Khedrup Tendarwa Eight plus Twelve Difficult Points
There are eight root assertions (on the basis of non-inherent establishment):
རྩ་བའི་དམ་བཅའ་ལ་བརྒྱད་ཡོད་དེ། རང་བཞིན་གྱིས་མ་གྲུབ་པ་གཞིར་བྱས་པའི་སྒོ་ནས།
- Four positive assertions: སྒྲུབ་པའི་དམ་བཅའ་བཞི།
- Aryas directly realise emptiness འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་དང༌།
- The apprehension of true existence is an afflictive obscuration བདེན་འཛིན་ཉོན་སྒྲིབ་དང༌།
- External objects exist ཕྱི་དོན་ཡོད་པ་དང༌།
- Disintegratedness is a functioning thing ཞིག་པ་དངོས་པོར་ཡོད་པ།
- Four negative assertions: དགག་པའི་དམ་བཅའ་བཞི།
- Non-existence of an Alaya ཀུན་གཞི་མེད་པ་དང༌།
- Non-existence of self-knowers རང་རིག་མེད་པ་དང༌།
- Non-existence of autonomous reasons རང་རྒྱུད་ཀྱི་གཏན་ཚིགས་མེད་པ་དང༌།
- Non-assertion of production from other གཞན་སྐྱེ་མི་འདོད་པ།
དེ་དག་ཁས་མི་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་ལ་ཐུག
Not asserting those is due to asserting establishment by way of own-character because:
- In dependence upon asserting that phenomena and persons are established by way of own-character, the two conceptions apprehending those two as established by way of own-character are not asserted as the apprehensions of a self of phenomena and persons, respectively; in dependence upon that, it is asserted that directly realising the subtle selflessness of persons, is not pervaded by directly realising emptiness and that aryas are not pervaded by directly realising emptiness.
ཆོས་དང་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ལ་བརྟེན་ནས། དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་གཉིས་པོ་དེ།
རིམ་པ་བཞིན་དུ་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་དུ་ཁས་མ་བླངས་ཤིང༌། དེ་ལ་བརྟེན་ནས་གང་ཟག་གི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་ན།
སྟོང་ཉིད་མངོན་སུམ་དུ་རྟོགས་པས་མ་ཁྱབ་པ་དང༌། འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་གིས་མ་ཁྱབ་པར་ཁས་བླངས་པའི་ཕྱིར། - Phenomena and persons are asserted as established from their own side; in dependence upon that, the apprehensions of true existence apprehending those as truly existent are asserted as not necessarily required to be abandoned in order to attain liberation. ཆོས་དང་གང་ཟག་རང་ངོས་ནས་གྲུབ་པ་ཁས་བླངས།
དེ་ལ་བརྟེན་ནས་དེ་དག་བདེན་པར་འཛིན་པའི་བདེན་འཛིན་དེ། ཐར་པ་འཐོབ་པ་ལ་ངེས་པར་སྤོང་མི་དགོས་པར་ཁས་ལེན་པའི་ཕྱིར། - When seeking the designated-object due to not being satisfied with merely saying "Inner consciousness perceives external blue", it is asserted that that blue is produced in the substance of the consciousness apprehending blue. ནང་གི་ཤེས་པས་ཕྱི་རོལ་གྱི་སྔོན་པོ་མཐོང་ཞེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ་ན་སྔོན་པོ་དེ་
སྔོན་འཛིན་ཤེས་པའི་རྫས་སུ་སྐྱེ་བར་ཁས་ལེན་པའི་ཕྱིར། - When seeking the designated-object due to not being satisfied with merely saying "The sprout disintegrates in the moment after its establishment", the factor of that not remaining in the moment after its establishment is asserted as the illustration of the disintegratedness of that.
