Khedrup Je's system (Jetsunpa)

ཁ་ཅིག །སྔོ་འཛིན་དབང་མངོན་གྱིས་ཁོ་རང་རྟོགས་ཟེར་ན།
Someone says: A sense-consciousness apprehending blue realises itself.


ཤེས་པ་ཡིན་ན་རང་ཉིད་ཀྱིས་རང་ཉིད་རྟོགས་པས་ཁྱབ་པར་ཐལ། སྔོ་སྣང་དབང་ཤེས་ཀྱིས་ཁོ་རང་རྟོགས་པའི་ཕྱིར།
It follows that if it is a consciousness, then it is pervaded by realising itself because a sense-consciousnesses to which blue appears realises itself.

འདོད་ན། བདེན་འཛིན་ལོག་ཤེས་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར།
If accepted: The subject - the apprehension of true existence being a wrong consciousness - it follows it [realises itself] because it is [a consciousness].

འདོད་ན། བདེན་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པར་ཐལ་ལོ།
If accepted: It follows that it realises the non-existence of the conceived-object of the apprehension of true existence!

འདོད་ན། བདེན་མེད་རྟོགས་པར་ཐལ། འདོད་པའི་ཕྱིར།
If accepted: It follows that it realises the lack of true existence because that was accepted.


སྔོ་འཛིན་དབང་མངོན་ཚད་མར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་གི་རྒྱུད་ཀྱི་སྔོ་འཛིན་དབང་མངོན་ཚད་མ་ཡིན་པ་ཆོས་ཅན།
ཁྱོད་ཀྱིས་ཁྱོད་རང་རྟོགས་པར་ཐལ། ཤེས་པ་ཡིན་པའི་ཕྱིར།
The subject - the sense-consciousness apprehending blue being a valid cogniser, in the continuum of the correct opponent in the context of proving that a sense-consciousness apprehending blue is a valid cogniser - it follows that it realises itself because it is a consciousness.


ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར།
The subject - the uninterrupted path of the Mahayana path of seeing - that follows because of that.

འདོད་ན། ཁྱོད་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤུགས་ལ་ཁོ་རང་རྟོགས་པར་ཐལ་ལོ།
If accepted: It follows that upon directly realising emptiness, it implicitly realises itself.

འདོད་ན། དེའི་ཡུལ་དུ་གྱུར་པའི་སྟོང་ཉིད་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ།
དགག་པ་གང་ཞིག ཁྱོད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས་དེ་ཤུགས་ལ་རྟོགས་པའི་ཕྱིར། རྟགས་ཁས།
If accepted: The subject - the emptiness that is its object - it follows that it is an implicative negation because 1) it is a negation and 2) that uninterrupted path of the Mahayana path of seeing that directly realises it implicitly realises [itself]. You asserted the reason.

འདོད་མི་ནུས་ཏེ། སྟོང་ཉིད་ཡིན་པའི་ཕྱིར།
You cannot accept because it is emptiness.


མྱུ་གུ་བདེན་མེད་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར།
The subject - the inference that is a reasoning consciousness realising the lack of true existence of sprout - that follows because of that.

འདོད་ན། དེས་མྱུ་གུ་བདེན་མེད་དུ་ཡོད་པ་དེ་རྟོགས་པར་ཐལ་ལོ།
If accepted: It follows that it realises the existence of a non-truly-existent sprout.

འདོད་ན། མྱུ་གུ་བདེན་མེད་ཆོས་ཅན། ཁྱོད་མ་ཡིན་དགག་ཡིན་པར་ཐལ།
ཁྱོད་དགག་པ་གང་ཞིག །ཁྱོད་དངོས་སུ་རྟོགས་པའི་རྗེས་དཔག་དེས་མྱུ་གུ་བདེན་མེད་དུ་ཡོད་པ་དེ་རྟོགས་པའི་ཕྱིར།
If accepted: The subject - a non-truly-existent sprout - it follows that it is a non-implicative negation because 1) it is a negation and 2) the inference explicitly realising it realises the existence of a non-truly-existent sprout.


ཚུར་མཐོང་གི་རྒྱུད་ཀྱི་སྔོ་སྣང་དབང་ཤེས་ཆོས་ཅན།
ཁྱོད་རང་ཉིད་དང་ཚུར་མཐོང་གི་རྒྱུད་ཀྱི་སྔོ་སྣང་དབང་ཤེས་གཉིས་ལ་རིག་བྱ་རིག་བྱེད་ཀྱི་རྣམ་པ་སོ་སོར་མི་འཆར་བ་བཞིན་དུ་རིག་པར་ཐལ།
ཁྱོད་དང་གཅིག་གང་ཞིག །ཁྱོད་ཀྱིས་དེ་རིག་པའི་ཕྱིར།
The subject - a sense-consciousness to which blue appears in the continuum of ordinary beings - it follows that it knows without separate aspects of known and knower wrt itself and a sense-consciousness to which blue appears in the continuum of ordinary beings appearing because 1) it is one with itself and 2) it knows that.

འདོད་ན། རང་རིག་ཡིན་པར་ཐལ་ལོ།
If accepted: If follows that it is a self-knower!


གཞན་ཡང་། དེས་དེ་རྟོགས་པ་མི་སྲིད་པར་ཐལ། རལ་གྲིའི་སོས་རང་ཉིད་མི་གཅོད། སོར་མོའི་རྩེས་རང་ལ་མི་རེག
སྐྱེས་བུ་ཡང་ཟོར་ཅན་གྱིས་རང་གི་ཕྲག་པ་ལ་ཞོན་མི་ཐུབ། མེས་རང་ཉིད་སྲེག་པར་མི་བྱེད་པའི་ཕྱིར།
Moreover, that realising that is impossible because a sword does not cut itself, the tip of the finger does not touch itself, an athlete cannot ride their own shoulders, and fire does not burn itself.


ཁ་ཅིག །ཚད་མས་ཚད་མ་མ་རྟོགས། ཟེར་ན།
Someone says: Valid cognition does not realise valid cognition.

ཚད་མ་ཞེས་པའི་སྒྲའི་ཞེན་གཞིའི་བརྗོད་བྱ་ཚད་མས་མ་གྲུབ་པར་ཐལ། དེའི་ཞེན་གཞིའི་བརྗོད་བྱ་ཡང་ཡིན། ཚད་མས་གྲུབ་པ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།
Answer: It follows that the expressed that is the conceived-basis for the term "valid cognition" is not established by valid cognition because there does not exist a common locus of 1) being the expressed that is the conceived-basis for that and 2) being established by valid cognition.

འདོད་མི་ནུས་ཏེ། ངག་དོན་མཐུན་ཡིན་པའི་ཕྱིར།
You are not able to accepted because it is factually concordant speech.


Up a level: Debate about consciousnesses realising themselves