Khedrup Je's Thousand Doses on consciousness not realising itself

ཚད་མས་གཞལ་བྱ་གྲུབ་པ་ཙམ་གྱིས་ཚད་མ་ཡོད་པར་འགྲུབ་པའི་དོན་ཡང་ཇི་ལྟ་བུ་ཞེ་ན།
What does it mean that merely through establishing the cognised object with valid cognition, the existence of the valid cognition will be established?

འདི་ལ་ཐོག་མར་གཞན་དུ་སྲིད་པའི་དོགས་པའི་མཐའ་ཅུང་ཟད་གཅོད་པར་བྱ་སྟེ།
First, some doubts that others might have should be eliminated.

དེ་ཡང་དེ་ལྟར་བཤད་པའི་དོན་ནི་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་བས་སྔོ་འཛིན་མིག་ཤེས་ཡོད་པར་གྲུབ་ཅེས་པར་སོང་བའི་ཕྱིར་
སྔོ་འཛིན་མིག་ཤེས་ཀྱིས་སྔོ་འཛིན་མིག་ཤེས་ཡོད་པར་གྲུབ་པར་འདོད་དགོས་ལ།
དེ་ལྟར་ན་སྔོ་འཛིན་མིག་ཤེས་ཀྱིས་སྔོ་འཛིན་མིག་ཤེས་གྲུབ་པར་འདོད་དགོས་པའི་ཕྱིར་དེས་དེ་རིག་པ་དང་རྟོགས་པར་ཡང་འདོད་དགོས་སོ་སྙམ་དུ་
Someone says: The meaning of explaining as such is: Since it is said that the eye-consciousness apprehending blue, by cognising blue, establishes the existence of the eye-consciousness apprehending blue; then it is necessary to assert that the eye-consciousness apprehending blue establishes the existence of the eye-consciousness apprehending blue.
In that case, since it is necessary to assert that the eye-consciousness apprehending blue establishes the eye-consciousness apprehending blue, it is also necessary to assert that it also knows and realises itself.

གཟུང་བར་མི་བྱ་སྟེ། དེ་ལྟ་ན་སྔོ་འཛིན་མིག་ཤེས་སྔོ་འཛིན་མིག་ཤེས་དང་རིག་བྱ་རིག་བྱེད་དུ་ཁས་ལེན་དགོས་པས།
དངོས་སྨྲ་བ་རང་རིག་འདོད་པ་དག་འགོག་པ་ན། ཤེས་པ་རང་གི་ངོ་བོ་ལ་གཉིས་སྣང་དང་བྲལ་བའི་འཛིན་རྣམ་རང་ཉིད་ཀྱིས་རང་ཉིད་མྱོང་བ་མི་འཐད་དེ།
དེ་ལ་རྟོག་པས་ཇི་ཙམ་ཡིད་གཏད་ཀྱང་རིག་བྱ་དང་རིག་བྱེད་ཀྱི་སྤྱི་སོ་སོར་འཆར་རྒྱུ་མེད་པས་བྱ་བྱེད་གཅིག་ཏུ་འགྱུར་བའི་ཕྱིར་ཞེས་པའི་ཕྱོགས་ནས་
གནོད་པ་བསྟན་པ་ཐམས་ཅད་རང་ལ་ཇི་ལྟ་བར་མཚུངས་པར་འགྱུར་བའི་ཕྱིར་དང༌།
དེས་དེ་རྟོགས་ན་དངོས་རྟོགས་ཤུགས་རྟོགས་གང་རུང་གཅིག་ཏུ་འདོད་དགོས་པ་ལ་དེ་གཉིས་གང་ཡང་འདོད་དུ་མི་རུང་བའི་ཕྱིར་རོ།
Answer: Do not hold it to be as such because

  1. In that case, it is necessary to assert the eye-consciousness apprehending blue and the eye-consciousness apprehending blue as known and knower. As such, all the refutations indicated when refuting the Proponents of things that assert self-knowers - saying that it is unfeasible that in the nature of consciousness is the apprehender-aspect that is free from dualistic appearances such that it experiences itself, and that not matter how much one thinks about that the generalities of known and knower would not appear as distinct and therefore agent and object would be one - would also equally apply to you; and
  2. If that realises that, then it is necessary to assert it as either an explicit realisation or an implicit realisation, but it is not suitable to assert it as either of those two.

ཤེས་པ་དེ་ལ་ཡུལ་གྱི་རྣམ་པ་ཤར་བའི་ཤུགས་ཀྱིས་ཤེས་པ་དེ་དང་དེ་གྲུབ་ཅེས་ཁས་བླངས་ན་སྐྱོན་ཅི་ཡོད་སྙམ་ན།
Someone says: What would be the fault in asserting that a consciousness is established implicitly to the dawning of the aspect of the object to that consciousness?

