Indicating the systems of others as unrelated
ཕུང་པོ་རང་བཞིན་གྱིས་གྲུབ་པའི་ང་ཡི་བར་འདོད་པ་རྣམས་ལྟར་ན། ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་འཇིག་ལྟ་ལྷན་སྐྱེས་ཡིན་པས་
ཇི་སྲིད་ཕུང་པོ་དམིགས་པ་དེ་སྲིད་དུ་འཇིག་ལྟ་འབྱུང་ལ། དེ་ལྟར་ན། བདག་མེད་སྒོམ་པས་འཇིག་ལྟ་ལྡོག་པར་མི་འགྱུར་རོ།
In accordance with assertions that the aggregates are the inherently established "Mine", since the apprehension of the "Mine" as inherently established is the innate view of the transitory collection, as long as it observes the aggregates, the view of the transitory collection will arise; in the case, cultivating selflessness will not overcome the view of the transitory collection.
ཤེས་བྱ་ཆོས་ཅན། རྟག་གཅིག་རང་དབང་ཅན་གྱི་བདག་ཙམ་མེད་པར་ཤེས་ཤིང་མཐོང་ན་གོམས་པས་ཐོགས་མེད་ནས་ཞུགས་པའི་བདག་ཏུ་ལྟ་བ་དཔྱིས་ཏེ་དྲུངས་ཀྱང་འབྱིན་ཞེས་སྨྲ་བ་འདི་ནི་ཤིན་ཏུ་ངོ་ཚར་ཆེ་བ་སྟེ། ཁྲེལ་བའི་གནས་ཡིན་ཏེ། རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་རྟོགས་པའི་ཚེ་ནི་རྟག་པའི་བདག་ཙམ་སྤོང་བ་སྟེ་
མེད་པར་མཐོང་ཞིང་། རྟག་པའི་བདག་འདི་ནི་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཏེ་དམིགས་རྣམ་གང་གི་ཡང་ཡུལ་དུ་མི་འདོད་པ་དེའི་ཕྱིར།
The subject - objects of knowledge - propounding that through perception and familiarisation with the non-existence of just a permanent, unitary, and independent self will uproot the view of self that is present without beginning is a great embarrassment and a source of shame because when yogis directly realise selflessness they abandon, i.e. perceive as non-existent, just the permanent self but none of them assert that this permanent self is the support, i.e. observed-object, of the innate apprehension of "I".
ཁྱབ་སྟེ། ངར་འཛིན་ལྷན་སྐྱེས་སྤོང་བ་ལ་དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་ཞུགས་པ་ཅིག་དགོས་པའི་ཕྱིར།
There is pervasion because in order to abandon the innate apprehension of "I", it is necessarily to engage a directly contradictory mode of apprehension observing the same observed-object as that.
རྟག་པའི་བདག་ཙམ་མེད་པར་མཐོང་བས་བདེན་འཇིན་གྱི་ས་བོན་སྤོང་བར་འདོད་པ་མི་འཐད་པར་ཐལ། དེ་ལྟར་འདོད་པ་ནིེ། དཔེར་ན།
བླུན་པོ་ཁ་ཅིག་རང་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་ནས་འཇིགས་བཞིེན་དུ་གནས་པ་ལ་གཞན་ཞིག་གིས་ཀྱེ་མ་ཁྱོད་མ་འཇིགས་ཤིག
ཁྱིམ་འདི་ན་གླང་པོ་མེད་དོ་ཞེས་སྨས་པས་འཇིགས་པའི་དོགས་པ་བསལ་ཏེ་དེ་ཙམ་གྱིས་སྦྲུལ་གྱིས་འཇིགས་པ་སྤོང་བར་བྱེད་པ་ནི་ཀྱེ་མ་གཞན་གྱི་གནམ་པོ་ར་ཏེ་
བཞད་གད་དུ་འགྱུར་བ་ཉིད་བཞིན་ནོ།
It follows that it is incorrect to assert that through perceiving the non-existence of just a permanent self, the seeds of the apprehension of true existence are abandoned because asserting as such is like, for example, a stupid person seeing there is a snake in a hole in a wall of their home and becoming afraid, then another person says to them "Hey, don't be afraid! There is no elephant in your house!" and merely through that they abandon their fear of the snake! That would just be ridiculous.
དེའི་ཕྱིར་རྟག་པའི་བདག་ཙམ་མེད་པར་མཐོང་ནས་བག་ཕབ་སྟེ་སྡོད་པ་ནི། སྦྲུལ་དང་འདྲ་བའི་ངར་འཛིན་གྱིས་བཟུང་བར་འགྱུར་བས་འཁོར་བ་ལས་མི་གྲོལ་ལོ།
Therefore, perceiving the non-existence of just the permanent self, one might remain calm; but since one holds on to the apprehension of "I" that is like the snake, one will not be liberated from samsara.
Back: Explaining the purpose for indicating the aggregates as a self
Up a level: Refuting the inherent establishment of I and Mine (Gomde)