Khedrup Je's system (JS)

ཁ་ཅིག་ན་རེ། མཉམ་བཞག་ཡེ་ཤེས་ཀྱིས་རང་ཉིད་ཡོད་པར་རྟོགས་པར་ཐལ། སྔོན་འཛིན་སོགས་གཉིས་སྣང་ཅན་གྱི་ཤེས་པས་དེ་ལྟར་རྟོགས་པས་ཁྱབ་པའི་ཕྱིར་ན།
Someone says: It follows that the exalted wisdom of meditative equipoise realises itself as existent because consciousnesses with dualistic appearances (the apprehension of blue and so forth) are pervaded by realising as such.

རྣམ་པ་གཅིག་ཏུ་ན་རྟགས་མ་གྲུབ་པ་ཡང་ཡོད་ཀྱང་རེ་ཞིག་མ་ཁྱབ།
Answer: Absolutely reason not established! But for now, no pervasion.

འདོད་མི་ནུས་ཏེ། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ཉིད་ཀྱིས་རང་ཉིད་དངོས་ཤུགས་གང་དུ་ཡང་མ་རྟོགས་ཀྱང་
མཉམ་བཞག་ཡེ་ཤེས་ཀྱིས་རང་ཉིད་སྟོབས་ཤུགས་ཀྱིས་རྟོགས་པ་ཡིན་པའི་ཕྱིར།
You cannot accept because although the non-conceptual exalted wisdom of meditative equipoise does not realise itself either explicitly or implicitly, the exalted wisdom of meditative equipoise realises itself through its own force.

དེར་ཐལ། དང་པོ་དངོས་ཤུགས་གང་རུང་དུ་མ་རྟོགས་པ་གང་ཞིག གཉིས་པ་རང་ཉིད་ཀྱི་སྟོབས་ཤུགས་ཀྱིས་རང་ཉིད་རྟོགས་པར་འཇོག་པའི་ཕྱིར།
That follows because 1) it is not realised either implicitly or explicitly and 2) it is posited as realising itself through its own force.

དང་པོ་གྲུབ་སྟེ། རང་ཉིད་དངོས་སུ་རྟོགས་ན་གཉིས་སྣང་ཅན་དང་ཤུགས་ལ་རྟོགས་ན་ཡུལ་དེ་ཉིད་མ་ཡིན་དགག་ཏུ་འགྱུར་བའི་ཕྱིར།
The first is established because:

རྩ་ཤེའི་ཊཱིཀ་ཆེན་ལས། དེའི་ཕྱིར་དགག་བྱ་བཅད་ཙམ་མ་ཡིན་པའི་ཆོས་གཞན་ཤུགས་ལ་འཕངས་པའང་མ་ཡིན་དགག་ཡིན་པས་མེད་དགག་ཡིན་པ་ཉམས་སོ།
ཞེས་གསུངས་པའི་ཕྱིར།
This is because Ocean of Reasoning says:
Due to that, since it implicitly conveys another phenomenon and not merely negating its object of negation, i.e. is an implicative negation, it would not be a non-implicative negation.

གཉིས་པ་གྲུབ་སྟེ། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པ་ན་རྗེས་ཁྱབ་ངེས་པའི་ཚད་མས་སྒྲ་མི་རྟག་པ་དངོས་ཤུགས་གང་ལ་ཡང་མ་ངེས་ཀྱང་
རྗེས་ཁྱབ་རྟོགས་པའི་ཚད་མའི་སྟོབས་ཤུགས་ཀྱིས་ངེས་པ་བཞིན་དུ་མཉམ་བཞག་མི་རྟོག་པའི་ཡེ་ཤེས་དང་བདེན་མེད་རྟོགས་པའི་རྗེས་དཔག་གཉིས་ཀྱིས་ཀྱང་
རང་ཉིད་ཡུལ་བཅས་ཡོད་པ་གཉིས་སྟོབས་ཤུགས་ཀྱིས་རྟོགས་པར་ཁས་ལེན་དགོས་པའི་ཕྱིར་ཏེ།
The second is established because:

This is because:

འདིས་ནི་བློ་དེའི་ཤུགས་རྟོགས་དང་བློ་དེའི་སྟོབས་ཤུགས་ཀྱིས་རྟོགས་པ་གཉིས་མི་གཅིག་པར་གསུངས་པ་ལྟར་འདོད་དགོས་པར་ཐལ། དེ་གཉིས་དོན་མི་གཅིག་པའི་ཕྱིར།
It follows that it is necessary to assert in according with these statements that the implicit realisation of an awareness and realising through the force of an awareness are not the same.

That follows because: དེར་ཐལ།

དེར་ཐལ། དེ་འདྲའི་རྟོགས་ཚུལ་ཐ་དད་པ་གཉིས་ཡོད་པའི་ཕྱིར།
That follows because two such different modes of realisation exist.

རྣམ་བཤད་དང་ཊཱིཀ་ཆེན་གྱི་ལུང་འདི་གཉིས་ཀྱིས་སྔོན་འཛིན་མངོན་སུམ་དང་མཉམ་བཞག་ཡེ་ཤེས་གཉིས་ཀྱི་རང་ཉིད་ཡོད་པ་འགྲུབ་ལུགས་ཁྱད་པར་ཅི་ཡང་མེད་པར་འདོད་པ་རྣམས་ཀྱང་བཀག་པ་ཡིན་ཏེ། སྔོན་འཛིན་ལ་གཉིས་སྣང་ཡོད་ལ་མཉམ་བཞག་ཟག་མེད་ལ་གཉིས་སྣང་མེད་པའི་ཕྱིར།
Those who assert that there is no difference wrt the mode in which the direct perception apprehending blue and the exalted wisdom of meditative equipoise will establish their own existence in terms of these two scriptures (the Illumination and Ocean of Reasoning) are refuted because the apprehension of blue possesses dualistic appearances whereas the uncontaminated meditative equipoise is without dualistic appearances.

ཁྱབ་སྟེ། སྔ་མས་རང་དུས་ནས་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པ་གྲུབ་ཕྱི་མས་དེ་དུས་མ་གྲུབ་ཀྱང་མཉམ་བཞག་གི་སྟོབས་ཀྱིས་ཞེས་པའི་གསུང་གནང་བ་ཡིན་པའི་ཕྱིར།
There is pervasion because the previous establishes the existence of both object and object possessor during its time and the latter does not establish those during its time; however, it is said "through the force of the meditative equipoise".

དེར་ཐལ། སྔོན་འཛིན་སོགས་ཀྱིས་འགྲུབ་ལུགས་ལ་སྟོབས་ཀྱིས་མི་གསུང་བར་ཡུལ་གཞལ་བ་དེ་ཉིད་ཀྱིས་གསུངས་ལ་མཉམ་བཞག་ཟག་མེད་ལ་སྟོབས་ཀྱིས་
གསུངས་པའི་དགོས་པ་ཡོད་པའི་ཕྱིར།
That follows because there is a purpose in:


Up a level: Debate about consciousnesses realising themselves