འོ་ན་ཇི་ལྟ་བ་མཁྱེན་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དེས་ཆོས་ཉིད་དངོས་སུ་རྟོགས་པའི་ཤུགས་ཀྱིས་ཡུལ་ཅན་ཡེ་ཤེས་རང་ཉིད་ཀྱང་རྟོགས་པར་ཐལ་ལོ།
Answer: In that case, it follows that the exalted wisdom of meditative equipoise of the Mahayana path of seeing knowing the modes explicitly realises dharmata and implicit to that also realises itself, i.e. the exalted wisdom that is the object-possessor.

དེ་ལ་མི་འདོད་པ་ལ་འདས་པ་ཅི་ཞིག་ཡོད་སྙམ་ན།
Someone says: Why would it pass into something we do not assert?

ཡེ་ཤེས་དེ་གང་ལ་རིག་ཤེས་ཚད་མར་སོང་བའི་གཞལ་བྱ་ཆོས་ཉིད་དེ་དགག་བྱ་བདེན་གྲུབ་བཅད་ཙམ་གྱི་མེད་དགག་ཁོ་ན་མ་ཡིན་པར་མ་ཡིན་དགག་ཏུ་ཐལ།
བདེན་གྲུབ་བཅད་ཙམ་དེ་དངོས་ཡུལ་དུ་བྱས་པའི་ཤུགས་ཀྱིས་བསྒྲུབ་ཆོས་ཡེ་ཤེས་དེ་བློ་ཡུལ་དུ་འཕངས་འདུག་པའི་ཕྱིར་རོ།
Answer: It follows that the cognised-object (i.e. dharmata) wrt which that exalted wisdom has become a valid reasoning consciousness is not just a non-implicative negation that is the mere negation of its object of negation (i.e. true establishment) but would be an implicative negation because implicit to taking the mere negation of true establishment as its explicit object, it conveys a positive phenomenon (i.e. the exalted wisdom) as an object of awareness.

བདེན་པར་མེད་ཅེས་བརྗོད་པའི་སྒྲས་ཀྱང་བདེན་མེད་རྟོགས་པའི་བློ་ཤུགས་ལ་བརྗོད་བྱར་འཕེན་བར་ཐལ་ལོ།
It follows that also the terms expressing "lack of true existence" would implicitly convey the awareness realising the lack of true existence as an expressed-object.

དེའི་ཕྱིར་རྩ་ཤེའི་རྣམ་བཤད་ཆེན་མོར། འོན་ཏེ་རང་བཞིན་མེད་པ་ཡོད་པར་ནི་ཤུགས་ཀྱིས་རྟོགས་ལ་དེ་ཡང་རིག་ཤེས་ཀྱིས་གྲུབ་པར་བྱ་དགོས་སོ་སྙམ་ན། དེ་ལྟ་ན་མྱུ་གུ་རང་བཞིན་མེད་དོ་ཞེས་པའི་སྒྲས་ཀྱང་རང་བཞིན་མེད་པ་ཡོད་པ་དེ་ཤུགས་ལ་བསྟན་དགོས་ཏེ་སྒྲ་དེའི་རྗེས་སུ་འབྲང་བའི་བློས་དེ་ཡོད་པར་ཤུགས་ལ་རྟོགས་པའི་ཕྱིར་རོ།
དེའི་ཕྱིར་དགག་བྱ་བཅད་ཙམ་མིན་པའི་ཆོས་གཞན་ཤུགས་ལ་འཕངས་པའང་མ་ཡིན་དགག་ཡིན་པས་མེད་དགག་ཡིན་པ་ཉམས་སོ། ཞེས་གསུངས་པ་དྲན་པར་བྱོས་ཤིག
Therefore, think about the statements in the Ocean of Reasoning saying:

རང་བཞིན་མེད་པར་རྟོགས་པའི་རིག་ཤེས་དེས་རང་བཞིན་མེད་པར་དངོས་སུ་རྟོགས་པའི་ཤུགས་ཀྱིས་ཡུལ་ཅན་གྱི་ཡེ་ཤེས་དེ་ཡོད་པའང་འགྲུབ་ན་
རང་བཞིན་མེད་པ་ཡོད་པ་ཤུགས་ལ་རྟོགས་པ་ལྟ་ཅི་སྨོས།
If the reasoning consciousness realising the lack of inherent existence explicitly realises the lack of inherent existence and thereby would also implicitly establish the existence of that exalted wisdom that is the object-possessor, then what need is there to mention that it would implicitly realise the existence of the lack of inherent existence?

