སྦྱོར་བར་འགྱུར་བ་རིགས་པ་ཞིག་ནའང་།
ཁོ་བོ་ཅག་གི་ལུགས་ལ་གོ་བྱ་གོ་བྱེད་དེ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེས་ནའི་ཕྱིར།
Response: The subject - Proponents of Things - the fault, which should be stated to an incorrect position, that you have stated to the position free from that is meaningless and does not undermine us, therefore, you only frustrate yourselves because if the reason that causes understanding of the probandum were inherently established in nature and the probandum that is to be explicitly understood through that reason were inherently established in nature, then the reasoning investigating whether or not the probandum and proof meet or do not meet would be appropriate; however, in our system, the cause for understanding and that understood are not inherently existent.
འདིས་ནི་མིག་དང་ཁབ་ལེན་གྱིས་མ་ཕྲད་པར་བྱ་བ་བྱེད་པ་ཡང་བཀག་གོ
This also refutes the eyes and magnet acting without contact.
སྔ་རྒོལ་དབུ་མ་པས་ཕྱི་རྒོལ་དངོས་སྨྲ་བ་ལ་དངོས་པོ་རྣམས་མཐའ་དག་དངོས་པོ་མེད་པ་སྟེ་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པར་ཆེས་སླ་ལ།
དེ་སླ་བ་ཇི་ལྟ་བ་དེ་ལྟར་སྔ་རྒོལ་དངོས་སྨྲ་བས་ཕྱི་རྒོལ་དབུ་མ་པ་གཞན་དག་ལ་དངོས་པོ་རང་བཞིན་གྱིས་གྲུབ་པ་ཁོང་དུ་ཆུད་པར་བྱེད་པ་ན་བདེ་བླག་ཏུ་ནུས་པ་མ་ཡིན་ཏེ། སྔ་རྒོལ་དབུ་མ་པ་གཉིས་ཀ་ལ་གྲགས་པའི་རང་བཞིན་མེད་པའི་དཔེ་བསྟན་དུ་ཡོད་ལ། དངོས་སྨྲ་བས་སྔ་རྒོལ་བྱས་པའི་ཚེ་གཉིས་ཀ་ལ་གྲགས་པའི་རང་བཞིན་གྱིས་གྲུབ་པའི་དཔེ་བསྟན་དུ་མེད་པའི་ཕྱིར།
It is far easier for the debaters (Madhyamikas) to make the opponents (Proponents of Things) realise that all things lack inherent existence, whereas when the debaters (Proponents of Things) try to make the opponents (Madhyamikas) understand that things are inherently established it is not easily done because the Madhyamika debaters can indicate an example for the lack of inherent existence that is renown to both, whereas the Proponents of Things as debaters cannot indicate an example for the lack of inherent existence that is renown to both.
དེས་ན་དངོས་སྨྲ་བ་ཆོས་ཅན། ཁྱོད་འདིར་སུ་ཞིག་གིས་བཅོལ་བ་སྟེ་སྦད་ནས་འཇིག་རྟེན་རྣམས་རང་གི་ཉོན་མོངས་ལྷན་སྐྱེས་ཀྱི་རྣམ་རྟོག་ངན་པའི་སྦུབས་ཀྱིས་གཏུམ་པའི་སྟེང་དུ་སླར་ཡང་ཁྱོད་ཀྱིས་དངོས་པོ་བདེན་གྲུབ་ཏུ་སྒྲུབ་པའི་རྟགས་དང་དཔེ་ལྟར་སྣང་གི་རྟོག་གེ་ངན་པའི་དྲ་བ་སྟེ་སྲད་བུས་བཅིངས་ཏེ་འཆིང་བར་ཅི་སྟེ་བྱེད་མི་རིགས་པར་ཐལ། རང་གཞན་ལ་ཕན་པ་སྒྲུབ་རིགས་ཀྱི་གནོད་པ་བྱེད་མི་རིགས་པའི་ཕྱིར།
Therefore, the subject - Proponents of Things - who invited you here? Worldly beings are already shrouded within their bad conceptions of the innate afflictions, so why do you further entangle them with your web of wrong conceptions of wrong signs and examples proving things to be inherently established? It follows this is unsuitable because it is suitable to benefit oneself and other and not to harm them.
དོན་བསྡུ་ན། འཇིག་རྟེན་པ་རྣམས་ཉོན་མོངས་ལྷན་སྐྱེས་ཀྱིས་གཟིར་བའི་སྟེང་དུ་ཀུན་བཏགས་བསྣན་ནས་མ་སྤེལ་ཞིག་ཅེས་པའི་དོན་ནོ།
In short, it means: "Worldly beings are tormented by the innate afflictions, so do not aggravate that by adding acquired [conceptions] on top!"