མྱུ་གུ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་ཅེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ།
དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པའི་ཆ་དེའི་ཞིག་པའི་མཚན་གཞིར་ཁས་བླངས་པའི་ཕྱིར། - When seeking the designated-object due to not being satisfied with merely saying "Since I have done such an action, I experience this result", it is asserted that the fruitional results of virtue and non-virtue are necessarily experienced in dependence upon the ripening of imprints deposited upon a consciousness that is separate from the six types of consciousness. བདག་གིས་ལས་འདི་ལྟ་བུ་བྱས་པས་འབྲས་བུ་འདི་མྱོང་ངོ་ཞེས་པ་ཙམ་གྱིས་
མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ་ན། རྣམ་ཤེས་ཚོགས་དྲུག་ལས་དོན་གཞན་པའི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་པ་རྣམས་སྨིན་པ་ལ་བརྟེན་ནས།
དགེ་མི་དགེའི་རྣམ་སྨིན་གྱི་འབྲས་བུ་མྱོང་དགོས་པར་ཁས་བླངས་པའི་ཕྱིར། - When seeking the designated-object due to not being satisfied with merely saying "The sense direct perception apprehending blue is established through the force of cognising blue", it is asserted to be established by a separate apprehender-aspect that is only inwardly directed and free from all dualistic appearances. སྔོན་པོ་གཞལ་སྟོབས་ཀྱིས་སྔོན་འཛིན་དབང་པོའ་ིམངོན་སུམ་གྲུབ་ཅེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ་ན།
ཁ་ནང་ཁོ་ན་ལ་ཕྱོགས་ཤིང༌། གཉིས་སྣང་ཐམས་ཅད་དང་བྲལ་བའི་འཛིན་རྣམ་ཡན་གར་བ་ཞིག་གིས་གྲུབ་པར་ཁས་ལེན་པའི་ཕྱིར། - It is asserted that the subject sought to be known is established by the valid cognition of both debaters and that it is not possible to generate an inference in dependence upon a reason stated specifically for the assertions that are asserted by the opponent to be established by the valid cognition; rather, an inference is necessarily generated in dependence upon a sign with a commonly appearing mode of establishment by the valid cognition of both debaters. རྒོལ་བ་སྔ་ཕྱི་གཉིས་ཀས་ཤེས་འདོད་ཆོས་ཅན་ཚད་མས་གྲུབ་ཅིང༌།
ཁྱད་པར་ཕྱི་རྒོལ་གྱིས་ཚད་མས་གྲུབ་པར་ཁས་བླངས་པའི་ཁས་བླངས་ལ་དཀྲིས་ཏེ་བཀོད་པའི་གཏན་ཚིགས་ལ་བརྟེན་ནས་རྗེས་དཔག་བསྐྱེད་མི་ནུས་པར།
དེ་གཉིས་ཀྱིས་ཚད་མས་གྲུབ་ཚུལ་མཐུན་སྣང་བའི་གཏན་ཚིགས་ལ་བརྟེན་ནས་རྗེས་དཔག་བསྐྱེད་དགོས་པར་ཁས་བླངས་པའི་ཕྱིར། - When seeking the designated-object due to not being satisfied by saying "A sprout is produced from a seed", it is asserted that it is produced from a seed that is established by way of its own-character different entity to it. མྱུ་གུ་ས་བོན་ལས་སྐྱེ་ཞེས་པ་ཙམ་གྱིས་མ་ཚིམ་པར་བརྟགས་དོན་བཙལ་བའི་ཚེ་ན།
རང་ལས་ངོ་བོ་ཐ་དད་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ས་བོན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར།
There are many branch assertions: འཕྲོས་པ་ཡན་ལག་ལྟ་བུ་ལ་དུ་མ་ཡོད་དེ།
- Existence of yogic direct perception in the continua of ordinary beings
ཚུར་མཐོང་གི་རྒྱུད་ལ་རྣལ་འབྱོར་མངོན་སུམ་ཡོད་པ་དང༌། - That from among the two types of Nirvana, Nirvana without remainder is actualised first
མྱང་འདས་གཉིས་ཀྱི་ནང་ནས་དང་པོར་ལྷག་མེད་མྱང་འདས་མངོན་དུ་བྱེད་པ་དང༌། - True cessation being pervaded by ultimate truth འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པ་དང༌།
- Asserting a special exalted wisdom of meditative equipoise directly realising emptiness as a unique absorption of cessation སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཁྱད་པར་བ་ཞིག་ཐུན་མོང་མ་ཡིན་པའི་འགོག་སྙོམས་སུ་འདོད་པ་དང༌།
- Not asserting real conventionalities ཡང་དག་ཀུན་རྫོབ་མི་བཞེད་པ་དང༌།
- Unique way in which the two obscurations are abandoned over the paths
སྒྲིབ་གཉིས་ལམ་གང་གི་གནས་སྐབས་སུ་སྤོང་ཚུལ་ཐུན་མོང་མ་ཡིན་པ་དང༌། - A learner's exalted wisdom of meditative equipoise directly realising emptiness being pervaded by being a Knower of Bases སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་གཞག་ཡེ་ཤེས་ལ་གཞི་ཤེས་ཀྱིས་ཁྱབ་པ་དང༌།
- A consciousness possessing dualistic appearances in learners' continua being pervaded by being contaminated སློབ་པའི་རྒྱུད་ཀྱི་གཉིས་སྣང་ཅན་གྱི་ཤེས་པ་ལ་ཟག་བཅས་ཀྱིས་ཁྱབ་པ་དང༌།
- If it is that [i.e. 8], then it is necessarily a valid cognition wrt its appearance
དེ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་དགོས་པ་དང༌། - Existence of valid cognition that is mistaken wrt its cognised-object
རང་གི་གཞལ་བྱ་ལ་འཁྲུལ་པའི་ཚད་མ་ཡོད་པ་དང༌། - If it is an established base, then it is necessarily both an obscure and manifest phenomenon
གཞི་གྲུབ་ན་ལྐོག་གྱུར་དང་མངོན་གྱུར་གཉིས་ཀ་ཡིན་དགོས་པ་དང༌། - Subsequent cognition is pervaded by being valid cognition བཅད་ཤེས་ལ་ཚད་མས་ཁྱབ་པ་སོགས་དུ་མ་ཡོད་པའི་ཕྱིར།
Up a level: Eight difficult points of Prasangika