ཡུལ་དངོས་སུ་རྟོགས་པས་ཡུལ་ཅན་ཡོད་པ་ཤུགས་ལ་འགྲུབ་ན་ཡུལ་ཁོ་རང་ཡོད་པ་ཤུགས་ལ་མི་འགྲུབ་པ་འགལ་བ་ཡིན་ནོ།
If explicitly realising an object implicitly establishes the existence of the object-possessor, then it would be contradictory that it does not implicitly establish the existence of the object itself.

དེ་འདོད་ན་རང་བཞིན་མེད་པ་ཡོད་པ་ཐ་སྙད་པའི་ཚད་མས་འགྲུབ་ཀྱི་རིག་ཤེས་ཀྱིས་མི་འགྲུབ་པར་རྗེ་ཉིད་ཀྱིས་ཡང་ཡང་གསུངས་བ་ལྟར་ངེས་པར་ཁས་ལེན་དགོས་པས་
དབུ་མ་པའི་རང་ལུགས་ཀྱི་རྣམ་གཞག་གཞི་ནས་ཉམས་པར་འགྱུར་རོ།
If that is asserted, then since it is necessary to assert (in accordance with Je Rinpoche's repeated statements) that the existence of the lack of inherent existence would be established by conventional valid cognition and would not be established by a reasoning consciousness, one will have degenerated from the basic presentation of the Madhyamaka system.


ཁོ་བོ་ནི་འདི་ལྟར་སྨྲ་སྟེ། སྔོ་འཛིན་མིག་ཤེས་ཀྱིས་སྔོ་འཛིན་མིག་ཤེས་ཡོད་པར་གྲུབ། ཇི་ལྟར་གྲུབ་ན་སྔོན་པོ་གཞལ་བའི་སྟོབས་ཀྱིས་གྲུབ་ཅེས་མི་སྨྲའི།
We say as follows. The eye-consciousness apprehending blue establishes the existence of the eye-consciousness apprehending blue. How? It is not established through the force of cognising blue.

སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་བའི་སྟོབས་ཀྱིས་ཚད་མ་གཞན་བརྒྱུད་མི་དགོས་པར་
སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཟུང་བ་དྲན་པའི་ཤེས་པ་དངོས་སུ་འདྲེན་ལ།
Rather, through the force of the eye-consciousness apprehending blue cognising blue no other valid cognitions are required and the eye-consciousness apprehending blue directly induces a memory-consciousness remembering the apprehension of blue.

སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཟུང་བ་དྲན་པའི་ཤེས་པ་དེ་ཉིད་ཀྱིས་སྔོན་པོ་མེད་པ་དང་སྔོ་འཛིན་མིག་ཤེས་མེད་པ་གཉིས་ཀའི་སྒྲོ་འདོགས་བཅད་ནས་
བློ་ཁ་ཕྱོགས་པ་ཙམ་གྱིས་དེ་དག་ཡོད་པའི་ངེས་པ་འདྲེན་ནུས་པའི་ཚད་མ་ཡིན་པས་དྲན་ཤེས་དེ་ཉིད་མིག་ཤེས་ཡོད་པ་ལ་ཚད་མ་ཡིན་ཞིང༌།
This very memory-consciousness remembering the apprehension of blue by the eye-consciousness apprehending blue, having eliminated superimpositions both wrt the non-existence of blue and the non-existence of the eye-consciousness apprehending blue, is a valid cognition that is able to induce ascertainment of the existence of those merely through turning the mind to those; therefore, that very memory-consciousness is a valid cognition wrt the existence of the eye-consciousness.

རྗེས་ཀྱི་དྲན་ཤེས་ཀྱིས་སྔོན་པོ་དྲན་པ་ན་སྔོ་འཛིན་བློ་ཡུལ་དུ་སྤངས་ནས་དྲན་པ་མ་ཡིན་གྱི་ངས་སྔོན་པོ་མཐོང་ངོ་སྙམ་དུ་སྔོ་འཛིན་གྱིས་ཁྱད་པར་དུ་བྱས་ནས་
དྲན་པ་ཡིན་པས་དྲན་པ་དེ་ཉིད་ཀྱིས་སྔོན་པོ་དང་སྔོ་འཛིན་གཉིས་ཀ་དྲན་པ་ཡིན་ལ།
When the later memory-consciousness remembers blue, it does not remember that separately from the apprehension of blue as its object of awareness. Thinking "I saw blue", it is a memory qualified by the apprehension of blue and therefore that very memory it is a memory of both the blue and the apprehension of blue.