ཤེས་བྱ་ཆོས་ཅན། སྔར་བདག་མེད་གཉིས་རྒྱས་པར་བཤད་པའི་སྐབས་སུ་དངོས་སྨྲ་བ་ལ་སུན་འབྱིན་བཤད་པའི་ལྷག་མ་རྒྱུ་འབྲས་ཕྲད་མ་ཕྲད་བརྟག་ནས་འགོག་པའི་སུན་འབྱིན་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས་རྒྱུ་འབྲས་ཕྲད་པ་དང་ལ་སོགས་པས་མ་ཕྲད་པར་བརྟག་ནས་བཀག་པའི་ཕྱོགས་ཀྱི་ལན་གྱི་ཆེད་དུ།
ཕ་རོལ་པོས་སུན་འབྱིན་ལ་ཕྲད་མ་ཕྲད་བརྟག་ནས་སྐྱོན་མཚུངས་པར་བརྗོད་པའི་སྐབས་འདིར་དེའི་བརྟག་པ་རང་ལ་མི་མཚུངས་པའི་རྒྱུ་མཚན་བཤད་མ་ཐག་པ་འདིས་མཚོན་ནས་སུན་འབྱིན་གཞན་ཡང་རྒྱ་ཆེན་གཏོང་བར་བྱ་སྟེ། རང་བཞིན་མེད་པར་འདོད་པའི་ཕྱོགས་བཏགས་དོན་བཙལ་བའི་དཔྱད་པ་མི་འཇུག་པའི་ཕྱིར།
The subject - objects of knowledge - having understood additional refutations of the Proponents of Things in the context of the extensive explanations of the two selflessnesses above, specifically the above refutation through investigating whether cause and effect meet or not, then the position refuted in terms of the investigation of whether cause and effect meet or not respond that there is a similar fault for the other debater through investigating whether the refutation meets or not; in this context, having just explained the reason for such an investigation not being similar for us, such a refutation should be extended to others because an analysis through seeking the designated-object does not apply to a position that asserts the lack of inherent existence.
དབུ་མ་པ་ཆོས་ཅན། ཁྱོད་གཞན་ཕྱོགས་དགག་པ་ཙམ་ཡིན་གྱི་རང་ཕྱོགས་སྒྲུབ་རྒྱུ་མེད་པའི་སྒོ་ནས་སུན་ཅི་ཕྱིན་དུ་བྱེད་པའི་རྒོལ་བ་པོ་ཡིན་པའི་ཉེས་པ་ཡང་ཇི་ལྟར་ཡོད་པ་མ་ཡིན་ཏེ། ཁྱོད་ཀྱི་བསྟན་བཅོས་སུ་དགག་སྒྲུབ་ལེགས་པར་བྱས་ནས་ལམ་གཏན་ལ་ཕབ་པ་ནི་གདུལ་བྱ་ཐར་པ་ཐོབ་པའི་ཆེད་དུ་ཡིན་གྱི་རྩོད་པ་ལྷུར་ལེན་ཙམ་གྱི་ཆེད་དུ་མ་ཡིན་པ་སྔར་བཤད་ཟིན་པའི་ཕྱིར། ཐ་སྙད་དུ་རང་ཕྱོགས་ཡོད་ཅིང་དོན་དམ་པར་གཞན་ཕྱོགས་མི་སེལ་བའི་ཕྱིར།
The subject - Madhyamikas - there is no fault of being an argumentative debater that only refutes others' positions and does not prove their own position because it has already been explained that the settling of the path through correct reasoning in their treatises is only in order for discipled to attain liberation and not for the purpose of mere debate; because their own position exists conventionally and others' positions are not refuted ultimately.
སྐབས་འདིར་དངོས་སྨྲ་བའི་རྩོད་པ་མི་འཇུག་པའི་ཚུལ་བསྟན་པ་འདི་ཉིད་ཀྱིས་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ།
དངོས་སྨྲ་བས་དངོས་སུ་བཀོད་པའི་རྩོད་པའི་ལྷག་མ་དངོས་སུ་མ་བཀོད་པའིེ་རྩོད་པ་གཞན་ལ་ཡང་ཕར་ལན་འདེབས་ཚུལ་དང་ཚུར་སུན་མི་འཇུག་པའི་ཚུལ་རྣམས་
དེ་སྐད་དེ་དེ་ལྟར་སྔར་བཤད་མ་ཐག་པའིེ་ཕྱོགས་འདིས་མཚོན་ནས་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
The subject - this indication of the way in which the Proponents of Things' objection in this context does not apply - it also has another purpose: It is in order to understand, using the position just explained as an illustration, how to respond and that refutations do not apply to other objections not explicitly stated, i.e. other than those explicitly stated by the Proponents of Things.
Up a level: Extrapolating the analysis of the self and the chariot to other things (Gomde)