Interpretative and Definitive Meaning wrt the Alaya (Tendarwa)
ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞི་མེད་པ་དེ་མི་འཐད་པར་ཐལ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།
ཞེས་སོགས་གསུངས་པའི་ཕྱིར་ཟེར་ན།
Someone says: It follows that it is incorrect that an Alaya that is the basis for cause and effect does not exist because the Sutra Unravelling the Thought says, "The appropriating consciousness is subtle and profound" and so forth.
སྐྱོན་མེད་དེ། དགོས་པའི་དབང་གིས་གསུངས་པའི་དྲང་དོན་གྱི་མདོ་ཡིན་པས།
དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འགྲེལ་པར་བྱེད་པའི་ཕྱིར།
There is no such fault because that is an interpretative meaning sutra that was taught with a certain purpose and its meaning should be interpreted by way of its intention, purpose, and inconsistency to it actually being the meaning.
That follows because: དེར་ཐལ།
- When faced with a person asserting the aggregates as truly established, then without refuting that, sutra says "That called the mind, or that called mentality, or that called consciousness, it is initially imprinted by faith, ethics, and so forth, and when proceeding forward will attain a high state in a future life."
ཕུང་པོ་བདེན་གྲུབ་ཏུ་འདོད་པའི་གང་ཟག་གི་ངོར་དེ་མ་བཀག་པར། མདོ་ལས། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་
དུས་དང་པོར་དད་པ་དང༌། ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་བསྒོས་ཤིང་གོང་དུ་འགྲོ་བ་ན་ཕྱི་མ་ལ་མཐོ་རིས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། - When faced with a person asserting a self-sufficient substantially existent self that is the basis of causes and their effects, [sutra says] "Monks, the burden exists; the carrier of the burden exists."
ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གང་ཟག་གི་ངོར། དགེ་སློང་དག ཁུར་ཡོད་དོ། ཁུར་ཁུར་བ་པོ་ཡོད་དོ།
ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར།
དེར་ཐལ། བཅོམ་ལྡན་འདས་ཀྱི་རྒྱུད་ལ་ངར་འཛིན་མེད་ཀྱང༌། དགོས་པའི་དབང་གིས་ཡོད་པ་ལྟར་དུ་གསུངས་པ་ལྟ་བུ་ཡིན་པའི་ཕྱིར།
That follows because although there is no apprehension as "I" in the Bhagavan's continuum, he speaks as if there is due to having a purpose.
རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་རྣམས་ལ།
The Conqueror's Words and the Treatises explaining the intention of those are of two types:
- Those indicating the existence of an Alaya ཀུན་གཞི་ཡོད་པར་བསྟན་པ་དང༌།
- Sutras: Unraveling the Thought, Lankavatara, Ghandavyūha and so forth
དགོངས་འགྲེལ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་བཀོད་པ་ལ་སོགས་པ་ལས་དེ་ཡོད་པར་བསྟན་པ་དང༌། - Treatises: The latter three Treatises of Maitreya
བྱམས་ཆོས་ཕྱི་མ་གསུམ་ལས་དེ་ཡོད་པར་བསྟན།
- Sutras: Unraveling the Thought, Lankavatara, Ghandavyūha and so forth
- Those indicating the non-existence of the Alaya མེད་པར་བསྟན་པའི་ཚུལ་གཉིས་ཡོད་དེ།
- Sutras: Great, Middling, and Small Perfection of Wisdom, and so forth
ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་ལས་དེ་མེད་པར་བསྟན་པ་དང༌། - Treatises: Ornament for Clear Realisations, Mahayana Uttaratantra, and so forth
མངོན་པར་རྟོགས་པའི་རྒྱན་དང༌། ཐེག་པ་ཆེན་པོའ་ིརྒྱུད་བླ་མའི་བསྟན་བཅོས་སོགས་ལས་མེད་པར་བསྟན་པའི་ཕྱིར།
- Sutras: Great, Middling, and Small Perfection of Wisdom, and so forth
Up a level: Presentation of cause and effect does not require positing an Alaya (Tendarwa)