དེས་ན་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་བ་ལ་ལྟོས་ནས་སྔོ་འཛིན་མིག་ཤེས་གྲུབ་པ་ཡིན་ཀྱང་སྔོ་འཛིན་མིག་ཤེས་ཀྱིས་གྲུབ་པ་མིན་ནོ།
Therefore, although the eye-consciousness apprehending blue establishes the eye-consciousness apprehending blue in relation to cognising blue, it is not established by the eye-consciousness apprehending blue.

དེ་གཞིན་དུ་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་ཡང་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཟུང་བ་དེ་ཉིད་འཇལ་བ་ལ་སྔོ་འཛིན་མིག་ཤེས་ཚད་མ་མ་ཡིན་གྱི་
སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཟུང་བ་དྲན་པའི་ཤེས་པ་དེ་ཉིད་དེ་ལ་ཚད་མ་མ་ཡིན་ནོ།
Similarly, although the eye-consciousness apprehending blue cognises blue, the eye-consciousness apprehending blue is not a valid cognition wrt cognising that very apprehension of blue by the eye-consciousness apprehending blue; the consciousness remembering the apprehension of blue by the eye-consciousness apprehending blue itself is a valid cognition wrt that.

འཕགས་པ་སློབ་པའི་ཇི་ལྟ་བ་མཁྱེན་པའི་མཉམ་གཞག་ཡེ་ཤེས་ཀྱིས་བདེན་པར་གྲུབ་པ་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་ཉིད་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་གཞལ་གྱི། བདེན་མེད་ཡོད་པ་དང་ཡེ་ཤེས་རང་ཉིད་ཡོད་པ་གཉིས་གང་ཡང་གཞལ་བ་མ་ཡིན་ལ།
The learner arya's exalted wisdom of meditative equipoise knowing the modes cognises just the non-implicative negation that is the mere negation of true establishment by way of water being poured into water; it does not cognise either the existence of the lack of inherent existence nor the existence of the exalted wisdom itself.

འོན་ཀྱང་ཡེ་ཤེས་དེས་ཆོས་ཉིད་རྟོགས་པ་དྲན་པའི་རྗེས་ཀྱི་དྲན་ཤེས་ཀྱིས་ཡེ་ཤེས་དེས་ཆོས་ཉིད་གཞལ་བ་གྲུབ་པས་ཡེ་ཤེས་དེ་ཡང་གྲུབ་པ་ཡིན་ལ། དེའི་ཕྱིར་
རིག་ཤེས་དེ་ལ་ལྟོས་ནས་རིག་ཤེས་དེ་ཡོད་པ་དང་ཆོས་ཉིད་ཡོད་པ་གཉིས་ཀ་གྲུབ་པ་ཡིན་ཀྱང་རིག་ཤེས་དེ་ཡོད་པ་དང་ཆོས་ཉིད་ཡོད་པ་རིག་ཤེས་ཀྱིས་གྲུབ་པ་མིན་ནོ།
However, the later memory-consciousness remembering the realisation of dharmata by that exalted wisdom establishes the cognising of dharmata by that exalted wisdom and therefore also establishes that exalted wisdom. Therefore, although both the existence of that reasoning consciousness and the existence of dharmata are established in relation to that reasoning consciousness, the existence of that reasoning consciousness and the existence of dharmata are not established by that reasoning consciousness.

དེའི་ཕྱིར་རྩ་ཤེའི་རྣམ་བཤད་ཆེན་མོར། དེ་ལྟ་ནའང་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མི་ལྟོས་པར་རིག་ཤེས་ཀྱི་སྟོབས་ལ་བརྟེན་ནས་རང་བཞིན་མེད་པ་མེད་པར་འཛིན་པའི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་སྐྱེད་ནུས་ཤིང་དེ་ཉིད་ཀྱིས་དེ་གཅོད་པས་རིག་ཤེས་ལ་བརྟེན་ནས་སྒྲོ་འདོགས་གཅོད་མོད་ཀྱང་རིག་ཤེས་ཀྱིས་སྒྲོ་འདོགས་དེ་བཅད་པ་མིན་ནོ། །ཞེས་གསུངས།
Due to that, the Ocean of Reasoning says: Although it is as such, without relying upon other intermediary valid cognitions, in dependence upon the force of the reasoning consciousness an awareness can be generated with a mode of apprehension that is directly contradictory to the superimpositions holding to the non-existence of the lack of inherent existence. Just that eliminates those and therefore in dependence upon the reasoning consciousness, the superimpositions are eliminated but the superimpositions are not eliminated by the reasoning consciousness.


Up a level: Debate about consciousnesses realising themselves